Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

1 occurrence of ཇི་ཙམ་ཡོད་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
  
  
  
  
  
ཟབ་མོ་ཡང་ཐིག་གིས་དཀར་ཆགས་དཔག་བསམ་ལྗོང་པ།


1 occurrence of ཇི་ཙམ་ཡོད་པ་
[Clear Hits]

 
previousཟབ་མོ་ཡང་ཐིག་གིས་དཀར་ཆགས་དཔག་བསམ་ལྗོང་པ། no next

ཟབ་མོ་ཡང་ཐིག་གིས་དཀར་ཆགས་དཔག་བསམ་ལྗོང་པ།


LRD011_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཡང་ཐིག་གིས་དཀར་ཆགས་དཔག་བསམ་ལྗོང་པ་བཞུགས་སོ།


LRD011_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གཟོད་ནས་འཁྲུལ་བའི་དངོས་ཀུན་མི་འཛིན་པས། །སྒྲིབ་གཉིས་ཆ་དང་བཅས་པའི་དག་བྱེད་ཀུན།


LRD011_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མ་གྲུབ་འདུས་མ་བྱས་པའི་གཞིར། །ཆོས་སྐུའི་རོལ་བར་བལྟས་ཏེ་ངང་གིས་འདུད།


LRD011_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་མཁའ་ལ་སྣ་ཚོགས་གསལ་བའི་ཆ། །འགོགས་མེད་ཆུ་འཛིན་བསྒྲོད་བྱེད་པ་སིར་བུའི་ཟླར། །ལྨ་བདེན་སྨྲ་ཚིག་བྱ་རྩོལ་ཡོངས་བྲལ་ཡབ། །ལོངས་སྐུའི་དགྱེ་ཚུལ་སྟོན་ལ་གོམས་བཞིན་གུས། །སྔར་མེད་གསར་ཐོབ་མ་ཡིན་གསང་བ་བཞིས། །ཆོད་པ་དེ་བསལ་བུམ་ནང་མར་མེ་བཞིན། །སྐུ་ཡི་འདུ་འབྲལ་མེད་བ་བྲལ་སྨིན་གྱིས། །ཡོན་ཏན་ཀུན་རྫོགས་སྤྲུལ་སྐུར་མོས་གུས་བསྟེན། །འགྲོ་ཀུན་རྨོངས་པའི་ཐིབ་བུར་བག་མེད་པས། །འཕྱེན་ལས་གདོན་ནུས་བློ་གྲོས་མི་ཟད་མིག །སྦྱིན་བྱེད་དུས་གསུམ་མཁས་དང་གྲུབ་པའི་ཚོགས། །རིམ་སུམ་ཆད་ཡོངས་ལ་དད་ཕྱག་འབུལ། །མ་ཏཱ་སིདྡྷིའི་ལུང་རྟོག་དམ་པའི་མཛོད། །བལྟ་འདོད་ཚིག་བརྒྱུད་མི་ཆད་ཡི་གེའི་ཕྱིར། །སྦེལ་བའི་ངོ་མཚར་རྡོ་རྗེ་ཆོས་གཉིས་པ། །ཁྱོད་ལས་གཞན་དུ་མི་དམིགས་ཡེ་རངས་འབུལ། །གང་གིས་བཀའ་དྲོན་གྲིབ་མ་སྣུས་པོ་ལ། །ལས་ཉོན་ཚ་གདུང་དྲག་བོན་མ་དུའང་མིན། །ཞེས་གསིལ་མྱང་འདས་གོ་སར་འཇུག་འདོད་ཆེད། སྔར་མེད་ཟབ་པ་བོད་བཞིའི་ཐེམ་སྐས་གསར། །འགྲོ་ཁམས་རྒྱ་མཚོར་འབབས་པ་ཇི་སྙེད་ཀྱི། །ཆོས་ཆར་རྒྱ་མཚོར་འབེབས་པའི་ཀླུ་དབང་ནི། །རྫོགས་སངས་རྒྱས་ཏེ་ཡེ་ཤེས་རྒྱ་མཚོ་དང་། །ཡོན་ཏན་རྒྱ་མཚོའི་འབྱུང་གནས་དུ་ཤེས་བྱ། །དེས་གསུངས་ནང་གི་མངོན་པའི་པོངས་རྩེ་ནི། །ཉེ་ལམ་ཁྱད་པར་ཅན་གྱུར་བརྩོན་འགྲུས་རབ། །སྐྱེ་བ་གཅིག་གིས་རིག་འཛིན་གྲལ་སྙོགས་པ། །རྫོགས་པ་ཆེན་པོ་སྙིང་ཐིག་ལས་གཞན་མིན། །དེ་དོན་ཉམས་སུ་ལེན་དང་འཛིན་པ་ནི། །སྐྱེ་སྦྱོངས་ཡོན་ཏན་ཕུན་ཚོགས་སྐལ་ལྡན་ཡིན། །ཕྱོགས་རེའི་བློ་ཅན་ཁྲོན་པའི་འཕར་འགྲོ་ཡིས། །གཏིང་མཐའ་མི་མངོན་རྒྱ་མཚོའི་ཚུལ་མི་ཕིག །དགའ་རབ་རྡོ་རྗེ་ནས་བརྩམས་དེང་གི་བར། །གསང་མཛོད་འཆང་རྣམས་རྒྱལ་ཉི་མའི་གཉེན། །གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་སྐུ་ལས། །ཐ་དད་ཡིན་ངོ་བོ་ཉིད་དུ་གཅིག །ལུང་གི་རྗོད་བྱེད་ཐེག་པའི་རིམ་ཀུན་ཡང་། །འགལ་བར་མི་


