Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

52 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
  
  
  
  
  
  
  
 
  
  
  
  
  
  
  
collapse section
རཏ་གླིང་དམ་ཅན་གྱི་བསང་མཆོད་བཞུགས།
 
  
  
  
  
 
  
 
  
  
  
  
 
  
  
 
  
  
  
  
  
 
  
 
 
  
 
  
 
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
 
  
 
 
  
  
  
 
  
  
  
  
 
 
  
  
  
  
  
 
 
  
  
  


52 occurrences of གཏེར་སྲུང་
[Clear Hits]

 
previousརཏ་གླིང་དམ་ཅན་གྱི་བསང་མཆོད་བཞུགས།next

རཏ་གླིང་དམ་ཅན་གྱི་བསང་མཆོད་བཞུགས།

ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །བདེ་ཆེན་སོ་སོར་རྟོག་པའི་ཡེ་ཤེས་སྐུ། །རྟ་མཆོག་རོལ་བ་དབང་གི་ཁྲོ་བོ་ཡི། །ཐུགས་ལས་སྤྲུལ་པ་གསང་བའི་དམ་ཚིག་ཅན། །རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ། །བསྟན་པ་སྲུང་ཞིང་ལེགས་ཉེས་སྟངས་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་ལེགས་པ་ཁྱོད། །གུས་པས་འབོད་དོ་གནས་འདིར་གཤེགས་སུ་གསོལ། །ཆིབས་སུ་རྩལ་ལྡན་གདོང་ལྔའི་དབང་པོ་ཞོན། །རེས་འགའ་ར་སྐྱེས་རླུང་གི་ཤུགས་ཅན་ཆིབས། །སྐུ་མདོག་དམར་ནག་ཁྲོ་ཞིང་རྔམ་པའི་ཞལ། །ཕྱག་གཡས་རྡོ་རྗེས་དགྲ་བོའི་ཀླད་པ་འགེམ། །གཡོན་པས་འགལ་བྱེད་དོན་སྙིང་སྤར་གྱིས་འདེབས། །དར་དམར་བེར་གསོལ་བརྗིད་ཅིང་དུག་རླུང་འཁྲུགས། །གིང་ཆེན་སྡེ་བཞི་དགྱེས་སྡེ་བཅུ་གཉིས་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་འབུམ། །བྱ་ཁྲ་འཕར་སྤྱང་དོམ་དྲེད་ལ་སོགས་པ། །ཟ་བྱེད་མཆེ་བ་རབ་གཙིགས་གདུག་པའི་འཁོར། །གྲངས་མེད་བསམ་གྱིས་མི་ཁྱབ་ཀུན་ཏུ་འཕྲོ། །ནམ་མཁའ་བར་སྣང་ས་གཞིའི་ཁྱོན་ཀུན་ཉུལ། །དད་ཅིང་གདུང་བ་ཅན་ལ་སྙིང་ཉེ་ཞིང་། །མཆོད་ཅིང་བརྟེན་ན་མགོན་སྐྱབས་སྡོང་གྲོགས་མྱུར། །དམ་ལྡན་སྒྲུབ་པ་པོ་ཡི་གྲོགས་གྱུར་པའི། །དམ་ཅན་ཁྱོད་ལ་མཆོད་དོ་དགྱེས་པར་དགོངས། །བདུད་རྩི་ཅན་གྱི་ཤིང་གསུམ་ལ་སོགས་པ། །སྣ་ཚོགས་མཐུན་པའི་མཆོད་རྫས་བསྲེགས་པ་ཡི། །དུད་པའི་སྤྲིན་ཚོགས་མཁའ་ལམ་ཁྱབ་པ་ལས། །ཡིད་མཐུན་དབང་པོའི་འབྱོར་བ་ལྷུན་གྱིས་གྲུབ། །ར་ཤ་ར་ཁྲག་གཏོར་མ་རི་ལྟར་སྤུངས། །ར་གསུར་དྲི་ཞིམ་སྤོས་མཆོག་སྤྲིན་ལྟར་གཏིབ། །རྐང་གླིང་ཐོད་རྔ་རོལ་མོ་འབྲུག་ལྟར་སྒྲོག །དར་སྣ་རྒྱལ་མཚན་འཕན་གདུགས་འཕྱོ་ལྡིང་གཡོ། །གཅན་གཟན་རི་དྭགས་གཡུང་དྭགས་རྒྱུག་ཅིང་འཕྱོ། །ཞལ་ཟས་འདོད་ཡོན་བདོག་དགུ་སྐར་ལྟར་བཀྲམ། །བདུད་རྩི་སྨན་དང་རཀྟ་མཚོ་ལྟར་བསྐྱིལ། །མཐུན་པའི་དམ་རྫས་སྣ་ཚོགས་སྐར་ལྟར་བཀྲམ། །རྣལ་འབྱོར་དད་པའི་གདུང་དབྱངས་དང་རེ་སྤྲོ། །གང་སྣང་བདེ་བའི་ལོངས་སྤྱོད་བསམ་མི་ཁྱབ། །འདི་ལྟར་ངོ་མཚར་མཆོད་པའི་སྤྲིན་ཕུང་གིས། །དམ་ཅན་རྡོ་རྗེ་ལེགས་པ་ཁྱོད་མཆོད་དོ། །གཙང་བཙན་སྐྱེས་བུ་ཆེན་པོ་ཁྱོད་མཆོད་དོ། །རྒྱ་བོད་ནོར་བདག་ཚོང་དཔོན་ཁྱོད་མཆོད་དོ། །མཐའ་དབུས་གནས་གཞི་previous hit གཏེརསྲུང next hit་ཁྱོད་མཆོད་དོ། །བན་བོན་སྐྱེ་བོའི་སྲུང་མ་ཁྱོད་མཆོད་དོ། །མཆོད་ཅིང་བརྟེན་པའི་རྣལ་འབྱོར་བདག་ཅག་ལ། །སྲུང་སྐྱོབ་ཕྲིན་ལས་སྐད་ཅིག་མི་གཡེལ་བར། །རྟག་ཏུ་ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །གང་བཅོལ་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །མཆོག་སྤྲུལ་དམ་པའི་བཀའ་བཞིན་མི་ཕམ་པས་སོ། །


previousརཏ་གླིང་དམ་ཅན་གྱི་བསང་མཆོད་བཞུགས།next