Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
བསྔོ་སྨོན་རྣམ་དག་བསོད་ནམས་མཐའ་ཡས་རྒྱ་མཚོ།
  
  
  
  
  
  
  
  
  
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousབསྔོ་སྨོན་རྣམ་དག་བསོད་ནམས་མཐའ་ཡས་རྒྱ་མཚོ།next

བསྔོ་སྨོན་རྣམ་དག་བསོད་ནམས་མཐའ་ཡས་རྒྱ་མཚོ།


JSD004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་སྨོན་རྣམ་དག་བསོད་ནམས་མཐའ་ཡས་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ན་མོ། རྩ་previous hit བརྒྱུད་བླ་མ་དཀོན་མཆོག་རིན་ཆེན་གསུམ next hit། །ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ལ། །ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །མྱུར་དུ་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །རྫོགས་པའི་བྱང་ཆུབ་མ་ཐོབ་བར་དུ་བདག །དཔལ་ལྡན་བླ་མ་དཀོན་མཆོག་རྩ་གསུམ་ལ། །བཅོས་མིན་དག་སྣང་མོས་གུས་རྒྱུད་བསྐྱེད་ནས། །ལམ་ལྔའི་ཉམས་རྟོགས་རྫོགས་པར་བྱིན་གྱིས་རློབས། །སྐྱབས་གནས་མཆོག་རྣམས་བདག་ལ་དགོངས་སུ་གསོལ། །འདིས་མཚོན་བདག་གིས་དུས་གསུམ་དགེ་རྩ་ཀུན། །གཅིག་ཏུ་བསྡོམས་ཏེ་དཔལ་ལྡན་བླ་མར་འབུལ། །བླ་མ་རྣམས་ཀྱི་ཐུགས་དགོངས་ཁྱད་པར་ཅན། །གང་གིས་ཡོངས་སུ་རྫོགས་པའི་


JSD004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བ་རབ་བཟང་གིས། །མཁའ་ཁྱབ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ། །མཆོད་པའི་བྱེ་བྲག་དཔག་ཡས་མི་ཟད་སྤྲིན། །དེང་ནས་རྟག་ཏུ་འབྱུང་ཞིང་རྒྱས་གྱུར་ཅིག །དེ་ཡི་བསོད་ནམས་བདག་གིས་གང་ཐོབ་པ། །མཁའ་མཉམ་འགྲོ་ལ་ཐུན་མོང་ཉིད་དུ་བསྔོ། །ཀུན་ཀྱང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས། །མྱུར་དུ་མངོན་པར་རྫོགས་སངས་རྒྱས་གྱུར་ཅིག །སྲིད་པ་ཇི་སྲིད་བདག་ཀྱང་སངས་རྒྱས་ཀྱི། །གོ་ཆ༷ འཕང་ཐོབ་ནས་འབྲེལ་ཐོགས་ཀྱིས་གཙོར་བྱས། །ཡིད་ཅན་མཐའ་དག་བདག་ཉིད་ཁོ་ན་ཡིས། །འདྲེན་པ་མཆོག་གི་བླ་མར་ཆས་གྱུར་ཅིག །སྐྱེ་དང་ཚེ་རབས་དག་ནི་ཐམས་ཅད་དུ། །རིན་ཆེན་བྱང་ཆུབ་སེམས་གཉིས་རྨི་ལམ་ནའང་། །མི་བརྗེད་གོང་ནས་གོང་དུ་འཕེལ་བ་དང་། །རྐྱེན་ངན་བྱང་ཆུབ་


JSD004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཁྱེར་ནུས་གྱུར་ཅིག །མི་དགེའི་རྟོག་པ་རྣམ་ཀུན་སྐྱེ་མ་གྱུར། །གལ་ཏེ་སྐྱེས་ཀྱང་དེ་ཉིད་མི་འགྲུབ་ཅིང་། །བདག་གིས་སྒོ་གསུམ་བྱ་བ་ཐམས་ཅད་ཀྱིས། །འགྲོ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་གྱུར་ཅིག །མདོར་ན་ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །དེ་དག་ཀུན་གྱི་ཐུགས་དགོངས་མ་ལུས་པ། །བདག་ཉིད་ཁོ་ནས་ཡོངས་སུ་རྫོགས་བྱེད་པའི། །རྣམ་དག་སྨོན་པའི་གནས་འདི་འགྲུབ་གྱུར་ཅིག །སངས་རྒྱས་སྐ་གསུམ་བརྙེས་པའི་བྱིན་རླབས་དང་། །སོགས་བརྗོད་པར་བྱའོ། ཞེས་སྐྱབས་སེམས་མཆོད་པ་བསྔོ་སྨོན་བློ་སྦྱོང་རྣམས་ཀྱི་དོན་ཚང་ཞིང་ཁྱད་པར་དུ་འཕགས་པ་འདི་ནི་རང་ཉིད་ཀྱི་ཁ་ཏོན་དུ་སྔ་མོ་ནས་འབྲི་འདུན་ཡོད་ཀྱང་ལེ་ལོས་འགྱངས་པ་དང་ཉེ་ཆར་མོན་སྒོམ་དྷརྨ་ཀཱིརྟིས་ནན་ཏན་ཆེན་པོས་བསྐུལ་བའང་རྒྱུ་རྐྱེན་ལས་དུས་མཐའི་བྱ་བྲལ་མ་ཎི་སངས་རྒྱས་རྡོ་རྗེས་གུ་རུའི་སྒྲུབ་གནས་ཀྱི་རྒྱལ་པོ་


