Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
བསྟན་འཛིན་ཚེ་རིང་ནས་བསྐུལ་ངོར།
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousབསྟན་འཛིན་ཚེ་རིང་ནས་བསྐུལ་ངོར།next

བསྟན་འཛིན་ཚེ་རིང་ནས་བསྐུལ་ངོར།


JSD004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བླ་མ་བསྟེན་ནས་གདམས་ངག་གསན། །བར་དུ་ཡེངས་མེད་སྒྲུབ་པའི་རྒྱལ་མཚན་བཙུགས། །ཐ་མ་རྒྱལ་ཁམས་ཡོངས་ལ་འགྲོ་དོན་མཛད། །འཆི་མེད་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། ༈ །ཨོཾ་སྭ་སྟི། འོད་མཚན་སྟོང་འབར་རྒྱལ་བའི་བྱིན་མཐུ་དང་། །ཚེ་དཔག་མེད་མགོན་པད་འབྱུང་ཏཱ་རེ་སོགས། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་བདེན་པ་ཡིས། །འགྲོ་འདུལ་འཆི་མེད་རྡོ་རྗེའི་ཞབས་པད་བརྟན། །ཁ་བ་ཅན་གྱི་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བར་མཛད་པ་ལ། །བར་ཆད་བགེགས་ཀྱི་ནམ་ཡང་མི་ཚུགས་ཤིང་། །འཁོར་བ་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག །བདག་སོགས་འབྲེལ་བས་བསྡུས་པའི་སེམས་ཅན་ཀུན། །བདེ་བ་ཅན་དང་རི་བོ་པོ་ཊ་ལར། །ཚོམ་བུ་གཅིག་ཏུ་བརྫུས་ཏེ་


JSD004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས་ཀྱང་། །སྤྲུལ་པས་མཁའ་ཁྱབ་འགྲོ་བ་འདྲེན་པར་ཤོག །ཅེས་པའང་བཟོ་རིག་ཏུ་མཆོག་དང་བཏོང་གིས་འབྱོར་ལྡན་བསྟན་འཛིན་ཚེ་རིང་ནས་གསུང་བསྐུལ་ངོར། རྒྱལ་ཁམས་བན་འཁྱམས་སངས་རྒྱས་རྡོ་རྗེས་ཤར་མར་སྨོན་འདུན་དུ་བྲིས་པ་སིདྡྷི་རསྟུ། སརྦ་མངྒ་ལཾ༎ ༎


previousབསྟན་འཛིན་ཚེ་རིང་ནས་བསྐུལ་ངོར།next