Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚན་བརྗོད་ཀྱི་ཡང་སྙིང་།
   
   
   
   
   


 
previousམཚན་བརྗོད་ཀྱི་ཡང་སྙིང་།next

མཚན་བརྗོད་ཀྱི་ཡང་སྙིང་།

༈ མཚན་བརྗོད་ཀྱི་ཡང་སྙིང་ནི། འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཨ་ར་པ་ཙ་ན་ཡ་ཏེ་ན་མ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་རྫོགས་སོ། །།ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་གཟུངས། ཨོཾ་ཨེ་ཧོཿ ཤུདྡྷེ་ཤུདྡྷེ་བི་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཧི་རཾ་བི་ན་རཾ་ཤུདྡྷེ་རཾ་ཨ་ཨ་ཨཱཿསྭཱ་ཧཱ། ཨོཾ་བི་སྟི་བི་ར་སྟི་སྭཱ་ཧཱ། འདི་མཐོང་ཐོས་དྲན་རེག་རྣམས་ཀྱང་ངན་སོང་ལས་ཐར་བ་སོགས་ཕན་ཡོན་རྒྱས་པ་གཞན་དུ་གསལ། འཛད་མེད་ཆོས་སྦྱིན་སྤྲུལ་བའི་བསོད་ནམས་ཀྱིས། །ཕ་མས་གཙོ་བྱས་བདག་གཞན་འགྲོ་ཀུན་གྱི། །ལས་ངན་སྡིག་སྒྲིབ་མ་ལུས་ཀུན་བྱང་ནས། །གེགས་མེད་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག། །།


previousམཚན་བརྗོད་ཀྱི་ཡང་སྙིང་།next