Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་གསལ་སིངྷ་དམར་མོའི་གཏོར་ཟློག་ཉིན་ཐ་མ་འཕང་བ་ལ་བབ་ཚེ་ཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་གསལ་སིངྷ་དམར་མོའི་གཏོར་ཟློག་ཉིན་ཐ་མ་འཕང་བ་ལ་བབ་ཚེ་ཟློགnext

ཀློང་གསལ་སིངྷ་དམར་མོའི་གཏོར་ཟློག་ཉིན་ཐ་མ་འཕང་བ་ལ་བབ་ཚེ་ཟློག


JSD004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གསལ་སིངྷ་དམར་མོའི་གཏོར་ཟློག་ཉིན་ཐ་མ་འཕང་བ་ལ་བབ་ཚེ་ཟློག་གཞུང་དང་། སྔགས་མཇུག་ཟློག་བཟླས་ཐལ་རྡེབ་བཅས་གྲུབ་མཚམས། ཛྙཱ་ན་ཌཱཀྐི་ནི་སེང་ཧ་མུ་ཁ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་དང་། བྷྱོཿ ཆོས་དབྱིངས་ཌཱཀྐི་སོགས། མཆོད་བསྟོད། ཡིག་བརྒྱས་བཟོད་གསོལ་བྱ། ཧྲཱི༔ ཡེ་ཤེས་མཁའ་འགྲོ་སོགས། སྔགས་དང་བཅས་གཏོར་ཆེན་ལས་དངོས་གྲུབ་ལེན། གཏོར་མའི་ཡེ་ཤེས་པ་སོགས་ནས་བརླག་པར་བསམ་བར་བརྗོད། ཡིག་འབྲུ་བཅུ་གཉིས་པ་ཤམ་ཅན་ཉེར་གཅིག་ཙམ་བཟླས་རིང་། ཟོར་གཏོར་ཕབ། ཕྱི་རོལ་དུ། ཀློང་གསལ་དཀར་གཏོར་གསེར་སྐྱེམས་བཏང་ལ་སྲིད་པ་ཧུའི་རྒྱབ་ཡིག་དང་ཨ་ཀ་ནི་བརྗོད་ལ་ཟོར་ལམ་བསལ་དཀར་ཐིག་འཐེན། ནང་དུ་དམ་ཅན་སྤྱི་གཏོར་འགུགས་པ་ནས་མཐར་ཆགས་སུ་བཏང་། བྷྱོཿ། རབ་འཇིགས་དུར་ཁྲོད་སོགས་བསྐུལ་བ། འགུག་པ་ན་མོ་རྩ་བརྒྱུད་མབཅས། ཧཱུྃ། སྔོན་ཚེ་བར་དང་


JSD004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཆད་མདོ་བཏང་ལ། ཕྱར་དར་སོགས་ཀྱིས་སྣ་དྲངས་ཏེ་ཟོར་གཏོར་སོགས་ཁྱེར་ལ་འཕང་བའི་སར་རཾ་ཡཾ་ཁཾ། འདོད་ཡོན་ཟག་པ༔ ཨོཾ་ཨཱཿཧཱུྃ། རིག་འཛིན་རྩ་བརྒྱུད སོགས། གསེར་སྐྱེམས་སྔོན་དུ་འགྲོ་བས། སླར་ཡང་བྷྱོཿ། དུར་ཁྲོད་འབར་བའི༴ སོགས་ནས། དུས་ལ་བབ༔ བར་གྱིས་ཟོར་བསྐུལ། བྷྱོ༔ ཟློག་བྱེད་དམར་གྱི༴ སོགས་ཀྱིས་གཏོར་ཟོར་སྦུབ། དགོངས་གསོལ་བཞེས་འབོད། ཐལ་རྡེབ་བྱ། ཧཱུྃ ཕྱི་སྣོད་གཞལ་ཡས་སོགས། སྲུང་འཁོར་བསྒོམ། ཡང་སྒོ་ཚེ དྲུང་དུ་ལོག་ནས་ཨ་ཀཱ་རོས་བརླབས། ཧཱུྃ སྔོན་ཚེ་སློབ་དཔོན་སོགས། བརྟན་མ་བསྐྱང་། གཏོར་གཞོང་སྦུབ་ལ་ན་མོ། རྗེ་བཙུན་རྩ་བ་དང་སོགས། འགུག་པ་བཅས་ཧཱུྃ་ཧཱུྃ་བླ་མའི་བྱིན་རླབས༴ སོགས། བྲོ་མནན་མཐར་གཏོར་སྣོད་ཁ་ཡར་བསྟན་སོགས། བསོད་ནམས་རི་བོ༴ ཤིས་བརྗོད་ཤྭ་ལོ་ཀ་གཅིག །རྒྱལ་དབྱངས་


JSD004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། ནང་དུ་ལོག་ལ་ཧྲཱི༔ རང་སྣང་༴ ཚེ་འགུགས་དང་། ཡེ་ཤེས་པ་ལ་གཏང་རག་མཆོད་བསྟོད་གོང་ལྟར་ཕུལ་འཇིགས་པ་བརྒྱད་སོགས་ཞི་བའི་སོགས། དངོས་གྲུབ་བླང་། དཀྱིལ་འཁོར་ལྷ་ཚོགས༴ སོགས། ཡིག་བརྒྱ་དབྱངས་གསལ་བཅས་ནོངས་བཤགས་དང་། འདིར་ནི་རྟེན་དང་སོགས་བརྟན་བཞུགས་བྱ། ཧྲཱིཿ གང་ཤར་ཡེ་ཤེས་སོགས་ཀྱིས་བདག་བསྐྱེད་བསྡུ་ལྡང་། ཧྲཱི༔ སེམས་བསྐྱེད་དག་པའི་སོགས་བསྔོ་སྨོན་དང་། ཡེ་དྷརྨཱ༔ ཧྲཱི༔ དུས་གསུམ་ཕྱོགས་བཅུའི༴ སོགས་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་ལེགས་པར་གྲུབ་བོ། །ཞེས་རྒྱལ་བ་ཀཿཐོག་པའི་འབངས་སུ་གྱུར་པ་ཁྲོ་རྒྱལ་རྡོ་རྗེས་བྲིས་པ་དགེའོ།། །།


JSD004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཀློང་གསལ་སིངྷ་དམར་མོའི་གཏོར་ཟློག་ཉིན་ཐ་མ་འཕང་བ་ལ་བབ་ཚེ་ཟློགnext