LRD011_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བརྗོད་བྱའི་གནད་ཀྱིས་མཐུས། །ལམ་གྱི་ཁྱད་པར་མྱུར་བུལ་ཡོད་མེད་དེ། །འབྲས་བུ་མྱང་འདས་གོ་སར་ཆད་གཅིག་འབབས། །རྒྱ་བོད་གཉིས་ཀར་མཆོག་གསང་ལམ་འདི་ཡིས། །གྲུབ་པའི་གོ་སར་གཤེགས་པ་དུ་མའི་ཕྱིར། །མི་བསླུའི་ཚད་མ་ཡོད་པས་འཁྲུལ་བ་བྲལ། །དེ་ཕྱིར་ལམ་འདིར་མི་བརྩོན་ཤེས་ལྡན་སུ། །སྙིང་ཐིག་རྣམ་བཞི་འོ་མའི་རྒྱ་མཚོ་ལས། །གདམས་ངག་ཡོངས་བཅུད་མར་གྱི་གང་བུ་འཁྲུངས། །ཟབ་མོ་ཡང་ཐིག་ཀུན་མཁྱེན་ཀློང་ཆེན་པའི། །མཁྱེན་དཔྱོད་དངས་ཤེལ་སྣོད་ལས་བཏོན་པ་བཞིན། །དྲི་མེད་ལྷ་ལམ་ཡངས་པོར་བརྒྱ་ཕྲག་གི །འོད་ཟེར་འགྱེད་པའི་ཉི་མ་གསར་འཁྲུངས་དེས། །ལྷུན་གྲུབ་སྣང་བཞིའི་པད་ཚལ་བཞད་པ་ན། །ཚེ་གཅིག་གྲོལ་འདོད་རྐང་དྲུག་ཅི་དགར་རྩེ། །དེ་ཚུལ་ཡི་གེའི་ཕྱི་མོ་པར་གྱི་འཕྲུལ། །གླེགས་བམ་གཉིས་སུ་བྱས་པའི་དཔེ་ཐོ་ནི། །དཔག་བསམ་ལྗོན་པ་བློ་ལྡན་རྣམ་པད་ཀྱི། །ཚོགས་ལ་སྨན་ཕྱིར་བཀོད་པ་དོན་ལྡན་ཡིན། །དེ་ལ་ཐོག་མར་དཀར་ཆགས་དཔག་བསམ་ལྗོན་པ་སྡེ་བ། །བཤད་རྒྱུད་སྐོར་ལ། ཀ ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བསྡེབ། ཁ ཕྱག་འཚལ་ཡིད་བཞིན་ནོར་བུ་སྡེབ། ག གསོལ་འདེབས་བདུད་རྩིའི་ཆར་རྒྱུན་སྡེབ། ང མཎྜལ་ཆོ་ག་གླིང་བཞི་རྒྱན་གྱུར་སྡེབ། ཅ བི་མ་ལའི་བསྒྲུབ་ཐབས་སྡེབ། ཆ སྙིང་པོ་ཡེ་ཤེས་བླ་སྒྲུབ་སྡེབ། ཇ སྤྲོས་བཅས་དབང་ཆོག་དངོས་གྲུབ་ཆུ་བོ་སྡེབ། ཉ སྤྲོས་བཅས་མིང་གི་རིམ་པ་སྡེབ། ཏ སྤྲོས་མེད་དབང་ཆོག་ཀློང་གསལ་ཆུ་བ་སྡེབ། ཐ བུམ་པའི་བརྡ་དོན་སྡེབ། ད ཤིན་ཏུ་སྤྲོས་མེད་དབང་ཆོག་ཡེ་ཤེས་ཆུ་བོ་སྡེབ། ན རབ་ཏུ་སྤྲོས་མེད་དབང་ཆོག་བྱིན་རླབས་ཆུ་བོ་སྡེབ། པ དམ་ཚིག་གསུམ་བཀོད་སྡེབ། ཕ ཐུན་མོང་རིན་ཆེན་པྲ་ཁྲིད་སྡེབ། བ ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར་སྡོམ། མ གཞིམ་བཙས་ཇི་བཞིན་དུ་ངོ་སྤྲོད་པའི་


