Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
འཕགས་པ་བཅུ་གཅིག་ཞལ་གྱི་སྒྲིབ་ཐབས་སྨང་གནས་དང་འབྲེལ་བ་གྲུབ་ཆེན་དཔལ་མོའི་དགོངས་རྒྱན།
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousའཕགས་པ་བཅུ་གཅིག་ཞལ་གྱི་སྒྲིབ་ཐབས་སྨང་གནས་དང་འབྲེལ་བ་གྲུབ་ཆེན་དཔལ་མོའི་དགོངས་རྒྱན།next

འཕགས་པ་བཅུ་གཅིག་ཞལ་གྱི་སྒྲིབ་ཐབས་སྨང་གནས་དང་འབྲེལ་བ་གྲུབ་ཆེན་དཔལ་མོའི་དགོངས་རྒྱན།


JSD004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བཅུ་གཅིག་ཞལ་གྱི་སྒྲིབ་ཐབས་སྨང་གནས་དང་འབྲེལ་བ་གྲུབ་ཆེན་དཔལ་མོའི་དགོངས་རྒྱན་ཞེས་བྱ་བ་བཞུཊ་སོ།།


JSD004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་མགོན་པོ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལན་གཅིག་སྨྱུང་བར་གནས་པའི་དག་བྱེད་ཀྱིས། བསྐལ་པར་བསགས་པའི་སྡིག་ལྟུང་དྲི་འཁྲུད་པའང། །མགོན་པོ་ཐུགས་རྗེའི་གཏེར་ཆེན་མཐུ་ཁོ་ནརཾ། །ངེས་པས་སྤྱང་ཆོག་འདུས་གསལ་འཇུག་བདེ་སྤྲོ། །དེ་ལ་བྱིན་རླབས་དང་འགྲོ་ཕན་ཕྲིན་ལས་མཚུངས་ཟླ་མ་མཆིས་པ་དགེ་སློང་མ་དང་ལ་མོའི་ལུགས་འཕགས་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་དང་འབྲེལ་བར་ཉམས་སུ་ལེན་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྟེན་གྱི་གང་ཟག་ཁྱིམ་པའམ་རབ་བྱུང་ཕོ་མོ་སུ་ཡིན་ཀྱང་འདིའི་ཆོས་སྐོར་


JSD004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལེགས་པར་ཐོབ་པ་དགོས། དུས་ཁྱད་པར་ཅན་ས་ག་ཟླ་བ། དེ་ལས་ཀྱང་ཚེས་བརྒྱད་དང་། བཅོ་ལྔ་ལ་དངོས་གཞི་ཁེལ་བར་བྱ། དེ་མིན་གནས་གཙང་ཞིང་བྱི་དོར་བྱས་པར། རྟེན་གསུམ་སྤྱི་དང་ཁྱད་པར་བཅུ་གཅིག་ཞལ་གྱི་སྐུ་བརྙན་བྲིས་འབུར་གང་རིགས་བཀྲམ་པའི་མདུན་དུ། ཁེབས་ལྡན་ཁར་མཎྜལ་བ་བྱུང་དང་དྲི་བཟང་གི་ཆུས་བྱུགས་པའི་སྟེང་། རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་ལྟེ་བ་དཀར། ཤར་སྔོ་སོགས་ཕྱོགས་མདོག །མཚམས་བཞི་མཛེས་ཚོན། ཕྱོགས་བཞིར་ཟླ་གདན་ལ་ཚོན་སྤུང་གིས། དབུས་སུ་དམར་པོ། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་། མཚམས་ཀྱི་འདབ་མ་བཞི་ལ་སེར་པོ་རེ་


JSD004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའམ། མ་འབྱོར་ན་མཎྜལ་ལ་འབྲུའམ་མེ་ཏོག་གི་ཚོམ་བུ་ལྔ་བཀོད་ཀྱང་རུང་། དེའི་མདུན་ནམ་གཡས་སུ་པདྨ་འདབ་བརྒྱད་བྲིས་པའམ་འབྲུ་ཚོམ་གང་རུང་གི་སྟེང་དུ་བུམ་པ་མགུལ་ཆིངས་དཀར་པོ་ཅན། དྲི་བཟང་གི་ཆུ་དང་བུམ་རྫས་ཉེར་ལྔས་སུམ་ཉིས་བཀང་བ། ཀུ་ཤའམ་ལོ་མ་དང་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་པ་གཟུངས་རིང་གིས་བགེགས་བསྐྲད་ནས་བཞག །མདུན་ངོས་སུ་དཀྱིལ་འཁོར་པ་དང་ཆོས་སྐྱོང་སྤྱི་ལ་དཀར་གཏོར་ལྕོག་ཟླུམ་ཆེ་ཆུང་གཉིས་པད་འདབ་བཞི་ལྡན་རྒྱན་ལྔ་སྒྲོམ་ཉི་ཟླ་ནོར་བུས་མཚན་པ། དེའི་མདུན་དུ་ཚོགས་ཞིང་གི་མཆོད་པ་དཀྱིལ་འཁོར་གྱི་གཡས་ནས་དང་། བདག་བསྐྱེད་མཆོད་པ་གཡོན་ནས་འགོ་བརྩམས་པ་བཅས་ཆ་གཉིས་བཤམས། དེ་དག་གི་མདུན་ལོགས་ཅུང་དམའ་བར་མཆོད་པའི་མཎྜལ། ཁྲུས་གཞོང་། མེ་ལོང་། ཁྲུས་དར། གོས་ཟུང་རྣམས་དང་། ཀླུ་དང་གཞི་བདག་བཅས་ལ་དཀར་བཤོས་ཀླུ་སྨན་བཏབ་པའང་བཤམས། གཞན་ཡང་ཅི་འབྱོར་བའི་མཆོད་རྫས་སྤྱན་རས་གཟིགས་སྣ་ཚོགས་བཀོད་མཛེས་སུ་བྱའོ། །དེ་ནས་ཆོ་གའི་ལག་ལེན་དངོས་ལ་གསོ་སྦྱོང་བླང་བ་ནི།


