Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་རྩེ་གླིང་བུ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་རྩེ་གླིང་བུ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས།next

རྒྱལ་རྩེ་གླིང་བུ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས།


JSD004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྩེ་གླིང་བུ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས་ནི། ཨོཾ་སྭ་སྟི། དུས་གསུམ་རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྗེ། །བི་མའི་དངོས་སྣང་ནམ་མཁའ་འཇིགས་མེད་རྩལ། །དབྱིངས་ནས་དགོངས་པ་བསྐྱོད་ལ་ཐུགས་རྗེས་གཟིགས། །བདག་ཅག་རེ་འབྲས་སྨིན་པའི་དཔང་དུ་གསོལ། །ངེས་དོན་ལམ་སྟོན་ཆོས་ཀྱི་དབང་པོ་ཉིད། །ཞི་ལ་མི་གཞོལ་སྲིད་འགྲོར་བརྩེ་བས་དགོངས། །སྤྲུལ་པའི་ཟླ་གསར་རིགས་བཟང་མྱུ་གུ་ལས། མྱུར་འཁྲུངས་སྐྱོན་བྲལ་དམ་པའི་ཡོན་ཏན་རྫོགས། །བསྟན་པ་སླར་གསོ་འགྲོ་ལ་ཕན་བདེ་སྤེལ། །དོན་གཉིས་ལྷན་གྲུབ་བཀྲ་ཤིས་འཕེལ་རྒྱས་ཤོག། །།ཅེས་པ་འདིའང་འབྲས་ལྗོངས་རྒྱལ་སྲས་མཆོག་གི་ཞབས་གྲས་ངག་དབང་རབ་རྒྱས་ཀྱིས་བསྐུལ་བའི་ངོར་སྦས་ཡུལ་བ་སངས་རྒྱས་རྡོ་རྗེས་ཤུགས་འབྱུང་དུ་བྲིས་པ་མངྒ་ལཾ།། །།


JSD004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་རྩེ་གླིང་བུ་མཆོག་སྤྲུལ་མྱུར་འབྱོན་གསོལ་འདེབས།next