Nitartha Digital Library
Tibetan
མགོ་ལོག་སྤྲུལ་སྐུའམ་གར་དབང་འཇིགས་མེད་རྣམ་རྒྱལ་་གྱི་གསུང་འབུམ།

26 occurrences of གཏེར་སྲུང་
[Clear Hits]


  
  
  
  
 expand section
 expand section
  
  
 
  
  
  
  
  
  
 
 
  
  
  
  
  
  
  
  
  
  
མི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ།
  
  
  
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
 
  
  
  
  
  
  
 
  
  
 
 
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  


26 occurrences of གཏེར་སྲུང་
[Clear Hits]

 
previousམི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ།next

མི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ།

མི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ་བཞུགས། ན་མོ་གུ་རུ་བཛྲ་ཨཀྵོ་བྷྱཿ དུས་གསུམ་རྒྱལ་ཀུན་འདུས་པའི་དཔལ། །བླ་མ་མཆོག་ལ་ལེགས་བཏུད་ནས། །ངན་སོང་སྦྱོང་མཛད་བཅོམ་ལྡན་འདས། །མི་བསྐྱོད་རྡོ་རྗེའི་བསྒོམ་བཟླས་སྟོན། །དེ་ལ་ཐོག་མར་སྐྱབས་སེམས་ནི།། རང་རིག་དོན་གྱི་བླ་མ་ལ། །དབྱེར་མེད་ཀློང་ནས་སྐྱབས་སུ་མཆི། །ཡང་དག་དོན་ལ་རྨོངས་པ་རྣམས། །བསྒྲལ་ཕྱིར་དོན་དམ་སེམས་བསྐྱེད་བགྱི།། ལན་གསུམ་བརྗོད་རྗེས་བསྒོམ་བཟླས་དངོས།། ཨཱཿ སྐྱེ་མེད་དབྱིངས་ལས་རང་ཤར་བ། །དཔལ་ཡོན་ཕུན་ཚོགས་མངོན་དགའི་ཞིང་། །རྒྱལ་བའི་གནས་མཆོག་ཉམས་དགའ་བར། །མཚན་ཉིད་ཡོངས་རྫོགས་གཞལ་ཡས་དབུས། །གཉིས་འཐུང་ཁྲི་རྐང་པད་ཟླའི་སྟེང་། །ཧཱུྃ་ལས་བཅོམ་ལྡན་མི་འཁྲུགས་པ། །སྔོན་པོ་ཕྱག་གཡས་ས་གནོན་མཛད། །གཡོན་པས་མཉམ་བཞག་རྡོ་རྗེ་བསྣམས། །ལོངས་སྐུའི་ཆས་རྫོགས་མཚན་དཔེ་འབར། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་ལྷ། །མ་བཅོས་རང་བྱུང་ཆེན་པོར་བསྒོམ། །ཐུགས་དབུས་ཟླ་སྟེང་ཧཱུྃ་མཐིང་མཐར། །སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས། །འགྲོ་བའི་ལས་ཉོན་ཤེས་སྒྲིབ་དག །ཚོགས་རྫོགས་སྐུ་གཉིས་མངོན་གྱུར་བསམ།། ན་མོ་རཏྣ་དྲ་ཡ་ཡ། ཨོཾ་ཀཾ་ཀ་ནི། ཀཾ་ཀ་ནི། རོ་ཙ་ནི། རོ་ཙ་ནི། དྲོ་ཊ་ནི་དྲོ་ཊ་ནི། དྲཱ་ས་ནི་དྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་ཡེ་སྭཱ་ཧཱ། ཨོཾ་ཨཀྵོ་བྷྱ་ཨཱཿཧཱུྃ། གཟུངས་སྔགས་བརྒྱ་སྟོང་ལ་སོགས་དང་། །སྙིང་པོ་ཅི་ནུས་བཟླས་པའི་མཐར། །ཧཱུྃ་གིས་བསྡུ་ཞིང་ཨཱཿཡིས་ལྡང་། །མཇུག་ཏུ་བསྔོ་སྨོན་བྱ་བ་ནི།། དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །དེ་མཐུས་མཁའ་མཉམ་འགྲོ་བ་ཀུན། །མི་བསྐྱོད་མགོན་དང་གཉིས་མེད་ཤོག །ཞེས་དང་གཞན་ཡང་བསྔོ་སྨོན་བྱ། །དེས་ཀྱང་བསྒོམ་བཟླས་མདོར་བསྡུས་གྲུབ། །ཞེས་འདི་སྔགས་གཟུགས་མགོ་ལོག་པས། །རང་གྲོགས་དགའ་མའི་དོན་ཕྱིར་བྲིས། །འདི་སྦྱར་དགེ་བས་འགྲོ་ཀུན་གྱི། །ལས་ཉོན་བག་ཆགས་བྱང་གྱུར་ཅིག །དགེའོ།། དགེའོ།། དགེའོ།།


previousམི་འཁྲུགས་པའི་བསྒོམ་བཟླས་ཐར་ལམ་ཤིང་རྟ།next