Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
གུང་ཚིགས་དུས་ཕུད་མཆོད་ནི།
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousགུང་ཚིགས་དུས་ཕུད་མཆོད་ནི།next

གུང་ཚིགས་དུས་ཕུད་མཆོད་ནི།


JSD004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གུང་ཚིགས་དུས་ཕུད་མཆོད་ནི། སྣོད་གཙང་མར་ལྷ་བཤོས་བཞི་དང་། ཆངས་བུ་གསུམ་བཤམས་ལ། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པའི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་ཤོག །དེ་ནས། ཨོཾ་ཨཱཿཧཱུྃ་གིས་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས། ཨོཾ་གུ་རུ་བཛྲ་ནཻ་ཝིདཱུ་ཨཱཿཧཱུྃ། ཨོཾ་རཏྣ་བཛྲ་ནཻ་ཝིདྱ་ཨཱཿཧཱུྃ། ཨོཾ་ལོ་ཀི་ཤྭ་རི་བཛྲནི་ཝིདྱཱ་ཨཱཿཧཱུྃ། ཨོཾ་དྷརྨ་པཱ་ལ་སརྦ་བཛྲ་ནཻ་ཝིདྷཱུ་ཨཱཿཧཱུྃ། ཞེས་བླ་མ། དཀོན་མཆོག༔ སྤྱན་རས་གཟིགས། ཆོས་སྐྱོང་རྣམས་ལ་ལྷ་བཤོས་རེ་འབུལ། ཨོཾ་ཧ་རི་ཏི་པིཎྜི་ཨ་ཁཾ་སྭཱ་ཧཱ། ཨཾ་ཧ་རི་ཏི་པིཎྜི་ནི་ཁཾ་སྭཱ་ཧཱ། ཨོཾ་ཨཱ་གྲ་པིཎྜི་ཨ་སྱེ་བྷྱསྭཱ་ཧཱ། འཕྲོག་མམ་བུ་ལྔ་བརྒྱ། འབྱུང་པོ་ཕུད་ལ་དབང་བ་རྣམས་ལ་ཆངས་བུ་རེ་


JSD004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན། དེ་ནས་ལུས་ཀྱི་སྲིན་བུ་རྣམས་ད་ལྟ་ཟས་དང་། མཐར་ཆོས་ཀྱིས་བསྐྱང་བར་བྱ་སྙམ་པས། བཟའ་བཏུང་ལ་ལོངས་སྤྱད་ནས། ཨོཾ་ཨུཙྪིཥྚ་པིཎྜི་ཨ་ཤི་བྷྱཿསྭཱ་ཧཱ། ཞེས་འབྱུང་པོ་ལྷག་ལ་དབང་བ་ལ་ཆངས་བུ་གཅིག་བྱིན་ནས་ཁ་བཤལ། ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མོ་མཉྫུ་ཤྲཱི་ཡ། ཀུ་མཱ་ར་བྷ་ཏཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལམྗེ། ནི་རཱ་བྷ་སེ། ཛ་ཡ་ཛ་ཡ་ལབ་བྷེ། མ་ཧཱ་མ་ཏེ། དཀྱེ་དཀྵེ་ཎི་མེ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ཞེས་ཡོན་ཡོངས་སུ་དག་པའི་གཟུངས་འདོན། གང་གིས་སྦྱིན་པ་གང་ལ་བཏང་། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་ཉམས་པ་དེ་ཉིད་ནི། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །ཅེས་སྨོན་ལམ་དང་། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་


JSD004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །སོགས་བརྗོད་ཅིང་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་རོལ་པར་བལྟའོ། །ཞེས་ལམ་ཞུགས་རྣམས་ཀྱིས་འཚོ་བ་དག་པའི་ཐབས་མཁས་ཀྱི་བྱ་བ་སྦྱོར་དངོས་རྗེས་གསུམ་འདི་ཙམ་དང་ལྡན་པ་གལ་ཆེ་བ་ལགས་སོ། །ཞེས་པའང་མདོ་ཁམས་པ་སངས་རྒྱས་རྡོ་རྗེས་སོ།།


JSD004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགུང་ཚིགས་དུས་ཕུད་མཆོད་ནི།next