JSD004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུང་གནས་སྡོད་པ་པོ་ཐམས་ཅད་ཐོ་རངས་ལངས་ལ་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས་ནམ་སེང་ལ་འཚོགས་ནས། བླ་མའམ་རྟེན་ལ་ཐུགས་རྗེ་ཆེན་པོ་དངོས་ཀྱི་འདུ་ཤེས་བསྐྱེད་དེ། ཕྱག་གསུམ་འཚལ། ཙོག་པུར་ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་


JSD004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་པ་ལན་གཉིས་ལན་གསུམ་གྱི་བར་བཟླ་དགོས་པས་ཐ་མ་ལ་སྡོམ་པ་སྐྱེས་སྙམ་པའི་ངེས་ཤེས་བསྐྱེད། ⇨ བསླབ་བྱ་བརྗོད་པ་ནི། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་


JSD004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་ལྟར་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ལན་གསུམ་བརྗོད། དེ་ནས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ་བ་ནི། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་ས་ཏྭ། པདྨ་བི་བྷ་ཥི་ཏ་བྷ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་ཉེར་གཅིག་བཟླའོ། །དེ་ནས་སྨོན་ལམ་དང་ཤིས་བརྗོད་ནི། སློབ་དཔོན་གྱིས་མེ་ཏོག་འཐོར་བ་དང་བཅས།ྋ ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་དང་། གཞན་གནོད་གཞིར་བཅས་


JSD004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་པས་གྲུབ་བོ། །གཉིས་པ་དངོས་གཞི་བདག་མདུན་གྱི་ཆོ་ག་ལ། ཐོག་མར་སྐྱབས་སེམས་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། ས་གཞི་བྱིན་བརླབ་ནི། ཐམས་ཅད་དུ་ཡང་ས་གཞི་བདག །གསེག་མ་


JSD004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང་། ཚོགས་བསགས་པ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀར་ཟླ་སྟེང་ཧྲཱིཿདཀར་པོ་གནས་པ་ལས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་པདྨའི་སྡོང་པོ་འདབ་མ་སྟོང་ལྡན་ཡངས་ཤིང་རྒྱ་ཆེ་བ་ཟླ་བའི་དཀྱིལ་འཁོར་གྱིས་མཚན་པ་ལ་བཞུགས་པར་གྱུར། ཕྱག་འཚལ་ཞིང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དང་དཔལ་མོ་ནས། །བདག་ཅག་འདྲེན་པ་མཆོག་གི་


JSD004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱོན་པའི། །དབང་བསྐུར་བྱིན་རླབས་གདམས་ངག་ལེགས་འདོམས་པའི། །དངོས་previous hit བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ next hit་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོ་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལཾ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་


JSD004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཏུད་པ་ཡི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་དང་། སྙིང་གའི་ཧྲཱིཿལས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་མཆོད་པར་གྱུར། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་པའི། །རིན་ཆེན་མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་མེད་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཨོཾ་བཛྲ་པུཎྱེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ བཛྲ་གནྡྷ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད། གང་ཡང་བདག་གིས་དུས་ཀུན་ཏུ། །སྡིག་པ་བགྱིས་པ་གང་གྱུར་པ། །སྐྲག་པའི་རྨི་འདྲར་བཤགས་བགྱིད་ཅིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱི། །དགེ་བ་རྣམས་ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་བཞུགས་གསོལ་


JSD004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱི་ཞིང་། །སྐྱབས་གསུམ་ལ་ནི་བདག་སྐྱབས་མཆི། །ཞེས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ་པའི་མཐར། ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་མི་དམིགས་པར་བཞག་གོ། །དེ་ནས་བདག་བསྐྱེད་བཟླས་པ་དང་བཅས་པ་ནི། ཨོཾ་སྭ་བྷ་དྷརྨཿསྭ་བྷ་ཝ་ཤུདྡྷེ྅་ཧཾ། ཨོཾ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པཾ་ལྗང་གུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་


JSD004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་ཏེ་ཇོ་བོའི་སྐུར་གྱུར་པ་རྣམས་འོད་དུ་ཞུ། སྔར་སྤྲོས་པའི་འོད་དང་འགྲོགས་ནས་ཚུར་འདུས་ཧྲཱིཿལ་ཐིམ་པས་ཧྲཱིཿདེ་གསེར་གྱི་པདྨ་འདབ་མ་བརྒྱད་པ་ལྟེ་བར་ཧྲཱིཿས་མཚན་པ། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་བྱུང་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་བྱོན་ནས་ཧྲཱིཿལ་ཐིམ་པས་སྐད་ཅིག་གིས་པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་ཆེས་དཀར་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ལྗང་། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར།


JSD004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་ཞིང་ཞི་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ་སྤྱན་གསུམ་པ། རལ་པ་དམར་གསེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་ཤིང་རྒྱན་སྤངས་པ་མགུལ་བ་དང་བཅས་པའོ། །རྩ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་བགྲང་ཕྲེང་། གསུམ་པས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འཛག་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པ་ན་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པ་ན་རིལ་པ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། རི་དྭགས་ཀྱི་པགས་


