Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
བསང་མཆོད་བསྡུས་པ།
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousབསང་མཆོད་བསྡུས་པ།next

བསང་མཆོད་བསྡུས་པ།


JSD004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་བསྡུས་པ་བཞུགས་སོ། །བསང་བསྡུས་ནི། བསང་རྫས་ལ་ཆབ་བྲན། རཾ་ཡཾ་ཁཾ། ཨོཾ་ཨཿཧཱུྃ།ཧཱུྃ་ལས་བྱུང་བའི་སྣོད་ནང་དུ། ཨོཾ་ལས་བསང་དུད་འདོད་ཡོན་སྤྲིན། །མཁའ་མཉམ་མཆོད་པ་དམ་པ་འདི། །བླ་མ་རྩ་བ་གསུམ་ལ་འབུལ།ྋ།བྱིན་རླབས་དངོས་གྲུབ་བསྩའ གསོལ། །མགོན་པོ་ཡོན་ཏན་མགྲོན་ལ་འབུལ། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབས། །རིགས་དྲུག་སེམས་ཅན་ཡོངས་ལ་བསྔོ། །སོ་སོའི་སྡུག་བསྔལ་ཀུན་བྲལ་ཤོག །བགེགས་རིགས་ལན་ཆགས་མགྲོན་ལ་སྦྱིན། །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཁྱད་པར་ནོར་ལྷའི་ཚོགས་རྣམས་ལ། འབུལ་ལོ་ཟས་ནོར་གཡང་དང་སྤྱོད། །ཡུལ་འདིའི་གཞི་བདག་འཁོར་བཅས་བསང། །འགོ་ཞིང་མཐུན་རྐྱེན་སྡོང་གྲོགས་མཛོད། །གནས་ཁང་ལོངས་


JSD004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལྷ་མི་བསང། །མི་གཙང་གྲིབ་ཚོགས་སངས་གྱུར་ཅིག །མཆོད་སྦྱིན་རྒྱ་ཆེན་འདི་ཡི་མཐུས། །འགྲོ་ཀུན་ཚོགས་རྫོགས་སྒྲིབ་དག་སྟེ། །བདེ་ལེགས་ཕུན་སུམ་ཚོགས་པ་དང། །འབྲས་བུ་སངས་རྒྱས་ཐོབ་པར་ཤོག །ཅེས་པའང་བུ་མོ་པདྨ་ལྷ་མོའི་ངོར་བྱ་བྲལ་བུདྡྷས་སོ།།


previousབསང་མཆོད་བསྡུས་པ།next