JSD004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་བསམ་ཡས་མཆིམས་ཕུའི་དབེན་ཁྲོད་དུ་རབ་ཚེས་མེ་སྤྲེལ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པ་ལ་བྲིས་པ་སྟེ། འདིས་ཀྱང་བདག་གཞན་རྣམས་ཀྱི་རྒྱུད་ལ་ལམ་ལྔའི་ཉམས་རྟོགས་མྱུར་དུ་སྐྱེ་བའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།།


JSD004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱཾ་ཧྲཱི༔ རང་སྣང་ཤེས་རིག་མ་འགགས་ཚེ་ཡི་ལྷ། །བཅོམ་ལྡན་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །མགྱོགས་མ་བཞི་དང་གྲུབ་པའི་རྒྱལ་མོ་སོགས། །འཆི་མེད་རིག་འཛིན་ཚོགས་ལ་གསོལ་བ་འདེབས། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་གང་། །སོར་ཆུད་དུས་མིན་འཆི་ལས་ཐར་བ་དང་། །འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་ནས། །ཚེ་བདག་འཕགས་མའི་གོ་འཕང་འགྲུབ་གྱུར་ཅིག །ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུ་པུཙྪིཾ་ཀུ་རུ་ཧྲཱིཿབྷྲཱུྃ་ནྲྀ་ཛཿསརྦ་སིདྡྷི་ཕ་ལ་ཧཱུྃ །ཞེས་པའང་རང་སློབ་བཙུན་མ་སངས་རྒྱས་སྒྲོལ་མས་ནན་བསྐུལ་ངོར་དུས་མཐའི་སྤྲང་སྨྱོན་སངས་རྡོར་པས་བྲིས་པ་སིདྡྷི་རསྟུ།།


JSD004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རཏྣ་ཡེ། དེ་ལ་འདིར་འདུས་བྱས་ཀྱི་དགེ་བ་ལ་ཕན་ཡོན་ཆེ་བ་ཕྱག་འཚལ་ལ་གསུམ། དང་པོ་སྦྱོར་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྒོ་གསུམ་འཇུག་པ་གཅིག་པས་ཕྱག་འཚལ་བའི་རིམ་པ་ལ་འཇུག་པར་བགྱིའོ། །ལན་གསུམ། དེ་ནས་དངོས་གཞི་ཕྱག་འཚལ་བ་ལ་ཐོག་མར་ཐལ་མོ་སྙིང་གར་སྦྱར་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མོ་མཉྫུ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་་ཨུ་ཏ་མ་ཤྲཱི་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ན་གྲངས་རེ་རེ་ཡང་བྱེ་བར་འགྱུར་རོ། །དེ་ནས་ཚོགས་ཞིང་རྣམས་མངོན་སུམ་བཞུགས་པའི་སྤྱན་སྔར་རང་གཞན་གྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ལྷན་ཅིག་ཏུ་ཕྱག་འཚལ་བར་བསམ་ལ། སངས་རྒྱས་ཐམས་ཅད་འདུས་


JSD004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་སོགས་དང། ཕྱག་བྱར་འོས་པ་ཐམས་ཅད་ལ་སོགས་དང། སྐྱབས་འགྲོ་དང་ཡན་ལག་བདུན་པ་ཞི་ཁྲོའི་ཕྱག་གི་བཀོལ་བྱང་གང་རུང་དང་སྦྲགས་ནས་ཅི་ནུས་འཚལ་བའི་རྗེས་ཀྱི་རིམ་པ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་སོགས་བསྔོ་སྨོན་གང་ཤེས་ཀྱིས་དགེ་རྩ་རྒྱ་ཆེར་སྤེལ་བར་བྱའོ། །ཞེས་པའང་མོས་ལྡན་ཤེས་བྱ་ལ་རྨོངས་པ་རྣམས་ཀྱི་དོན་དུ་སྤྲང་བན་སངས་རྒྱས་རྡོ་རྗེས་སྦྱར་བ་དགེ།


previousབསྔོ་སྨོན་རྣམ་དག་བསོད་ནམས་མཐའ་ཡས་རྒྱ་མཚོ།next