JSD004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནུ་མ་གཡོན་པ་བཀབ་པ། རས་བཟང་པོའི་ཤམ་ཐབས་དང་ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་ཅན། རིན་པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དར་གྱི་ཅོད་པཎ་ལ་སོགས་པས་བརྒྱན་ཅིང་། མཚན་དཔེ་རྫོགས་པའི་སྐུ་འོད་ཟེར་དཀར་པོ་འཕྲོ་བའི་རང་བཞིན་ཅན་དུ་གྱུར། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང་། ལྷོ་ཕྱོགས་པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ༀ་བཛྲ་པུཥྤ་ཨཱཿཧཱུྃ་སྭཱ་ཧཱ། དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།


JSD004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཧཱུྃ་སྔོན་པོས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་གྱུར། ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། ཨོཾ་བཛྲ་པུཥྤ༴ དྷུ་པེ་ཨ་ལོཀེ་གནྡྷ་ནཻ་ཝིདྱ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་རྣམ་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས། སྒོ་གསུམ་གྱི་དྲི་མ་དག༔ ཤེས་ཀྱི་ཆུས་ལུས་གང་ཞིང་ཆུའི་ལྷག་མ་ཡར་ལུད་པས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་གྱུར། བཟླས་དམིགས་ནི། རང་གི་ཐུགས་ཀར་


JSD004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་པད་ཟླ་ལ་ཏིང་འཛིན་སེམས་དཔའ་ཧྲཱི༔ དེ་ལས་འོད་ཟེར་དང་ཐུགས་རྗེ་ཆེན་པོའི་སྐུ་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཇོ་བོའི་གོ་འཕང་ལ་བཀོད། ཚུར་འདུས་ཐུགས་ཀའི་ཧྲཱིཿལ་ཐིམ་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཨརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བ་ཡཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ༔ ཨརྷ་ཏེ། སམྱཀྶཾ་བུདྡྷེ་བྷྱ༔ ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚི་ཝིཊྚི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ཡ་ནཱ་ཡེ་སྭཱ་ཧཱ།


JSD004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཟུངས་རིང་ཚར་གཅིག་དང་། ཏདྱ་ཐཱ་མན་ཆད་སྙིང་པོ་བརྒྱ་དང་བདུན་བཟླའོ། །དེ་ནས་མདུན་བསྐྱེད་ནི། དཀྱིལ་འཁོར། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། རང་གི་ང་གའི་ཧྲཱིཿལས་བྷྲཱྃ་ཆད་དེ་མདུན་བསྐྱེད་ཀྱི་གནས་སུ་བབས་པ་ལས། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པའི་དབུས་སུ། པདྨ་འདབ་མ་བརྒྱད་པའི་ཕྱོགས་བཞིར་ཟླ་བའི་གདན་རེ་རེ། དབུས་ཀྱི་གདན་སྟེང་དུ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་ཆེས་དཀར་བ། ཞལ་བཅུ་གཅིག་གི་རྩ་ཞལ་དཀར་བ། གཡས་ལྗང་། གཡོན་དམར་བ། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་བ། དེ་རྣམས་འཛུམ་ཞིང་ཞི་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ།


JSD004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་ཤིང་རྒྱན་སྤངས་པ་མགུལ་པ་དང་བཅས་པའོ། །རྩ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་བགྲང་ཕྲེང་། གསུམ་པས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་འཛག་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པས་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པ་ན་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རས་བཟང་པོའི་ཤམ་ཐབས་དང་ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་ཅན། རིན་


JSD004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་དབུ་རྒྱན། རྣ་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན། དར་གྱི་ཅོད་པན་ལ་སོགས་པས་བརྒྱན་ཅིང་། མཚན་དཔེའི་རྫོགས་པའི་སྐུ་འོད་ཟེར་དཀར་པོ་འཕྲོ་བའི་རང་བཞིན་ཅན་དུ་གྱུར། དེའི་དབུ་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དམར་པོ་མཉམ་གཞག་གི་ཕྱག་རྒྱ་མཛད་པ། ཤར་དུ་ཧཱུྃ་༜ ལས་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། ལྷོར་ཏཱཾ་ལས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ཨོཾ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། གཤེགས་པ་གཞན་གསུམ་གཡོན་མཉམ་གཞག་མཛད་པ་ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །མཚམས་ཀྱི་འདབ་མ་བཞིར་བུམ་པ་བཞི་འགྲུབ་པར་གྱུར། དེའི་ཐུགས་ཀར་


JSD004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླ་ལ་གནས་པའི་ཧྲཱིཿདཀར་པོ་དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་དང་། ལྷོ་ཕྱོགས་པོ་ཏ་ལ་ནས་འཕགས་པ་ཐུགས་རྗེ་ཆེན་པོ་ལྷ་ལྔའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། བཛྲ་ས་མ་ཛཿས་སྤྱན་དྲངས། ༀ་བཛྲ་པུཥྤ༴ དྷུ་པེ་ཨ་ལོ་ཀེ་གཏྗེ་ཝིདྱ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད། ཛཿཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃསྔོན་པོས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཡང་འོད་འཕྲོས་དབང་ལྷ་རིགས་ལྔ་སྤྱན་དྲངས། ཨོཾ་བཛྲ་པུཥྤ་སོགས་ཉེར་སྤྱོད་ལྔས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷ་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་