LRD011_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་སྡེབ། ཙ རྒྱ་མཚོ་ཨ་ར་གཏད་སྡེབ། ཚ ཁྱུང་ཆེན་གཤོག་རྫོགས་སྡེབ། ཚ ཁྱུང་ཆེན་བསྡུས་དོན་སྡེབ། ཛ གསང་བ་བླ་མེད་སྤྱི་བབས་སྡེབ། ཝ བྲབ་མོ་བཅུད་བསྡུས་སྡེབ། ཞ སྙིང་པོ་དོན་བསྡུས་སྡེབ། ཟ འོད་གསལ་སྙིང་པོ་སྡེབ། འ ངེས་དོན་སྙིང་པོ་སྡེབ། ཡ མཐར་ཐུག་དོན་སྙིང་པོ་སྡེབ། ར གཞི་ལམ་འབྲས་བུ་གནས་གསལ་པ་སྡེབ། ལ རྣལ་འབྱོར་བཞིའི་རིམ་པ་སྡེབ། ཤ ཟབ་མོ་པྲ་ཁྲིད་སྡེབ། ས སྙིང་པོ་ཡང་བཅུད་སྡེབ། ཧ རིག་པ་བརྟུལ་བཞུགས་དེབ། ཨ དུས་ཀྱང་གསལ་བྱེད་སྡེབ། ཀི འདའ་ཁ་དོན་གྱི་མན་ངག་སྡེའོ། ཁི བཏགས་གྲོལ་སྙིང་པོ་སྡེབ། གི ཟབ་དོན་སྙིང་པོ་སྡེབ། ངི ཚིག་དོན་སྙིང་པོ་སྡེབ། ཅི གདམས་ཁྲིད་དོན་གྱི་མདོ་ཆིངས་སྡེབ་རྣམས་སོ། པོད་གཉིས་པར་སྙན་བརྒྱུད་སྐོར་ལ། ཆི་སྙན་བརྒྱུད་གནད་གྱི་མདོ་ཆིངས་སྡེབ། ཇི བརྒྱུད་པའི་ཕྱག་འཚལ་དྲིན་ལོང་སྡེབ། ཕི ལག་ཁྲིད་སྙིང་པོ་སྡེབ། བི སྙན་བརྒྱུད་ཀྱི་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་སྡེབ། མི བཀའ་བསྲུང་དྲག་པོ་སུམ་སྒྲིལ་སྡེབ། ཙི བསྐང་གསོ་དངོས་གྲུབ་ཆར་འབབས་སྡེབ། ཚི དཀར་ཆག་ཉི་ཟླ་གཟའ་སྐར་སྡེབ་ཏེ་ཆོས་སྡེ་བཞི་བཅུ་རྩ་དགུ་སྡེབ་གྲངས་རྣམས་བཞུགས་སོ། འདིར་སྨྲས་པ། རྨི་ལམ་ཙམ་གྱི་ཉི་ཚེའི་བདེ་བ་ལ། མི་ཞེན་གཏན་གྱི་སྡུག་བསྔལ་སྤོང་འདོད་རྣམས། །ཐོས་བསམ་སྒོམ་བས་རང་རྒྱུད་ཆོས་མཐུན་ཏུ། །མཛད་དམ་པ་རྣམས་ཀྱི་རྗེས་སུ་བསྙེགས། །དེ་ཡང་རྟོག་དཔྱོད་ནང་བལྟས་ཆོས་མིན་དབང་། །


