Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

1 occurrence of དེའི་འོག་ཏུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
  
 
  
  
  
  
  
  
  
  
  
  
  
  
  
  
  
  
མཐར་ཐུབ་ཡིད་བཞན་སྙིང་པོ།
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of དེའི་འོག་ཏུ་
[Clear Hits]

 
previousམཐར་ཐུབ་ཡིད་བཞན་སྙིང་པོ། next

མཐར་ཐུབ་ཡིད་བཞན་སྙིང་པོ།


LRD010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་ཡིད་བཞིན་སྙིང་པོ་བཞུགས་སོ།


LRD010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གསུམ་བརྒྱུད་པ་མཐའ་འགྲོར་བཅས། ཨོ་རྒྱན་རྒྱལ་ལ་ཕྱག་འཚལ་ཏེ། མཐར་ཐུག་ཡིད་བཞིན་སྙིང་པོའི་མཆོག། །འགྲོ་ལ་ཕན་པའི་དོན་དུ་བྲི། །གང་ཧི་ཚེ་སྲིང་ཁྱེར་པདྨ་ཅན་ན། །ཁྱའུ་སྣང་བ་དམ་པ་གནས་པ་ལ་ལྟོས་ཤིག ཞེས་ཐོས་པའི་དོན་ཉམས་སུ་ལེན་པ་ནེ། །རྐྱེན་ཐོག་ཏུ་ཐུག་ཕྲད་དུ་བཏང་བས། །རྗེས་མེད་རང་གསལ་དུ་གྲོལ་ནས། །ངང་དྭངས་རྙོག་པ་དང་བྲལ་བས། །ཡི་བདེ་ཆོས་ཉིད་དུ་འཆར་བའི་གནད་ལ་རྣམ་པ་བརྒྱད་པས། །དང་པོ་གནས་ལུགས་ཐུག་ཕྲད་དུ་གྲོལ་བ་ནི། །སེམས་ལས་འདས་པའི་བེ་ཤེས་རང་ཤར་གྱི་དགོངས་པ་འཕྲོག་ནས་གང་གི་ཚེ་ནའང་ཡོད་ལ། འོས་མ་ཟིན་པ་ཉིད་བཙན་ཐབས་སུ་བཟུང་བ་ནི། སེམས་འཆར་རམ་གནས་དུས་རང་ངོ་ལ་ཅེར་གྱིས་བལྟས་པས། འཕྲོ་གནས་གང་ཡང་མ་ཡིན་པའི་རིག་པ་གསལ་དྭངས་ཕྱེད་པ་རྗེན་ལ་བུད་ནས། ཨ་ཕྱེ་མ་སེ་ཕྱ་བ་གདལ་ལེ་བ་ཡིན་མིན་གྱིས་རྩིས་གདབ་དང་བྲལ་བཟང་ཐལ་དུ་ཤར་བ་ངོས་ཟིན་ནས། དེའི་ངོ་བོ་ལམ་ཡེངས་པར་བྱས་པས། ཀུན་རྟོག་དབྱིངས་སུ་ནུབ་པའི་ཆོས་སྐུ་རང་ཤར་ཞེས་བྱའོ། གཉིས་པ་ཉམས་སྣང་ཐུགས་ཕྲད་དུ་གྲོལ་ནི། དེ་ཉེར་ཁོངས་པ་ལས་བདེ་བ། །གསལ་བ། མི་རྟོག་པ། བསམ་མི་ཁྱབ་པའི་ཉམས་ཤར་དུས། ཆགས་ཞེན་གྱི་འཁྲིས་ཡོད་པས་ཉམས་དེའི་ངོ་བོ་ལ་སྔ་མ་ལྟར་ཅེར་གྱིས་བལྟས་པས། མཐར་འཛིན་གྱི་ཤེས་པ་དང་བྲལ་བར་མཐོར་སྟེ། དེ་ཉིད་ངོས་བཟུང་བས་རློམ་སེམས་ངང་དགག་སྒྲུབ་ཀྱི་ཞེན་འཛིན་གྲོལ་པོ། གསུམ་པ་རྐྱེན་ངན་ཐུབ་ཕྲད་དུ་གྲོལ་བ་ནི། དེའི་ཚེ་ལས་ངན་འདས་པའི་ལྷོངས་སུ་ཕྱི་ཡུལ་གྱི་རྐྱེན་ངན་བརྩེགས་མར་འཆར་ཏེ། བརྡུ་བས་འཕྲོག་རྐུ་བརླག་གཏམ་ངན་ལ་སོགས་པ་དང་། མི་འདོད་པ་སྣ་ཚོགས་འབྱུང་ཡང་། གཟི་སྔོན་བས་ཆེ་བ་འཆར་དུས་རྐྱེན་ངན་ལ་ཟུག་གཟེར་རིམ་གྱིས་ཤར་པས་ཤེས་