JSD004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བར་གྱུར། དེ་ནས་བཟླས་པ་ནི། བདག་མདུན་གཉིས་ཀའི་ཕྱག་མཛུབ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་གཟུངས་རིང་བརྒྱ་རྩ་བརྒྱད་དག༔ པར་བཟླའོ། །གསུམ་པ་རྗེས་ཆོག་གི་རིམ་པ་ནི། བདག་གི་ཡེ་ཤེས་པ་མདུན་གྱི་གཙོ་བོ་ལ་ཐིམ་པར་གྱུར། དེ་ནས་ཚོགས་བསགས་ཡན་ལག་བདུན་པ་ནི། ཕྱག་འཚལ་བ་དང་བཅས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དང་དཔལ་མོ་ནས། །བདག་ཅག་འདྲེན་པ་མཆོག་གི་བར་བྱོན་པའི། །དབང་བསྐུར་བྱིན་རླབས་གདམས་ངག་ལེགས་འདོམས་པའི། །དངོས་previous hit བརྒྱུད་བླ་མ་


JSD004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ next hit་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་


JSD004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དེ་ནས་མཆོད་པ་འབུལ་བ་ལ་མཆོད་རྫས་བྱིན་རླབས་ནི། མཆོད་པ་རྣམས་ཁ་གསོས་ལ། སྭ་བྷ་ཝས་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱཏྱཾ་ པུཥྤེ་ དྷུ་པེ་ ཨ་ལོ་ཀེ་ གནྡྷེ་ནཻ་ཝིདྱ་ཤབྡ་སྭཱ་ཧཱ། ཕྱག་རྒྱ་དང་བཅས་བྱིན་བརླབས་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨཧཱུྃ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། རབ་


JSD004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་རྒྱ་མཚོ་དཔག་མེད་ན། །ཞབས་བསིལ་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་པཱཏྲཾ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་པུཥྤ་པྲ་ཏཱིཙྪ་ཨཱཿཧཱྃ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྠ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་དྷུ་པེ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་དང་། །


JSD004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་ཨཱ་ཧཱུྃ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །དྲི་ཆབ་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་གནྡྷ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་ཚི བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ནི་ཝིདྱ་པྲ་ཏཱི་ཙྪ་ཨཱཿཧཱུྃ་སྭཱ་ཧཱ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །རོལ་མོ་ཇི་སྙེད་ཡོད་པ་དང་། །བདག་གི་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྷ་ཨ་ཝ་


JSD004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་འབུལ། དེ་ནས་མཆོད་པའི་མཎྜལ་ལ་ཚོམ་བུ་འགོད་པ་དང་བསྟུན། ཨོྃ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ། ཧཱུྃ། རིའི་རྒྱལ་པོ་རི་༜ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་ང་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ།


JSD004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་༜དམ་པ་རྣམས་དང་ཡི་དམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དམ་རཏྣ་མཎྜལ་ཀཾ་ནིརྵ་ཏ་ཡ་མི། མ་ལྕོགས་ན་བསྡུས་


JSD004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབུལ། ཐལ་མོ་སྦྱར་ཏེ་སྤྱི་བཤགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་མ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང་། ཕ་དང་མ་ལ་མ་གུས་པ་དང་། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་


JSD004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་དང་། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་བསྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་། བགྱིད་དུ་བསྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱིད་ལགས་སོ། ཡན་ལག་ལྷག་མ་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་


JSD004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། བདག་གི་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དེ་ནས་བསྟོད་པ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་དགེ་སློང་མ་དཔལ་མོ་ཐལ་མོ་སྦྱར་ཏེ་


JSD004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ནས་ངོ་ཆེན་མཛད་པར་གྱུར། གུས་པས་ཕྱག་དང་བཅས་ཏེ། ༀ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པད་མས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་


JSD004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨོའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །སུམ་མཐར་མཛད་ཅིང་མཁའ་སྤྱོད་


JSD004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལ་རྒྱལ་བ་བོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་པ་པོ། ༜མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །འདི་ཡན་ཆད་ལན་ཉེར་གཅིག་འདོན། གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ཅིང་། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཀྱང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་།འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་ལན་གཅིག་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་


JSD004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་སོགས་སེམས་ཅན་ཐམས་ཅད་བདེ་ཞིང་དམ་པའི་ཆོས་ལ་པར་བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་གཏོར་མ་འབུལ་བ་ནི། གཏོར་མ་དང་པོ་སྭ་བྙས་སྦྱངས། སྟོང་པའི་ངང་ལས་བྷྲཱྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ལས་བྱུང་བའི་གཏོར་མ་


JSD004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ་ལ། ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། ཨརྒྷཾ་པཱཏྱཾ་པུཎྱེ་དྷུ་པེ་ཨ་ལོ་ཀེ་གནྡྷ་ནཻ་ཝིདྱ་ཤབྡས་མཆོད། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་རྣམས་ལ་འབུལ་ལོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་བྱང་ནས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ནས་མྱུར་དུ་འཕགས་པའི་གོ་འཕང་ཐོབ་པར་མཛད་དུ་གསོལ། གཏོར་མ་གཉིས་པ། ༀ་་ཨཱཿཧཱུྃ། ལན་གསུམ་གྱིས་སྦྱངས་སྤེལ་བསྒྱུར་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་


