ཌཱ་ཀི་སེང་ཧ་མུ་ཁའི་གཏོར་བསྔོས་སྔགས་བསྟོད་ཕྱིར་ཟློག
ཌཱ་ཀི་སེང་ཧ་མུ་ཁའི་གཏོར་བསྔོས་སྔགས་བསྟོད་ཕྱིར་ཟློག་བཅས་བཞུགས་སོ།།
ཡང་རྒྱུན་ཁྱེར་གྱི་གཏོར་བསྔོས་ནི། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས་ནས། །ཨོཾ་གྱིས་མ་དག་སྟོང་པར་སྦྱངས། །ཨཱཡིས་ཐོད་སྣོད་ཡངས་པའི་ནང་། །ཧཱུྃ་གིས་དགྲ་བགེགས་ཤ་ཁྲག་གི །གཏོར་མ་ཕུན་སུམ་ཚོགས་པར་བསྐྱེད། །ཧ་ཧོ་ཧི༔ཡིས་སྦྱངས་རྟོག་སྦྱར། །ཡེ་ཤེས་བདུད་རྩིའི་གཏོར་མར་གྱུར། །རང་གི་ཐུགས་ཀའི་ཧཱུཾ་ཡིག་གིས། །མཁའ་འགྲོ་སེང་གདོང་སྤྱན་དྲངས་ནས། །མདུན་བཞུགས་ལྗགས་ཀྱི་འོད་ཟེར་ནི། རྡོ་རྗེ་སྦུ་གུའི་རྣམ་པ་ཡིས། །གཏོར་མ་དྲངས་ཏེ་དགྱེས་པར་བཞེས། །ༀ་ཤྲཱི་བཛྲ་ཌཱ་ཀི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།
ལན་གསུམ་མམ་བདུན་དང་། ཨ༔ཀ༔ས༔མ༔ར༔ཙ༔ཤ༔ད༔ར༔ས༔མ༔ར༔ཡ༔ཕཊ༔ བྱད་མ་གནོད་བྱེད་ཀྱི་མ་ཧཱ་ནཱཾ་ས་ལ་ཁཱ་ཧི། རཀྟ་ལ་ལཱ་ཧི་། ཙིཏྟ་ལ་ཁཱ་ཧི། ཀེ་ནི་རི་ཏི་ལ་ཀཱ་ཧི། ཨོཾ་ཤྲཱི་བཛྲ་ཌཱཀི་སེང་ཧ་མུ་ཁ་ས་པཱ་རི་ཝཱ་ར་ཨརྒྱུ་སོགས། ཨསྤེལ་ཤེར་ཕྱིན་ཡི་གེ་གཅིག་མའི་དངོས། །ཀ༔དག་སྤྲོས་པ་རྣམ་དག་ཆོས་ཀྱི་སྐུ། །བཅུའི་དབང་ཕྱུག་བཅུ་དྲུག་ས་གནས་མ། །མལུས་རྒྱལ་བ་ཀུན་བསྐྱེད་མ་ལ་འདུད། །རཝ་ཉི་མའི་དབུས་ན་ཉིད་ཀྱི་སྐུ། །ཙམུན་ཏྲི་སོགས་རྩལ་ལྡན་ཕོ་ཉ་དང་། །ཤཟ་ཁྲག་འཐུང་ཟ་བྱེད་སྤྲུལ་པར་བཅས། །དེ༔ལྟ་རྣམ་འཕྲུལ་
དུ་མ་སྟོན་ལ་འདུད། །རབ་དྲྭ་བ་རྡོ་རྗེའི་གུར་གྱི་ནང་། །སགསུམ་བགེགས་དཔུང་སྲེག་པའི་མེ་དཔུང་ཀློང་། །མམོ་མཁའ་འགྲོ་ཡོངས་ཀྱི་འཕྲོ་འདུ་ལས། །ར༔རི་མིན་པར་རབ་གཏུམ་ཁྱོད་ལ་བསྟོད། །ཡམ་འཆི་བདག་བདུད་འཇོམས་འཆི་མེད་སྩོལ། །ཕཊ༔བྷྱོ་ཧཱུྃ་ཕཊཙསྒྲ་ཡིས་སྐྲག་མཛད་ཅིང་། །སེང་གེའི་གདོང་ཅན་ཌཱཀི་ཡུམ་ཆེན་མོ། །རིགས་བཞི་ས་ལ་ལས་བཞིའི་མཁའ་འགྲོ་མ། །གནས་གསུམ་སྐྱོང་ཞིང་འཇིག་རྟེན་མ་མོའི་འཁོར། །བྱེ་བ་འབུམ་གྱི་ཕོ་ཉ་འགྱེད་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་ལ་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ། །དེ་ནས་ཕྱིར་བཟློག་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷྱོ༔ དཔལ་མོ་རབ་འཇིགས་སེངྒེའི་གདོང་པ་ཅན། །ཆོ་འཕྲུལ་བསམ་ཡས་མཁའ་འགྲོ་འཁོར་བཅས་ཀྱིས། །མཐུ་དང་ནུས་པ་རྫུ་འཕྲུལ་ཆེར་བསྐྱེད་ལ། །བཟློག་སྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མི་དང་མི་མིན་སུ་དང་གང་གིས་རུང་། །ངན་སྔགས་བྱད་སྟེམས་མནན་གཏད་འཁོར་ལོ་སོགས། །ངན་པ་བརྩམ་པའི་སྦྱོར་བ་མཐའ་དག་པ། །བྱེད་མཁན་ཁོ་རང་ཉིད་ལ་ལྡོག་པར་མཛོད། །ནམ་མཁའ་གང་
བ་ལྷ་ཡི་ཆོ་འཕྲུལ་དང་། །བར་སྣང་ཁྱབ་པ་གཉན་གྱི་གདུབ་རྩུབ་དང་། །ས་གཞི་གཡོ་བའི་ཀླུ་ཡི་གནོད་པ་རྣམས། །ཐམས་ཅད་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །སྔོན་གྱི་ལས་ངན་དབང་གིས་སྣ་དྲངས་ནས། །ལྷ་སྲིན་སྡེ་བརྒྱད་གདུག་པའི་གནོད་པ་ཡིས། །ནད་དང་གདོན་དང་བར་ཆད་ཅི་མཆིས་པ། །མཁའ་འགྲོའི་ཚོགས་ཀྱིས་བཟློག་ཅིང་བསྒྱུར་བར་མཛོད། །བྱང་ཆུབ་སྒྲུབ་པའི་གེགས་སུ་གྱུར་པ་ཡི། །འགལ་རྐྱེན་ཆོས་དང་མི་མཐུན་ཐོག་ཏུ་ཕབ། །བསམ་པར་བར་དུ་གཅོད་པ་ཐམས་ཅད་ཀྱང་། །ཁྱོད་ཀྱི་ནུས་པས་མྱུར་དུ་བཟློག་ཏུ་གསོལ། །བདག་དང་མཐའ་ཡས་གང་ཟག་ཐམས་ཅད་དང་། །སྦྱིན་པའི་བདག་པོ་ཕན་སེམས་ལྡན་པ་ལ། །གནོད་ཅིང་འཚེ་བའི་ལོག་འདྲེན་བགེགས་ཀྱི་ཚོགས། །མ་ལུས་བཟློག་ཅིང་བསྒྲལ་བའི་ཕྲིན་ལས་མཛོད། །མདོར་ན་བསམ་ངན་སྦྱོར་རྩུབ་གང་བརྩམ་པ། །དེ་དག་ཁོ་རང་ཉིད་ལ་བཟློག་པ་དང་། །མཁའ་ལ་སྤྲིན་ལྟར་མེད་པར་མཛད་དུ་གསོལ། །འདོད་པའི་དོན་ཀུན་ཐམས་ཅད་འགྲུབ་པར་མཛོད། །ཅེས་པའང་རྡོ་རྗེ་གོ་མཚོན་ནས་འབྱུང་བ་ལྟར། ཁྱོད་ལ་གཏོར་མ་ཕུལ་བའི་
མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །ལྷ་གཅིག་ཁྱེད་ལ་གསོལ་བཏབ་པས། །སངས་རྒྱས་བསྟན་པའི་མངའ་བདག་མཆོག །དཔལ་ལྡན་ཀརྨ་པ་ཆེན་པོའི། །ཕྲིན་ལས་ཕྱོགས་མཐར་ཁྱབ་གྱུར་ཅིག །བཛྲ་མུཿ འདོད་གསོལ་བྱས་པས་འགྲུབ་པར་འགྱུར། །འདི་ནི་དམ་ཆོས་ཉེ་བར་མཁོ་བའི་དཔོན་པོ་གང་དེས་བསྐུལ་བའི་ཕྱིར་དུ། རྡོ་རྗེའི་གོ་མཚོན་ནས་བྱུང་བ་ལྟར་གཏོར་བསྔོས་ཆ་ལག་སྔགས་བསྟོད་སོགས་ཀྱིས་བརྒྱན་པ་འདི་ནི་རྣལ་འབྱོར་པ་རཱ་ག་ཨ་སྱས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།