Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞབས་བརྟན་གསོལ་འདེབས་ཉི་མའི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞབས་བརྟན་གསོལ་འདེབས་ཉི་མའི་སྙིང་པོ།next

ཞབས་བརྟན་གསོལ་འདེབས་ཉི་མའི་སྙིང་པོ།


JSD004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྟན་གསོལ་འདེབས་ཉི་མའི་སྙིང་པོ་བཞུགས་སོ།། ཨོཾ་སྭ་སྟི། དབྱིངས་ཕྱུག་བདེ་ཆེན་རྒྱལ་མོའི་སྒྱུ་འཕྲུལ་ཆེ། །རིག་འཛིན་སྡེ་སྣོད་འབྱུང་གནས་རྡོ་རྗེའི་བཙུན། །དཔལ་ལྡན་བླ་མའི་དགྱེས་པ་སྐོང་མཛད་ཡུམ། །དྷཱུ་ཀིའི་དབང་མོའི་ཞབས་ལ་གསོལ་བ་འདེབས། །ཇི་སྲིད་ཕུང་ཁམས་ལྷ་ཡི་འཁོར་ལོ་རུ། །འཆར་བ་དེ་སྲིད་མྱ་ངན་མི་འདའ་བར། །བདག་ཅག་བུ་འབངས་རྣམས་ལ་བརྩེར་དགོངས་ནས། །མ་ཁྱེད་ཞབས་པད་རྟག་ཏུ་བཞུགས་སུ་གསོལ། །སྲིད་པ་ཉམ་ངའི་གཡང་སར་ལྷུང་རྣམས་ལ། །བྱམས་བརྩེའི་ཞགས་པས་འཆིང་བ་མི་ལྷོད་པར། །བདེ་ནས་བདེ་བར་འཁྲིད་པའི་ས་མཁན་དང་། །ཡེ་ཤེས་རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་སྩོལ། །མགོན་པོ་དཔའ་བོ་ཛྙཱ་ན་བཛྲ་གྱི། །སྙན་བརྒྱུད་མན་ངག་སྨིན་གྲོལ་བདུད་རྩིའི་


JSD004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད། །ལས་ཅན་སྙིང་གི་གདུང་བ་བསལ་སླད་དུ། །འཛམ་གླིང་ཤར་ནུབ་ཁྱབ་པར་སྤེལ་མཛད་གསོལ། །བླ་མ་མཆོག་གསུམ་རྩ་བ་གསུམ་གྱི་མཐུས། །བདག་ཅག་སྨོན་པའི་རེ་འབྲས་མཆིས་པ་དང་། །སྟོན་འཁོར་དབྱེར་མེད་ཚོམ་བུ་གཅིག་ཉིད་དུ། །འབྲལ་མེད་བདེ་ཆེན་ཐིག་ལེར་རོ་གཅིག་ཤོག །ཅེས་པའང་འཛམ་གླིང་ནུབ་ཕྱོགས་ཧྥ་རན་སིའི་ཡུལ་གྱི་རྗེ་གཏེར་ཆེན་བླ་མ་ཡབ་ཡུམ་གྱི་ཆོས་ཚོགས་རྡོ་རྗེ་སྙིང་པོ་དང་། ཨོ་རྒྱན་བསམ་ཡས་ཆོས་གླིང་གི་རྡོ་རྗེའི་སློབ་མ་སྤྱི་མགྲིན་ནས་སྲིད་དུ་རིང་བའི་ལྷ་རྫས་ཉིན་མོ་བདེ་ལེགས་ཀྱི་སྐྱེས་བཅས་གསོལ་བ་བཏབ་པའི་གཡར་ཁྲལ་དུ་རྒྱལ་ཁམས་པ་ཁྲོ་རྒྱལ་རྡོ་རྗེས་རབ་ཚེས་ས་མོ་སྦྲུལ་གྱི་ལོ་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཟང་པོར་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།


previousཞབས་བརྟན་གསོལ་འདེབས་ཉི་མའི་སྙིང་པོ།next