JSD004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨཱ་ཎཾ་ཨཱ་དྱནུ་ཏྤནྣ་ཏོཏྟ་ཨོཾ་ཨཱཿཧཱུྃཧཱྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོ། ཨརྒྷཾ་པཱཏྱཾ་པུཥྤ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤབྡས་མཆོད་ཅིང་། མཆོད་སྦྱིན་གྱི་གཏོར་མ་འདི་བསྟན་སྲུང་དམ་ཅན་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་ཁམས་སུ་ ྂའཁྲུགས་འཚེ་ཞི་ཞིང་། བདེ་ལེགས་འབྱུང་བ་དང་། ཆོས་སྒྲུབ་པ་རྣམས་ཀྱི་བར་ཆད་ཞི་ནས་བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་དུ་གསོལ། གཏོར་མ་གསུམ་པའང་འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབས། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས། མཆོད་སྦྱིན་གྱི་གཏོར་མ་འདི་ལྷ་ཀླུ་ཁྱད་པར་ཅན་རྣམས་ཀྱིས་གཙོ་བྱས་པའི་གཞི་བདག །གནས་བདག །གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །འཇིག་རྟེན་ཁམས་སུ་བདེ་ལེགས་འབྱུང་ཞིང་། གནས་མགྲོན་གྱི་དམ་ཚིག་བསྲུང་


JSD004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། འགོ་ཞིང་སྡོང་གྲོགས་གཉེན་པོ་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། ཆོ་ག་ཚར་རེ་བཞིན་གཏོར་མ་བཏང་བ་མ་ལྕོགས་ན། ཆོ་ག་སྔ་མ་གཉིས་ལ་འབྲུ་དང་ཟན་རིལ་གྱིས་གཏོར་མ་སྔ་མ་གཉིས་ཁ་གསོ། ཕྱི་མ་ལན་གསུམ་པར་བཏང་། སྤྲོས་པ་བསྡུ་ན། ཚར་རྗེས་ཁོ་ནར་གཏོར་འབུལ་རྣམས་ལན་གཅིག་བྱས་ཀྱང་ཆོག་པར་གསུངས་པས་གོང་དུ་བཅའ་གཤོམ་སྐབས་ནས་གྲབ་ཡུལ་དེ་མཚུངས་བྱའོ། །དེ་ནས་སྨོན་ལམནི། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ཏེ། །སྤྱན་རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་བརྗོད་དོ། །སྤྲོ་ན་ཁྲུས་ཁང་བསྐྱེད་པ་ནས་ན་བཟའ་འབུལ་བའི་བར་ཁྲུས་གསོལ་རྒྱས་པར་བྱ། བསྡུ་ན། མེ་ལོང་དུ་ལྷའི་གཟུགས་བརྙན་ཤར་བ་ལ་བུམ་ཆུ་བླུགས་ཤིང་། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས།


JSD004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །ཅེས་སྐུ་ཁྲུས་གསོལ། ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པར་གྱུར་པས་བྱིང་བ་དང་རྒོད་པའི་དབང་གིས། ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ་དང་། གཙང་སྦྲ་ཆུང་བ་ལ་སོགས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་བཟོད་པར་གསོལ་གྱིས། བདག་ཅག་ལ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་པདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་བྷོ་མེ་བྷ་ཝ། སུ་ཏོ་ཥྱོམེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ༔ བྷ་


JSD004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཝཱན། སརྦ་ཏ་ཐཱ་ག་ཏ། པདྨ་མཱ་མེ་མུཉྩ། པདྨ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་་ཨཱ༔ ཞེས་ལན་བདུན་ནམ་གསུམ་བརྗོད། གཟུངས་ཆབ་ལེན་པ་ནི། སྔར་གྱི་ཁྲུས་ཆུ་བུམ་པར་བླུགས་པ་རང་དང་སྒྲུབ་གྲོགས་རྣམས་ལ་བཀྱེ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ལན་གསུམ་བཟླས་པ་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འཕགས་པ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁར་བྱོན་ཏེ་ཡུམ་ཡི་གེ་དྲུག་མའི་ཕྱག་ནས་བདུད་རྩིའི་རྒྱུན་བབས་པ་བདག་གི་སྤྱི་བོར་བླུགས་པར་གྱུར། ཞེས་ལན་གསུམ་བཀྲུས་པར་བསམ་ལ། དང་པོས་ཉོན སྒྲིབ་དག །གཉིས་པས་ཤེས་སྒྲིབ་དག །གསུམ་པས་སྐྱེ་མེད་ཆོས་སྐུར་གྱུར། །ཅེས་བུམ་ཆུ་ལན་གསུམ་འཐུང་། དངོས་གཞིའི་ཉིན་བུམ་ཆུ་བཏུང་མི་རུང་ཡང་ཁྲུས་ལན་གསུམ་བྱ། གཙོ་འཁོར་གསུམ་པོ་རང་གི་སྤྱི་བོར་ཐིམ་པར་གྱུར། །ཅེས་ཅུང་ཟད་མཉམ་པར་བཞག་གོ། །དེ་རྗེས་སྨྱུང་གནས་ཆོ་ག་མང་པོ་སྦྲེལ་ནས་བྱེད་པའམ་སྦྱོར་དངོས་ཉིན་རྡུལ་ཚོན་གྱི་ལྷ་ལ་བརྟན་པར་


