Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
collapse section
 expand section
collapse section
 expand section
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྤྱོད་རྒྱུད་ཀྱི་ལུང་བརྒྱུད།
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousསྤྱོད་རྒྱུད་ཀྱི་ལུང་བརྒྱུད།next

སྤྱོད་རྒྱུད་ཀྱི་ལུང་བརྒྱུད།


GLG001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྤྱོད་པའི་རྒྱུད་ནི། མདུན་ལེགས་མ་ལས། རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི །རྒྱུད་ལ་སྦྱངས་པས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །གང་ཡིན་དེ་ཡང་ལེགས་པར་ངེས་པར་བྱས། །ཞེས་གསུངས་པ་ལྟར་འཕགས་པའི་ཡུལ་དུ་རྣམ་གྲངས་མང་ནའང་ལྗོངས་འདིར་མཁས་པ་ཐམས་ཅད་ཞལ་མཐུན་པ་རྣམ་སྣང་མངོན་བྱང་སྟེ། དེ་ཡང་ཞ་ལུ་པ་ཡེ་ཤེས་རྒྱ་མཚོའི་ཁྲིགས་བཞིན་རྡོ་རྗེ་འཆང་མཁན་ཆེན་རིན་ཅེན་བསོད་ནམས་མཆོག་གྲུབ་ཀྱིས་ཟིན་བྲིས་སུ་མཛད་པའི་སྐུ་མི་ཟད་པ་རྒྱན་གྱི་བཀོད་པའི་དཀྱིལ་ཆོག་རབ་གསལ་ནོར་བུའི་ཕྲེང་བའི་སྟེང་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་


GLG001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སྙིང་རྗེ་ཆེན་པོ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། གྲུབ་ཆེན་ཛེ་ཏཱ་རི་པ། ཨ་ཤྭ་ཀ་ཤྲཱི་རྡོ་རྗེ་གདན་པ་ཆེ་བ། ལ་ལི་ཏ་ཐར་རྩེ་དང་སྒྲུབ་ཁང་པའི་གསན་ཡིག་ན་མི་འདུག་ཀྱང་བུ་སྟོན་ངོར་ཆེན་གོང་དཀར་བ་མཁྱེན་བརྩེ་བཞིའི་གསན་ཡིག་ན་འདུག །བཛྲ་རྡོ་རྗེ་གདན་པ་འབྲིང་བ། ཨ་མོ་གྷ་བཛྲ་རྡོ་རྗེ་གདན་པ་ཆུང་བ་གསུམ་གྱི་མཚན་ཡིན། བ་རི་ལོ་ཙཱ་བ་རིན་ཅེན་གྲགས། མཆིམས་བརྩོན་སེང་། མཆིམས་དོན་གྲུབ་རྒྱལ་བ། བུ་སྟོན་རྗེ་བཙུན་བཙོང་ཁ་པ་ངོར་ཆེན་གོང་དཀར་བ་ཐར་རྩེ་སྒྲུབ་ཁང་པ་དྲུག་གི་གསན་ཡིག་ན་མཆིམས་དོན་ནེ་ཟེར་བ་སྣང་། མཆིམས་ཆོས་སེང་། མཆིམས་བློ་བརྟན། འདི་བུ་ངོར་གོང་དཀར་བ་མཁྱེན་བརྩེ་བཞིའི་གསན་ཡིག་ན་སྣང་བས་ཐར་རྩེ་སྒྲུབ་ཁང་པའི་གསན་ཡིག་ན་ཆད་པ་འདྲ། མཆིམས་ནམ་མཁའ་གྲགས། སློབ་དཔོན་དར་མ་རྒྱལ་མཚན། བྱང་ཆེན་པ་བསོད་ནམས་འཕེལ། རྗེ་བཙུན་བཙོང་ཁ་བའི་གསན་ཡིག་ན་མི་འདུག་པ་ཆད་དམ་བརྟག །ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། ཐར་རྩེ་དང་སྒྲུབ་ཁང་པའི་གསན་ཡིག་ན་འདི་གཉིས་མི་འདུག་ཅིང་གོང་དཀར་བའི་གསན་ཡིག་ན་མཁན་ཆེན་གྲགས་གཞོན་པས་བུ་སྟོན་ལ་ཐུག་འདུག་པ་དཔྱད། མཁན་ཆེན་གྲགས་པ་གཞོན་ནུ། ཞ་ལུ་མཁན་པོ་གྲགས་པ་རྒྱལ་མཚན། དབུར་སྟོད་པ་ཡོན་ཏན་དཔལ། འབྲས་སྤུངས་མཁན་ཆེན་རོང་པོ་བློ་བཟང་། རྡོ་རྗེ་འཆང་མཁྱེན་རབ་རིན་ཅེན་མཆོག་གྲུབ། སློབ་དཔོན་སངྒ་ཤྲཱི། སློབ་དཔོན་ཚུལ་ཁྲིམས་འོད་ཟེར། སློབ་དཔོན་བསོད་ནམས་དཔལ་འབྱོར། འཇམ་དཔལ་