LRD011_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མི་བཏང་ཀོན་མོངས་རག་པའི་འགོ །རིམ་ནིན་བློ་སྣ་ཐུང་ངུས་ཆོས་བརྒྱད་ལ། །འདོད་པ་ཆུང་ན་ཉམས་ལེན་གནད་སང་རྟགས། །ད་ལྟར་རང་རྒྱུད་ཆོས་དང་མི་མཐུན་ན། །ཡང་ཟབ་ཤད་མས་པར་འཕྲད་ཀྱང་མི་གྲོལ་བས། །སྒོ་གསུམ་བག་ཡོད་དྲན་དང་ཤེས་བཞིན་གྱིས། །དལ་འབྱོར་ངོན་ཡོད་མཛོད་ཅེས་ཐལ་མོ་སྦྱོར། །ཚུལ་འདི་ངལ་བརྒྱས་བར་དུ་བསྐྲུན་པའོ། །ལྷ་སྲས་མཆོང་སྣོན་དགེའི་བར་ཆགས་ཁམས། །སད་ལྟར་ཆོས་མཐུན་ཐུགས་འདོད་ཡོངས་རྫོགས་ནས། །ཞབས་པད་བསྟན་ཞིང་ཆེས་སྲིད་རྒྱས་གྱུར་ཅིག །ཡུལ་འདིར་ཕྱ་བཅུད་དཔལ་འབྱོར་ཆེར་རྒྱས་ནས། །ལོ་ལེགས་ལྗོངས་འཁྲུངས་མི་ཕྱུགས་ནད་ཀུན་མེད། །ཆར་ཆུ་དུས་བབས་བཙའ་སང་སེར་གསུམ་བཞི། རྒྱལ་བསྟན་རི་མོ་གཡས་སུ་འཁྱིལ་བའི་དུང་། །དཀར་ཕྱོགས་རྒྱལ་བའི་མཚན་མར་སྒྲོགས་པའི་དབྱངས། སྲིད་གསུམ་ཀུན་ཏུ་ཁྱབ་ལྷའི་རོལ་མོ། །མཆོག་གསུམ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཅེས་བྲབ་མོ་འང་ཐིག་བོར་གཉིས་བར་དུ་བསྒྲུབ་པའི་དཀར་ཆགས་དཔག་བསམ་ལྗོན་པ་འདི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་འཁྲུངས་བ་ལེགས་བྱས་ཡོན་ཏན་གྱིས་སྦ་བ་ལྷ་སྲས་དམ་ཚིག་རྡོ་རྗེ་རིབ་ཀའི་གནང་བཞིན་ཞེ་ཆེན་བ་ཤཱཀྱའི་དགེ་སློང་མཐུ་སྟོབས་རྣམ་པར་རྒྱལ་བས་ཉུང་ངུའི་ཚིག་གིས་བདོ་མ་པ་དོན་དང་ལྡན་པར་གྱུར་ཅིག། །།སརྦ་མངྒལཾ།


previousཟབ་མོ་ཡང་ཐིག་གིས་དཀར་ཆགས་དཔག་བསམ་ལྗོང་པ། no next