JSD004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་བྱ། ཚེས་བཅུ་དྲུག་ལྟ་བུ་རྗེས་གྲོལ་བའི་ཉིན་སྐྱ་རེངས་ཀྱི་དུས་ནས་གསོ་སྦྱོང་མ་གཏོགས་ཆོ་ག་ཚར་གཅིག་གཏང་རག་གི་ཚུལ་དུ་བྱས་ནས་བརྟན་བཞུགས་མེ་ཏོག་འཐོར་རྗེས། ཐུགས་རྗེ་ཕྱག་ན་པདྨོ་ཡིས། །ཡིད་ཀྱི་པདྨོ་ཁ་ཕྱེ་ནས། །རི་བོ་ཏ་ལར་གཤེགས་ནས་ཀྱང་། །ཚུར་སྤྱོན་ཐུགས་རྗེ་ཆེན་པོ་མུ ཞེས་སེ་གོལ་དང་བཅས། རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་གྱུར། ཞེས་བརྗོད་ལ། ཚོམ་བུ་སོགས་བསྡུའོ། །དེ་མིན་ཆོ་ག་ཀུན་ལ། བདག་བསྐྱེད་ཀྱི་ཞལ་ཕྱག་རྣམས་རྩ་བའི་ཞལ་ཕྱག་ལ་བསྡུས་ཏེ་རང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཞེས་བརྗོད། དེ་ནས་བསྔོ་སྨོན་བཀྲ་ཤིས་ནི། དགེ་བ་འདི་ཡིས་མྱུར་དུ་བདག༔ སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །སོགས་དང་། བཟང་


JSD004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་སྤྱོད་འཇུག་བསྔོ་བའི་ལེའུ་གཙོར་གྱུར་ཐེག་ཆེན་སྨོན་ལམ་ཅི་ནུས་བརྗོད། བསྡུ་ན། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །སོགས་བྱ། དེ་ནས། སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་མཆོད་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཅེས་དང་། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་


JSD004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱིས། བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་དུག་ལྔས་གདུང་བའི་དགྲ་ཞི་ནས། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ནས། བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་གྱུར་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བཅས་ཀྱིས་ཐོག་དྲངས། ཤིས་བརྗོད་རྒྱ་ཆེར་བརྗོད་ཅིང་མེ་ཏོག་འཐོར་བ་དང་རོལ་


JSD004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྒྲ་རྒྱ་ཆེར་བྱའོ། །དེ་ལྟར་སྦྱོར་དངོས་གཉིས་ལ། ཆོ་ག་ཚར་གསུམ་རེ་དང་། རྗེས་ཆོག་ཉིན་ཚར་གཅིག་བྱ་བ་ལས། ཐུན་དང་པོར་གོང་བཤད་ཚང་མ་དང་། ཐུན་ཕྱི་མ་གཉིས་ལ་གསོ་སྦྱོང་སྐོར་བཞག །གཞན་ཤིས་བརྗོད་བར་ཆ་ཚང་བཏང་། ཉིན་གསུམ་པའི་ཞོགས་པར་ཡང་གསོ་སྦྱོང་མ་གཏོགས་ཆོ་ག་སྔར་བཞིན་ལ། གཟུངས་རིང་ཉེར་གཅིག་དང་། པོ་བསྟོད་བདུན་ཙམ་བྱས་ཀྱང་ཆོག །སྦྱོར་བའི་ཉིན་ཤ་ཆང་། སྒོག་ཙོང་། ལ་ཕུག །ཏིལ། སྲན་མ་སོགས་སྤངས་ཏེ། དཀར་གསུམ་ལ་བརྟེན་པའི་ཁ་ཟས་གདན་གཅིག་བྱ། དེ་ཡང་འཁར་བ་དང་། ལོ་མ་དང་། ལག་མཐིལ་རྣམས་སུ་མི་བཟའ། ཕྱི་དྲོ་ཇ་བུ་རམ་ཞུན་མར་སོགས་བསྟེན་རུང་། དངོས་གཞིའི་ཉིན་གཉིད་སད་ནས་སྨྲ་བཅད་བྱ། འབྲུ་ཉག་གཅིག་གམ་ཆུ་ཐིགས་གཅིག་ཀྱང་བཟའ་བཏུང་མི་བྱ། ཆོ་ག་ཡང་ཡིད་འདོན་དགོས་པར་དམིགས་པ་མི་གསལ་བ་དག་གིས་སྒྲ་བཅས་བྱས་ན་ལེགས་ཞེས་དམ་པ་གོང་མ་འགས་གསུངས། རྗེས་ཀྱི་ཉིན་ནམ་ལངས་པ་དང་ལུས་ཀྱི་སྲིན་བུ་བཀྲེས་པ་སེལ་ཕྱིར་ཆུ་ཐང་སླ་མོ་ཕོར་པ་གང་རེ་


