Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་དགུ་པ།

29 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


collapse section
 
expand section
expand section
expand section
  
 expand section
  
expand section
  
རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ།  གཉིས་མེད་རྡོ་རྗེ།
  
  
 expand section
 
 expand section
  
  
  
  
  
 expand section
expand section
 expand section
 expand section
 expand section
  
  
  
 
  
  
  
 
  
  
  
  
  
  
  
  
  
  
 
expand section
expand section
  
  
  
 expand section
  
  
  
  
  
 expand section
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
 
  
 expand section
  
  
  
  
  
  
 expand section


29 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ། གཉིས་མེད་རྡོ་རྗེ།next

རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ།
གཉིས་མེད་རྡོ་རྗེ།


DTG049_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། །མནྟྲ་ཙཪྻ་ད་ཤ་ཀ་སྭ་བྷཱ་བས་ནཱ་མ། བོད་སྐད་དུ། རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བླ་མ་དང་ནི་ལྷག་པའི་ལྷ། །ཐ་དད་མེད་པར་མཆོད་པར་བྱ།། འགྲོ་བ་རྣམས་དང་རང་ཉིད་ལ། །བདག་གཞན་མི་འབྱེད་དུས་གསུམ་གཏེར། །ལུས་དང་ལོངས་སྤྱོད་སྲོག་རྣམས་ཀྱིས། །འགྲོ་བའི་མཆོག་གཙོ་བཙལ་བས་རྙེད། །དེ་ཡིས་དབང་བསྐུར་རིན་པོ་ཆེ། །དུས་གསུམ་དི་ནི་དྲན་པར་བྱེད། །ཕྱི་དང་ནང་གི་ཆོས་སྤྱོད་ཀུན། །གཉེན་པོ་བསྟེན་པས་མ་ཡིན་ཞིང༌། །དད་པའི་སྟན་ལས་གང་འོངས་པ། །ཁས་ཟས་བཞིན་དུ་བསྟེན་པར་བྱ། །ལྷ་ཡི་རྣལ་འབྱོར་བ་ཅན། །ཡང་ན་རིགས་གཟུངས་མཆོག་གཙོ་བོར། །བྱས་པའི་གང་ཡིན་དེ་དག་ནི། །ཐུན་བཞིར་བསྟན་པས་བསྒོམ་པར་བྱ། །གལ་ཏེ་རྫོགས་པའི་སྐལ་ཡོད་ན། །ཡེ་ཤེས་སྐུ་སྟེ་རབ་འབྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །བཟླས་བརྗོད་དོན་དང་ཀློག་པ་དང༌། །བྱ་བའི་རིམ་པ་ལ་མོས་ན། །རིགས་གཞན་དུ་མ་མ་ཡིན་པའི། །རང་གི་རིགས་ལ་བསླབ་པར་བྱ། །གང་ཟག་འོ་མར་ལྡན་པ་དང༌། །དེ་བཞིན་བཟའ་དང་མཐུན་པའི་དུས། །སངས་རྒྱས་རྣམས་ནི་བསྡུས་བྱས་ལ། །བདུད་རྩི་མྱང་བ་བསྒྲུབ་པར་བྱ། །གླུ་དང་གར་ནི་ཇི་སྙེད་དང༌། །དེ་བཞིན་ཡུལ་ལ་རོ་སྙོམས་ན། །ཡུལ་གྱིས་བསླང་བ་མ་ཡིན་ཞིང༌། །རང་གི་ཉམས་ཀྱིས་རོལ་པར་བྱ། །དབེན་པའི་གནས་ལ་བརྟེན་དུས་སུ། །གཙང་སྤྲ་ངོ་ཚ་སྤྱོད་པས་མིན།། དོགས་པ་ཀུན་ལས་གྲོལ་བའི་སེམས། །བསྙུང་དང་དཀའ་ཐུབ་གནས་མི་བྱ། །སྐྱོ་དུབ་སྡུག་བསྔལ་ཅི་བྱུང་ཡང༌། །དམ་པའི་དྲིན་གྱིས་གཟེངས་བསྟོད་དེ། །ཡི་ཆད་སྒྱིད་ལུག་མི་འགྱུར་བར། །སེམས་དགེ་བ་ལ་གནས་པར་བྱ། སྔགས་ཀྱི་སྤྱོད་པ་ལ་གནས་པའི། །སྔགས་པ་མཁའ་སྤྱོད་གནས་སུ་འགྲོ། །སྔགས་ལ་ཞུགས་ནས་སྤྱོད་པ་སྤོབ། །མཁའ་འགྲོ་སྐྲག་ཅིང་མནར་མེད་འགྲོ། །རང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་པ། །དཔལ་ལྡན་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ། །རྣལ་འབྱོར་པ་བསོད་སྙོམས་པ་པྲ་ཛྙཱ་ཤཱི་ཛྙཱན་ཀཱི་རྟིས་རང་འགྱུར་དུ་མཛད་པའོ།། །།


previousརང་བཞིན་དུ་གནས་པའི་སྔགས་ཀྱི་སྤྱོད་པ་བཅུ་པ་ཞེས་བྱ་བ། གཉིས་མེད་རྡོ་རྗེ།next