Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།

33 occurrences of བརྒྱུད་གསུམ་
[Clear Hits]


 
  
 
15   
 
 
 
  
  
  
  
  
  
  
  
 
  
  
  
 
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
གཅོད་ཀྱི་ཆད་ཐོ་བཏང་བ།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  


33 occurrences of བརྒྱུད་གསུམ་
[Clear Hits]

 
previousགཅོད་ཀྱི་ཆད་ཐོ་བཏང་བ།next

གཅོད་ཀྱི་ཆད་ཐོ་བཏང་བ།

༅། །གཅོད་ཀྱི་ཆད་ཐོ་བཏང་བ་ནི། གཏོར་མ་ལ་སྨན་རཀ་སྦྲན་ཏེ། བྷྱོ། སྔོན་ཚེ་བསྐལ་པ་དང་པོ་འདས་དུས་སུ། །གཞི་མེད་རྩ་བ་བྲལ་བའི་གནས་མཆོག་ཏུ། །ངོ་བོ་ངོས་བཟུང་བྲལ་བའི་སློབ་དཔོན་གྱིས། །གཟུང་ཡུལ་རིག་དང་བྲལ་བའི་སློབ་མ་ལ། །རྣམ་རྟོག་མཚན་མ་བྲལ་བའི་དབང་བསྐུར་ཚེ། །སྔར་མ་འདས་པའི་རྟོགས་པ་ཀུན་འདུས་ནས། །ཆོས་སྐུ་ཡེ་སངས་རྒྱས་པར་མ་ཆད་དམ། །ཚོགས་དྲུག་འགྱུ་བའི་གཏོར་མ་འདི་བཞེས་ལ། །ཆོས་སྐུ་ཟང་ཐལ་གྲུབ་པའི་ཕྲིན་ལས་མཛོད། །ད་ལྟ་བར་གྱི་རྟོག་པ་བར་མ་ལ། །སྣང་བ་མ་འགགས་གསལ་བའི་གནས་མཆོག་ཏུ། །ཅི་ཤར་ཞིང་ཁམས་རྒྱས་པའི་སློབ་དཔོན་གྱིས། །བློ་རྟོག་སྤྲོས་པ་ཆོད་པའི་སློབ་མ་ལ། །རིག་པ་མངོན་སུམ་བསྟན་པའི་དབང་བསྐུར་ཚེ། །དེ་ལ་གནས་པའི་དྲན་རྟོག་ཀུན་འདུས་ནས། །ལོངས་སྐུ་ཉམས་སྣང་འཕེལ་བའི་ཕྲིན་ལས་མཛོད། །གདོད་ནས་མ་འོང་རྟོག་པའིཐ་མ་ལ། །ཅི་ཤར་རྗེས་མེད་ཡལ་བའི་གནས་མཆོག་ཏུ། །འཁོར་འདས་ཐིག་ལེ་རྫོགས་པའི་སློབ་དཔོན་གྱིས། །བཟང་ངན་བློ་དང་བྲལ་བའི་སློབ་མ་ལ། །རྫོགས་རིམ་མིང་དང་བྲལ་བའི་དབང་བསྐུར་ཚེ། །མ་འོང་སླད་ཀྱི་དྲན་པ་ཀུན་འདུས་ནས། །འབྲས་བུ་སྐུ་གསུམ་ཐོབ་པར་མ་ཆད་དམ། །ཀ་དག་དམིགས་གཏད་བྲལ་བའི་གཏོར་མ་བཞེས། །འབྲས་བུ་ཆོས་ཟད་བློ་འདས་གྲུབ་པར་མཛོད། །ཕཊ་ཕཊ་ཕཊཿ ཅེས་གཏོར་སྐྱེམས་གཙང་སར་མཆོད། འདིའི་བྱུང་ཁུང་མིང་གསལ་ཡང་ཆོ་ག་སྤྱིའི་འགྲིགས་ལྟར་ཉེ་བར་མཁོ་བའི་ཕྱིར་མཁན་ས་མནྟའི་གཅོད་པོད་ནང་གི་ཕྱག་བྲིས་ཇི་ལྟ་བ་ཞལ་བཤུས་པ་དགེ་ལེགས་འཕེལ།། །།


previousགཅོད་ཀྱི་ཆད་ཐོ་བཏང་བ།next