JSD004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་། དེ་ཉིན་ཡང་བཟའ་བཏུང་སྦྱོར་བའི་སྐབས་དང་འདྲ་ཞིང་། སྤྱོད་ལམ་འཇམ་དེས་གཙང་སྦྲ་ལ་གནས་པར་བྱ། གཟུངས་ཆབ་ལ་གཟུངས་སྔགས་ཀྱི་ཕན་ཡོན་ཆ་མཐུན་ཡོད་པས་རང་གཞན་སྐྱེ་བོ་ཀུན་གྱིས་ཁྲུས་བྱ་ཞིང་ཁར་བཏུང་བ་དང་། རུས་པ་དང་རོ་སོགས་ལ་འཐོར་ཞིང་ཆུ་ཀླུང་ཆེན་པོར་བླུགས་པ་སོགས་འགྲོ་དོན་ཅི་ཆེར་བྱ། རྡུལ་ཚོན་རྣམས་ཀྱང་ས་དང་ཆུ་ལ་གནས་པའི་སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། རི་ཆེན་པོའི་རྩེ་དང་། རྒྱ་མཚོར་འབབ་པའི་ཆུ་བོར་སྤྱན་འདྲེན་པ་དང་། མཆོད་རྫས་དམན་པ་རྣམས་མགོན་མེད་དང་དབུལ་ཕོངས་ལ་སྦྱིན་པར་བྱ། གཉིས་རེ་ལ་ཚར་གཅིག་ཏུ་བརྩིས་པའི་ཚར་བརྒྱད་ལ་དཀར་པོ་ཆ་བརྒྱད་ཅེས་གྲགས་ཏེ་བཅུ་གཅིག་ཞལ་གྱི་དུས་བསྙེན་ཐེམས་པ་ཡིན། དེ་ལྟར་བསམ་པ་དག་པས་སྨྱུང་གནས་དང་། ཆོ་ག་ཡང་དག་པ་བྱས་པའི་ཕན་ཡོན་ནི། ཇི་སྐད་དུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཚེས་བརྒྱད་དམ་བཅོ་ལྔའི་དུས་ལ་བབ་པའི་ཚེ། སྨྱུང་བར་གནས་པའམ། བསྙེན་གནས་ལ་གནས་པ་དག་གིས་ཀྱང་རུང་སྟེ།


JSD004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་མིང་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་བརྗོད་ཅིང་ཕྱག་འཚལ་བར་བྱེད། ཡིད་ལ་སེམས་པར་བྱེད་ན། སེམས་ཅན་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་དེ་ངེས་པར་དྲངས་ནས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་བགྱིའོ། །ཡིད་ལ་སེམས་པར་བྱེད་ན། སེམས་ཅན་དེས་མཚམས་མེད་པ་ལྔའི་ལས་བྱས་ཀྱང་ངེས་པར་དྲངས་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་བགྱི་སྟེ། ངན་སོང་དང་ངན་འགྲོར་འགྲོ་བའི་གནས་མ་མཆིས་གོ་སྐབས་མ་མཆིས་སོ། །ཞེས་གསུངས། གཞན་ཡང་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བ་དང་། རྩ་ལྟུང་ཕོག་པ་དང་། མཚམས་མེད་ལྔ་བྱས་པའང་ཡོངས་སུ་བྱང་ཞིང་། སྐྱེ་བ་དམན་པའི་བུད་མེད་ཀྱིས་ཀྱང་། སྨྱུང་གནས་ལན་གཅིག་བྱས་ན། ཤི་ནས་སྐྱེས་པའི་ལུས་ཐོབ་སྟེ་བྱང་ཆུབ་སེམས་དཔར་འགྱུར་ཞིང་འཁོར་བ་ལ་རྒྱབ་ཀྱི་ཕྱོགས་པར་གསུངས་པ་དང་། གཟིགས་དངོས་བྱང་སེམས་ཟླ་བ་རྒྱལ་མཚན་གྱིས་ཀྱང་། སྨྱུང་གནས་རྣམ་དག་ཚར་བརྒྱད་བྱས་ཤིང་འཕགས་པའི་མཚན་བརྒྱ་རྩ་རེ་བརྗོད་དེ་ཕྱག་འཚལ་ན་ངེས་པར་བདེ་བ་ཅན་གྱི་འཇིག་རྟེན་དུ་ཕྱིར་མི་ལྡོག་པའི་ས་


JSD004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཅིང་། བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ལ། ལན་གཅིག་གིས་ཀྱང་ངེས་པར་ངན་འགྲོའི་སྒོ་བཅད་པར་འགྱུར། ཆོས་འདི་སངས་རྒྱས་བྱུང་སེམས་ཐམས་ཅད་ཐབས་ཡིན་པས་ཀུན་གྱིས་འདི་ལ་བསླབ་པར་བྱའོ། །ཞེས་དང་། སྨྱུང་གནས་སྔོན་འགྲོ་གདན་གཅིག་ཉིན་མི་གཅིག་ལ་འཚོ་བ་དྲངས་ན། ས་བརྒྱད་པའི་བྱང་སེམས་ལ་དྲངས་པ་དང་བསོད་ནམས་མཉམ་ཞིང་། གནས་ཚར་བའི་ཕྱིར་ནང་མི་གཅིག་ལ་འཚོ་བ་དྲངས་ཀྱང་རང་སངས་རྒྱས་ལྔ་བརྒྱ་ལ་དྲངས་པ་དང་འདྲ། གསོ་སྦྱོང་བླངས་པ་ཙམ་ལ་དྲངས་ན་དགྲ་བཅོམ་པ་ལ་དྲངས་པའི་ཕན་ཡོན་ཐོབ་པ་དང་། བདག་དེ་ངན་སོང་གསུམ་དང་། ནད་མཚོན་མུ་གེའི་བསྐལ་པར་ནམ་ཡང་མི་སྐྱེ་ཞིང་། ཚེ་རབས་ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་འཁྲུངས་པ་སོགས་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་གསུངས། དེ་བཞིན་དུ་བྱང་སེམས་ཆུ་བཟང་པས་ཀྱང་འདའ་ཁར་ཞལ་ཆེམས་སུ། ད་ང་འགྲོ་བས་ངའི་རྒྱགས་ལྷག་གང་ཡོད་ཀྱིས་དགེ་བ་གཞན་བྱ་མི་དགོས། སྨྱུང་གནས་འཚོགས་མི་


