Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རང་ཉིད་སྐད་ཅིག་དྲན་རྫོགས་སུ༔
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousརང་ཉིད་སྐད་ཅིག་དྲན་རྫོགས་སུ༔next

རང་ཉིད་སྐད་ཅིག་དྲན་རྫོགས་སུ༔

ཧཱུྃ༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཆེ་མཆོག་གུ་རུ་དྲག་པོ་རྩལ༔ དམར་ནག་མེ་ཡི་ཕྲེང་བ་ཅན༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་༔ ལྕགས་ཀྱི་སྡིག་པའི་རྐེད་ནས་འཆིང་༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་བསྒྲད༔ ཁྲོ་ཚུལ་གཙོ་འཁོར་གཞལ་ཡས་གདན༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཐུགས་ཀར་གསེར་རྡོར་ལྟེ་བར་ཧཱུྃ༔ ཐ་མར་སྔགས་འཁོར་འོད་ཟེར་གྱིས༔ རབ་འབྱམས་འཕྲིན་ལས་སྒྲུབ་བསམ་ཞིང་༔ ཨ་རྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ མཐར༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྡན་ལ་བསྟོད༔ ག་གཱས་སོ། །ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཁམས་གསུམ་ས་དགུ་དག་པའི་ཞིང་ཁམས་སུ༔ ཚོགས་དགུ་གནས་དག་ཡེ་གྲོལ་ཧེ་རུ་ཀ༔ དཔལ་དགུ་རྔམ་པའི་དཀྱིལ་འཁོར་ལྷུན་རྫོགས་ཤར༔ ཡེ་ཤེས་ཀློང་དགུའི་གད་རྒྱང་མི་ཤིགས་གཤེ༔ ཨོཾ་བཛྲ་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་སརྦ་ཙིཏྟ་གརྦྷ་ཧཱུྃ༔ ཅེས་ཀྱང་ལུས་ཆེན་པོའི་བསྐུལ་བཞིན་ག་གཱས་སོ། །ཧཱུྃ༔ཨཱཿཨོཾ༔ སྣང་བ་ལྷ་དང་ཞིང་ཁམས་ལ༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་ངང་༔ འགྱུ་དྲན་ཆོས་ཉིད་འཁོར་ལོ་རུ༔ ཡེ་རྫོགས་ཆེན་པོའི་གདེང་གིས་བཟླ༔ ཞེས་ལྷ་གང་ཡིན་གྱི་བསྙེན་པ་བཟླའོ༔ ཅེས་ཀྱང་ལུང་རྟོགས་ཀུན་འཕེལ་ཟུང་གི་ངོར་ག་གཱས་སོ། །


previousརང་ཉིད་སྐད་ཅིག་དྲན་རྫོགས་སུ༔next