GLG001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། བླ་མ་རྡོ་རྗེ་བཟང་པོ། བླ་མ་རིན་ཅེན་རྒྱ་མཚོ། ཞ་ལུ་མཁན་ཆེན་རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། རིགས་ཀུན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཐམས་ཅད་མཁྱེན་པ་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་དཀྱིལ་ཆོག་རིན་ཅེན་དབང་རྒྱལ་གྱི་སྟེང་ནས་གྲུབ་ཆེན་མ་ཎི་ཀ་བཛྲ་ལུགས་སུ་གྲགས་པའི་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམ་པར་འཇོམས་པ་ལྷ་བཅུ་དགུའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དཔལ་ཕྱག་ན་རྡོ་རྗེ། ངོར་ཆེན་དང་ཐར་རྩེ་པའི་གསན་ཡིག་ན་མི་འདུག་ཀྱང་རྗེ་མཁྱེན་བརྩེ་དང་མཁན་ངག་ཆོས་པའི་གསན་ཡིག་ན་སྣང་ངོ་། །རྗེ་བཙུན་བྱམས་པ། སྐལ་ལྡན་གང་གཱ་དྷ་ར། བྲམ་ཟེའི་སློབ་དཔོན་མ་ཎི་བཛྲ། པཎྜི་ཏ་ཛ་ཡ་ཝརྨ། པཎྜི་ཏ་ཛྙ་ན་ཤྲཱི། ལོ་ཙཱ་བ་ཅོག་གྲུ་ར་བཞི། བླ་མ་ཡོན་ཏན་ལེགས་པ། རྗེ་བསམ་གཏན་དབང་ཕྱུག །བླ་མ་དོན་གྲུབ་ཡེ་ཤེས། རྗེ་ཆོས་ཀྱི་བློ་གྲོས། བླ་མ་རྡོ་རྗེ་རྒྱལ་མཚན། རྗེ་དཀོན་ཅོག་རྡོ་རྗེ། བླ་མ་ཤེས་རབ་འབུམ། རོང་པ་ཆོས་ཀྱི་མགོན་པོ། ལོ་ཙཱ་བ་མཆོག་ལྡན། ངོར་ཆེན་དང་ཐར་རྩེའི་གསན་ཡིག་ཏུ་འདུག་པས་རྗེ་མཁྱེན་བརྩེ་དང་ངག་ཆོས་པའི་གསན་ཡིག་ན་ཆད་དམ་སྙམ། སྤུར་བསོད་ནམས་དབང་ཕྱུག །ངག་ཆོས་པའི་གསན་ཡིག་ན་འདི་ཆད། །བྱ་སྡེར་བ་བྱང་ཆུབ་རིན་ཅེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། བྱ་སྡེར་བ་བྱམས་པ་རིན་ཅེན། བྱ་སྡེར་བ་བྱང་ཆུབ་སེང་གེ །ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་ཀུན་དགའ་
བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་བརྟན་པ། མཁན་ཆེན་དཀོན་ཅོག་ཚུལ་ཁྲིམས། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །


previousསྤྱོད་རྒྱུད་ཀྱི་ལུང་བརྒྱུད།next