Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་གའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན།
 
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousསྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་གའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན།next

སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་གའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན།


JSD004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་གའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡ། སྣང་བ་མཐའ་ཡས་འཕགས་མཆོག་སྤྱན་རས་གཟིགས། །དགེ་སློང་དཔལ་མོ་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་བཟང་པོ་བལ་པོ་པེ་ཉ་པར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྱང་སེམས་ཟླ་རྒྱལ་གྲུབ་ཐོབ་ཉི་ཕུག་པ། །སྲུ་སྟོན་རྡོར་རྒྱལ་ཞང་སྟོང་དགྲ་འཇིགས་ཆེ། །མཁན་ཆེན་རྩི་འདུལ་བདེ་བ་ཅན་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བྱང་སེམས་ཆུ་བཟང་ཆོས་རྗེ་ཤེས་རབ་འབུམ། །རྒྱལ་སྲས་ཐོགས་མེད་ཆོས་ཀྱི་རིན་ཆེན་དང་། །བསོད་ནམས་རིན་ཆེན་བསོད་ནམས་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྗེ་བཙུན་


JSD004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་མཆོག་ཀུན་དགའ་རྒྱལ་མཚན་དང་། །ཀུན་དགའ་སྙིང་པོ་རྒྱལ་ཚབ་རྒྱ་མཚོ་ཟུང་། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་སྡེ། །ཕྲིན་ལས་ཤིང་རྟ་བསྟན་འཛིན་ཆོས་ཀྱི་ཉི། །ཕྲིན་ལས་རྣམ་རྒྱལ་པདྨ་ཉིན་བྱེད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་སྡེ། །རྒྱལ་མཚན་འོད་ཟེར་རྣམ་གྲོལ་རྒྱ་མཚོ་དང་། །བདེ་ཆེན་ཆོས་འཛིན་ཀུན་སྤངས་སངས་རྡོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་བརྒྱུད་བླ་མ་སངས་རྒྱས་བྱང་ཆུབ་སེམས། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་བཅས་ལ། །མི་ཕྱེད་རྩེ་གཅིག་གུས་པས་


JSD004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས། །འབྲེལ་ཚད་དོན་ལྡན་འཁོར་བ་དོང་ནས་སྤྲུགས། འཇིག་རྟེན་མགོན་པོའི་རྣམ་ཐར་ཕྲིན་ལས་དང་། །དབྱེར་མེད་དོན་གཉིས་ལྷུན་གྲུབ་བྱིན་གྱིས་རློབས། །ཞེས་པའང་ཙཱ་རིའི་སྐྱིད་ཕུག་སྒྲུབ་སྡེའི་བྱང་འདྲེན་པ་ཤེས་རབ་ལགས་ཀྱིས་བསྐུལ་ངོར་འཇམ་མགོན་གུ་ཎའི་སྨྱུང་ཆོག་གཞན་ཕན་ཀུན་ཁྱབ་ཉིད་གཞིར་བཟུང་སྟེ་རང་ལུགས་བརྒྱུད་པ་ཁ་བསྐངས་ནས་མ་ཎི་བ་སངས་རྒྱས་རྡོ་རྗེས་གཡར་ཁྲལ་དུ་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །།


JSD004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་སྨྱུང་གནས་ཆོ་གའི་བརྒྱུད་འདེབས་བྱིན་རླབས་བདུད་རྩིའི་ཆུ་རྒྱུན།next