JSD004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འབྱོར་ན་གདན་གཅིག །མ་འབྱོར་ན་ཐོར་ཐུག་རེ་དྲོངས། དེའང་མ་འབྱོར་ན་མེ་ཤིང་དུམ་པ་རེའི་གཞི་གྱིས་དང་འདི་ཁོ་ན་བསོད་ནམས་ཆེ་བ་ང་ལ་འཕགས་པས་དངོས་སུ་གསུངས་པ་ཡིན། མིའི་ཟེར་ལོ་ཙམ་མིན། ཁོང་གིས་རྫུན་མི་གསུང་། ཞེས་རྗེས་འཇུག་རྣམས་ལ་བརྩེ་བས་རྗེས་སུ་གདམས་པར་མཛད། ད་ལྟ་རྩོད་ལྡན་སྙིགས་མའི་དུས་ངན་འདིར་སྔགས་བླ་མེད་ཀྱི་ལྟ་སྒོམ་ཟབ་མོ་རྣམས་གོ་ཡུལ་ཙམ་ཡང་མ་ཆགས་པར། སྨྱོ་ཆང་སོགས་ལ་བག་མེད་དུ་སྤྱོད་པ་ལ་བརྟུལ་ཞུགས་སུ་རེ་ནས་ཆོ་ག་བོན་གྱེར་ནོར་འཁྲུལ་རྒྱུན་འབྱམས་རེ་གཏོང་བ་ལ་རྩིས་པོ་ཆེ་བྱེད་ནས་རང་གིས་རང་བསླུ་བ་དེ་འདྲ་ལས། གང་ཟག་མཐོ་དམན་སུས་ཀྱང་ཉམས་སུ་ལེན་ཆོག་པ་ཚེགས་ཆུང་ལ་དོན་ཆེ་བ་ཁེ་ཆེ་ལ་ཉེན་ཆུང་བ་ཕྱི་གཙང་ནང་གཙང་འདི་ལྟ་བུའི་ལམ་བཟང་ལ་འབད་འབུངས་བཏོན་ན་གནས་སྐབས་སུའང་གསོན་པོའི་ནད་གདོན་བར་ཆད་ཞི་གཤིན་པོ་སྐྱབས་མེད་མགོན་མེད་རྣམས་ཀྱི་དགེ་རྩ་ལ་དེ་ལས་ལྷག་པ་མེད་ངེས། དེ་ཡང་ཕྱོགས་འདིའི་ཆོས་པར་རློམ་པ་ཕལ་ཆེར་བཤེས་གཉེན་ཚད་ལྡན་ལ་མ་གཏུགས་པར་ཆོས་སྤྱན་དང་བྲལ་བས་


JSD004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་གསོལ་འདེབས་སྒྲུབ་ཐབས་ཀྱིས་སྨྱུང་གནས་ཆོ་ག་ལ་ཞྭ་དཔེ་ལྷམ་འགེབས་བྱེད་པ་དང་། ཡང་ཁ་ཅིག་དཔལ་མོའི་ལུགས་ཀྱི་སྡོམ་ལུང་སོགས་བརྒྱུད་པ་ཐ་དད་ལས་ནོད་ནས། ཆོ་ག་བཏང་ཚེ་དགེ་ལྡན་བླ་བརྒྱུད་ཅན་ཁོ་ནར་བླུན་པོ་གྲགས་རྗེས་སུ་འབྲང་བ་སོགས་འབྲེལ་མ་ཆགས་པ་མང་པོ་ཞིག་མཐོང་བས་བློ་ལྡན་རྣམས་ཀྱིས་དེ་དག་ལ་ནམ་ཡང་ཡིད་རྟོན་པར་མི་བྱའོ། །རྣམ་དག་ཆོག་ཁྲིགས་བཀོད་པའི་དགེ་བ་ཡིས། །འགྲོ་དྲུག་ཕ་མ་མཁའ་མཉམ་སེམས་ཅན་རྣམས། །མཐའ་གཉིས་མཚོ་ཆེན་ཕ་རོལ་མྱུར་བགྲོད་ནས། །སྤྱན་རས་གཟིགས་དབང་གོ་འཕང་མཆོག་ཐོབ་ཤོག༔ ཅེས་པའང་བསྟན་ཞབས་ཀྱི་བྱ་སྤྲང་མ་ཎི་བ་སངས་རྒྱས་རྡོ་རྗེས། རྩ་བ་དཔལ་མོའི་རྒྱ་གཞུང་དང་ཐོགས་མེད་ཞབས་སོགས་བོད་ཀྱི་ཡིག་ཆ་ཁུངས་ཐུབ་བདུན་ཙམ་ལ་ཞིབ་མོར་དཔྱད་ནས། དོན་གནད་ཚང་ཞིང་ཚིག་རོ་ཉུང་བ་གཙོ་བོར་བཏོན་ནས་ཆུ་བབས་སུ་རང་གནས་ཕུན་ཚོགས་རྔ་ཡབ་ཆོས་གླིང་དུ་སྦྱར་བའི་ཡི་གེ་པ་ནི་རྟ་མང་བིཀྵུ་སྐད་གཉིས་སྨྲ་བ་བི་ཛ་ཡས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། སརྦ་མངྒ་


JSD004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ།།


previousའཕགས་པ་བཅུ་གཅིག་ཞལ་གྱི་སྒྲིབ་ཐབས་སྨང་གནས་དང་འབྲེལ་བ་གྲུབ་ཆེན་དཔལ་མོའི་དགོངས་རྒྱན།next