Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

6 occurrences of གཏེར་སྲུང་
[Clear Hits]


 expand section
  
 expand section
 expand section
 expand section
 expand section
collapse section
  
རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག
 
expand section
 expand section
 
  
  
  
  
 expand section
 expand section
 expand section
  
  
  


6 occurrences of གཏེར་སྲུང་
[Clear Hits]

 
previousརྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིགnext

རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག


LRD005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།


LRD005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་པདྨ་འབྱང་གནས་ལ་ཕྱག་འཚལ་ལོ། །རྒྱལ་བརྔན་འདི་ལ་དོན་ལྔ་སྟེ། །མཛད་པ་བོ་གང་གིས་ན། །ཆོས་དང་ཐུམ་མོང་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་གནས་གང་དུ་མཛད་པ། བྲག་དམར་དཔལ་གྱི་གསམ་ཡས་སུ་མཛད། དགོས་ཆེད་གང་ལ་མཛད་ན། །སྔོན་བྱུང་རྒྱལ་པོའི་ཐུགས་དམ་དགོངས་བ་དཔལ་གྱི་གསམ་ཡས་བཞེངས་པ་དང་། །ཕྱི་རབས་རྣལ་འབྱོར་བ་རྣམས་ཀྱི་འདོད་དོན་སྒྲུབ་པའི་དོན་དུ་མཛད། །ཕན་ཡོན་ཇི་ལྟར་འབྱུང་ན། ལམ་འཕྲང་བགྲོད་པ་ལ་སོགས་གང་འདོད་ཐམས་ཅད་འགྲུབ། གང་དངོས་དོན་རུ་བསྟན་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ནི། རི་རྩེའམ་ཁང་ཐོག་གམ། ཆུ་འགྲམ་ལ་སོགས་ཕྱོགས་གཙང་མར། དར་མདུང་ལ་སོགས་པའི་རྟེན་བཙུགས་པའི་མདུན་དུ། རས་དཀར་རམ་གྱི་དཀར་རམ་སྣམ་དཀར་དྲི་མ་མེད་པའི་ལྷ་གདན་གྱི་སྟེང་དུ་འབྲུའི་གཡུང་དྲུང་རིས་བྲི། ཚོམ་བུ་མང་དུ་བཀོད་པའི་མཐར། ཡོན་ཆབ་བདུག་སྤོས་ལ་སོགས་མཆོད་པ་རྣམ་པ་མང་པོ་དང་། དཀོན་མཆོག་སྦྱིན་དཔལ་གཏོར། ཡུལ་ལྷ་སྤྱིའི་དཀར་གཏོར། འབྱུང་པོ་སྤྱིའི་བགེགས་གཏོར། སྐུ་གླུད་སྡེར་ཆ་


LRD005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གང་མང་རྣམས་བཤམ། དེའི་མཐར་གཟུགས་འགྲོས་རྟ། དྲེལ། མཇོ། གཡག འབྲོག ཤ་བ། ར། ལུག སྟག གཟིག དོམ། དྲེད། བྱ་ནག ཁྱི་ནག རུས་སྭལ། མི། སྦལ་བ། ལྕང་མོ། ཉ། དུང་། གསེར་བྲེ། འདུལ་བྲེ། དོང་ཅོ། གླུད་རྣམས་སྡེར་ཚ་གཙང་མང་བཤམ། དཀག་གསུམ། མངར་གསུམ། ཆང་། ཟས་ལྷ། རིན་པོ་ཆེའི་ཕྱི་མེ་མ་དང་བཅས་པ་བཤམ། དེའི་མདུན་དབུས་མར་སང་བཤོས་གཙང་མར་ཟས་སྣས་བསྐོར་བ་བཤམ། དེའི་དབུས་སུ་ཆང་ཕུད་གྲལ་ཐབས་དང་། དེའི་དཡོན་དུ་དྲི་བཟང་དང་རིན་པོ་ཆེའི་ཕྱེ་མ་བཏབ་པའི་ཆུ་སྣའི་སྣོད་བཤམ། ཀུན་གྱི་གཡས་རོལ་དུ་ཤིང་སྣའི་མེ་དང་ཕྱེ་མར་གྱིས་བཀང་བའི་སྣོད་བཤམ། ཕྱོགས་མཚམས་སུ་མདུང་དར་དང་ངར་པོ་ཆེ་འཛུགས། རྔ་དུང་ཚལ་ངལ་སོགས་པའི་རོལ་མོས་བསྐོར་བའི་ནང་། བསང་བཤོས་ལ་ཉེ་བར་གསང་གཡོག་རང་བཅས་པས་སྤྲེངས་ཏེ་འདུག་ལ། དང་པོ་སྤྱོད་པའི་ཆོ་ག་དང་། གཉིས་པ་དངོས་གཞི་ལ་སྐྱབས་འགྲོ་སེམས་བསྐྱེད་དང་། བདག་ཉིད་གུ་རུ་བསྒོམས་ནས་མཆོད་པ་དང་གཏོར་མ་བྱིན་གྱིས་བརླག གདངས་སྙན་པོས་མགྲོན་རྣམས་སྤྱན་དྲངས་ལ། རེ་རེ་བཞིན་བརྔན་པའི་མཚམས་སུ་བསང་ཕུད་


LRD005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི་རང་མ་དང་ཟས་སྣ་ཚོགས་མཆོད་འབྲུ་དང་བཅས་པ་བླུགས་ལ་བཤམ། ཕུད་འཐོར་བ་དང་མཉམ་དུ་ཆུ་སྣའི་ཕུང་སྤྲེང་ཞིང་། ཤིང་སྣའི་མེ་ལ་ཕྱེ་བར་འབྲུ་སྣ་མེ་ཏོག་སྣ་ཚོགས་རིན་པོ་ཆེའི་ཕྱེ་མ་རྨས་མེ་ལ་བསྲེག་ཅིང་། ཤིང་སྣའི་དུ་བ་བཏང་ཞིང་རོལ་མོའི་སྒྲ་བསྒྲག་པར་བྱའོ། རྗེས་སུ་གཟུགས་འགྲོ་རྣམས་གཤེགས། །བསང་རས་དང་ཤ་ཆང་ལ་སོགས་པ་འགའ་སྟོན་ལ་རོལ་ཞིང་། རྡོ་རྗེའི་གླུ་དང་། ཤིན་ཏུ་སྐྱེད་པའི་བྲོ་བརྡུང་། རྗེས་ལ་བཀྲ་ཤིས་པའི་ཚིགས་སུ་ཅད་པ་བརྗོད་དོ། རྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིག་ཅེས་བྱ་བ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ས་འབྲོག་རིན་ཆེན་དཔལ་གྱི་ཨོ་རྒྱན་དུ་སྦྱར་བའོ། དགེའོ། །


previousརྒྱལ་བརྔན་ལག་ལེན་གནད་ཀྱི་ལྡེའུ་མིགnext