Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན།
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousསྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན།next

སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན།


JSD004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སངས་རྒྱས་པདྨའི་ཐུགས་རྗེ་འདབ་སྟོང་རྩེར། །ངོ་མཚར་སྤྲུལ་པའི་གེ་སར་བཞད་པ་ལས། །འགྲོ་འདུལ་རྒྱལ་བའི་ཞལ་སྐྱིན་ཟླ་བྲལ་སྐུ། །སྐལ་བཟང་གདུལ་བྱའི་བསོད་ནམས་དཔལ་དུ་ཤར། །རིག་འཛིན་མྱུ་གུའི་གསང་གསུམ་ཡིད་བཞིན་དབང་། །རྩོལ་མེད་ཕྲིན་ལས་འདོད་རྒུ་རབ་འཇོ་བས། །ས་གསུམ་སྐྱེ་འགྲོའི་རེ་བ་སྐོང་བཞིན་དུ། །ཡོངས་གྲུབ་རྟག་པའི་ངོ་བོར་ཞབས་བརྟན་གསོལ། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་དང་། །དམ་ཅན་སྡེ་ལྔ་ལྕམ་དྲལ་མཐུ་རྩལ་གྱིས། །བདག་ཅག་སྨོན་པའི་འབྲས་བུ་རབ་སྨིན་ནས། །རླབས་ཆེན་བསྟན་འགྲོའི དགེ་མཚན་འབར་གྱུར་ཅིག །ཅེས་པའང་མདོ་ཁམས་སྒ་ཞེའུ་མདོ་དགོན་མཆོག་སྤྲུལ་འཇིགས་མེད་ཆོས་ཀྱི་ཉི་མའི་རིགས་སྲས་དེ་ཉིད་གཏེར་ཆེན་བདུད་འཇོམས་སྐུ་ཕྲེང་གཉིས་པ་སྐྱབས་རྗེ་


JSD004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་ཡིན་ཚུལ་གསར་རྙིང་རིས་མེད་ཀྱི་ཡོངས་གྲགས་སྐྱེས་ཆེན་མང་པོས་བཀའ་ལུང་ཕྱག་རྟགས་གནང་བ་རྣམས་དགོངས་པ་གཅིག་མཐུན་བྱུང་འདུག་པའི་དོན་ལ་ངེས་པ་བརྟན་པོ་རྙེད་པ་དང་མདོ་ཁམས་ནས་སྤྲུལ་པའི་བསྐྱེད་ཡུམ་པདྨ་མཁའ་འགྲོ་ཉིད་ནས་ཀྱང་སྲིད་དུ་རིང་བའི་ལྷ་རེག་ཉིན་མོ་བདེ་ལེགས་དང་རིགས་ཀྱི་མྱུ་གུའི་སྐུ་བརྙན་བཅས་འཕྲིན་ལས་ནས་བསྐུལ་མ་བྱུང་བའི་རྒྱུ་རྐྱེན་ལ་བརྟེན་ནས་རྗེ་གོང་མའི་གཏེར་སློབ་ཐ་ཤལ་སྤོང་བ་པ་སངས་རྒྱས་རྡོ་རྗེས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ཟླ་༩ ཚེས་༡༡བཟང་པོར་སྦྱར་བ་དགེ། །།


previousསྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན།next