Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་གཏེར་གསར་ཆོས་སྐོར་དང་བར་དོ་དྲུག་གི་ཆོས་ཚན་སྤྱི་དང་སྨོན་ལམ་གྱི་སྐོར།

1 occurrence of བྱམས་པ་གླིང་
[Clear Hits]


  
 expand section
  
  
 expand section
 expand section
 collapse section
  
  
  
རིགས་དྲུག་གནས་ནས་དགུགས་པ།
  
  
  
  
  
  
  


1 occurrence of བྱམས་པ་གླིང་
[Clear Hits]

 
previousརིགས་དྲུག་གནས་ནས་དགུགས་པ།next

རིགས་དྲུག་གནས་ནས་དགུགས་པ།

གཉིས་པ་ནི་ཚེ་འདས་རྣམ་སྨིན་གྱི་ལུས་བོར་ནས། བར་དོར་འཁྲུལ་པའི་ཡིད་ཀྱི་གཟུགས་ཅན་ཁྱོད། གར་སྐྱེས་གང་ན་གནས་པའི་ས་ཕྱོགས་དེ་རུ། ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེའི་རང་རྩལ་མ་འགག་པའི་མཐུ་དང་། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་མདངས་ཡི་དམ་ལྷ་ཡི་སྐུར་སྣང་བའི་མཐུས། ལུས་སེམས་བྲལ་བའི་ཚེ་འདས་ཁྱོད་ད་ལྟ་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་དང་བྲལ་ཞིང་། བར་དོའི་ཡིད་ཀྱི་ལུས་ལ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད་བཞི་ཚོགས་པའི་མིང་བཞིའི་ཕུང་པོ་རུ། ཀུན་མཁྱེན་རིན་པོ་ཆེས་གསུངས་ལ། ཡང་ཕུང་ཁམས་སྐྱེ་མཆེད་སོགས་མིང་ཐམས་ཅད་ཀྱི་གདག་གཞི་འདི་བཞི་ཡིན་པས། མིང་གཞིའི་ཕུང་པོ་ཞེས་ཀྱང་འདོད་ལ། རགས་པའི་དངོས་པོ་མེད་ཀྱང་ཡིད་སྣང་འཁྲུལ་པའི་དངོས་པོ་ལྟར་སྣང་བ། བདེ་སྡུག་གི་ཚོར་བ་མྱོང་མཁན་དེ་རྒྱལ་བའི་རྩོལ་མེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོས་བཟུང་སྟེ། མི་ལུས་ཉམས་དགའ་བའི་གནས་འདིར་དགུག་ན། ཆགས་སྡང་རེ་དོགས་དང་བྲལ་བའི་སེམས་ཀྱིས་བླ་མ་དང་དཀྱིལ་འཁོར་དྲུང་འདིར་ཤོག་ཅིགཨ་ནྲི་སོགས་རིགས་དྲུག་གི་ས་བོན་བརྗོད་ནས་དྲངས་པའོ། །སྡོམ་གཉིས་པའི་དགོངས་དོན་ནོ། །


previousརིགས་དྲུག་གནས་ནས་དགུགས་པ།next