LRD010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྩ་བརྫོགས་པ་དེ་ཉིད་གཅེར་གྱིས་སྐལ་ནང་དུ་བ་ལྟ་སངས། སྐད་ཅིག་དེ་ཉིད་ལ་རང་ཞི་ནས་སྟོང་གསལ་རང་བྱུང་གི་ཡེ་ཤེས་གསལ་དག་ཆེན་པོར་འཆར་རོ། བཞི་པ་ཡུལ་སྣང་ཐུགས་འཕྲད་དུ་གྲོལ་བ་ནི། རེ་ས་འགའ་ཡུལ་ལྔའི་འདོད་པ་ལ་སེམས་ཡེངས་དུས་ཡུལ་ཐོག་དེར་ཤེས་པ་ཧུར་ཕྱུང་བ་དེར་གྱིས་བལྟས་པས། རང་གསལ་སྒྲིབ་གཡོ། སྐ་མེད་བར་འཆར་ཏེ། ཡུལ་དྲུག་ཆོས་ཉིད་དུ་གྲོལ་བཞེས་བྱའོ། ལྔ་པ་ན་ཚ་ཐུག་ཕྲད་དུ་གྲོལ་བ་ནི། དེ་ཡང་སྔར་བས་ན་དམང་བ་ལྟ་བུ་ཟུང་དུས། །ནད་ཀྱི་ཐུབ་ལྷང་ལྷང་པོ་དེ་ཀ་དགེ་སྦྱོར་གྱི་མཐིལ་དུ་བྱས་ཏེ། ཟུག་གི་ཤེས་བདེ་ལ་ཅེར་རེ་བ་ལྟས་བས་ན་རྒྱུ་དང་ན་མཁན་གང་ཡང་མད་པར་རྗེ་ཁྲེས་སེ་ཆར་བས་དེ་ཉིད་ངོས་གཟུང་ངོ་། དྲུག་པ་འདྲེ་གདོན་ཐུབ་ཕྲད་དུ་གྲོལ་བ་ནི། དེ་དུས་བགེགས་རྣམས་མི་བཟོད་པས་ཆོ་འཕྲུལ་སྟོན་ཏེ། ཆོ་འཕྲུལ་གང་བྱུང་བ་དེའི་ངོ་བོ་ངོས་གཟུང་ལ་བལྟས་པས། འཇིགས་མཁན་དང་འཇིག་ཡུལ་ཐུག་ཕྲད་ལ་གྲོལ་ནས་འཇིགས་སྔངས་ཆོས་ཉིད་ཀྱི་འཁོར་ལོར་ཤར་རོ། བདུན་དུག་ལྔ་ཟུག་ཕྲད་དུ་གྲོལ་བ་ནི། འདོད་ཆགས་སོགས་པའི་རྟོག་པ་རིམ་གྱིས་སྐྱེས་པ་ན་རྩལ་རྫོགས་རྟིང་ངོས་གཟུང་སྟེ། དེ་ཐོག་ཏུ་ཅེའི་བརྒྱུད་ནས་བལྟས་བས་ཉོན་མོངས་བའི་རྣམ་རྟོག་ཡེ་ཤེས་སུ་ཤར་ཏེ་ལྟར་བས་བདེ་སྒལ་དྭངས་བྱེད་པ་མི་རྟོག་པའི་རང་དང་བཅས་པ་འཆར་རོ། བརྒྱད་པ་འཆི་རྟོག་ཐུབ་ཕྲད་དུ་གྲོལ་བ་ནི། དེ་དུས་སྐབས་སུ་ཐེ་ཚོམ་སྣ་ཚོགས་པ་ཆོས་དང་རང་གི་སྒོམ་པ་འཆར་ཞང་འཆི་བའི་འཇིགས་པའི་རྟོག་པ་འཆར་བས་ཐེ་ཚོམས་ཕྱི་ནང་གི་ཡུལ་སེམས་ཐེ་ཚོམ་གྱི་རྟོག་པ་དང་བཅས་པ་ལ་ཅེར་གྱིས་བྲ་ལག་པས། གཞི་མེད་ནམ་མཁའ་ལྟ་བུར་མཐོང་ནས། གང་ལའང་ཐེ་ཚོམ་མི་བྱ་སྟེ། གཞི་མེད་རྩ་བྲལ་དུ་རྟོགས་པས་སེལ་ལ། འཆི་རྟོག་གི་ངོ་བོ་ལ་ཅེ་རེ་བལྟས་པས་རྗེས་མེད་རང་གསལ་སྟོང་བར་མཐོང་ཞིང་རྡུལ་ཕྲན་ཆ་མེད་པར་འདོད་བའང་རིག་པ་དངོས་མེད་རང་གསལ་ལ་


LRD010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་རྒྱུ་མེད་ལ། རིག་པའི་ངོ་བོ་ལ་བ་ལྟས་པས། སྐྱེ་ཤིང་ཞི་བྲལ་ཆེན་པོ་མཐོང་སྟེ། འཆི་མེད་གཉུག་མའི་ཡེ་ཤེས་མཐོང་ནས། འཆིབས་མི་འཇིགས་པའི་གདེང་ཆེན་པོ་རྙེད་པའོ། དེ་དག་གི་གང་ཟག་གཅིག་གི་ལམ་གྱི་རྐྱེན་རྡོ་རྫོགས་པ་ཡིན་ནོ། རང་བྱུང་རིག་པ་རྒྱ་ཡན་ཕྱོགས་མེད་ལ། སེམས་ཀྱི་ཆར་བཟུང་མདུད་པ་ཤིག་བ་ཐོང་། །དགེ་བས་འགྲོ་ཀུན་འདོད་ནས་བྱང་ཆུབ་ཚེ། །ལྷུན་མཉམ་མང་པ་ཆེན་པོའི་གནས་ཐོབ་ཤོག །མཐར་ཐུག་ཡིད་བཞིན་སྙིང་པོ་ཞེས་བྱ་བ་ཐེག་པ་མཆོག་གི་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པ་རྫོགས་སོ། དགེའོ། དགེའོ། དགེའོ། །


previousམཐར་ཐུབ་ཡིད་བཞན་སྙིང་པོ། next