Nitartha Digital Library
Tibetan
རྡོ་གྲུབ་བསྟན་པའི་ཉི་མའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་སྙིང་ཐུགས་རྗེ་ཆེན་པོའི་སྒོ་ནས་སཱཙྪ་སྒྲུབ་པའི་ལག་ལེན།
   
  expand section
  expand section
   
   
   
   
   
   
   
   
   
   
   
   


 
previousཀློང་སྙིང་ཐུགས་རྗེ་ཆེན་པོའི་སྒོ་ནས་སཱཙྪ་སྒྲུབ་པའི་ལག་ལེན།next

ཀློང་སྙིང་ཐུགས་རྗེ་ཆེན་པོའི་སྒོ་ནས་སཱཙྪ་སྒྲུབ་པའི་ལག་ལེན།


TN02_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་སྙིང་ཐུགས་རྗེ་ཆེན་པོའི་སྒོ་ནས་སཱ་ཙྪ་བསྒྲུབ་ལག་ལེན་བཞུགས།


TN02_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་པད་དཀར་འཆང་ལ་ཕྱག་འཚལ་ལོ། །ཀློང་སྙིང་ཐུགས་རྗེ་ཆེན་པོའི་སྒོ་ནས་ཚེ་འདས་ཀྱི་རུས་བུའི་སཱ་ཙྪ་བསྒྲུབ་ཚུལ་གྱི་ལག་ལེན་ནག་འགྲོས་སུ་བཀོད་ན། རུས་སྦྱོང་བྱེད་ཚུལ་དང༌། སྦྱངས་ནས་སཱ་ཙྪ་གདབ་ཚུལ་དང༌། དེ་ཉིད་བསྒྲུབ་ཅིང་མཆོད་པ་སྟེ་གསུམ་ལས། དང་པོ་ནི། ཚེ་འདས་ཀྱི་རུས་བུ་དེ་ཉིད་ཟངས་སོགས་སྣོད་ཆེན་པོའི་ཁར་རས་དཀར་གྱིས་བཀབ་པའི་སྟེང་དུ་བླུགས་ཤིང༌། དེའི་སྟེང་མཉྫུ་ལྟ་བུའི་ཁར་དྲི་བཟང་གི་ཆུ་དང༌། བ་བྱུང་ལྔ་ཡང་བཤམས། གོང་དུ་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་གསུམ་དང༌། རང་གི་གཡས་ངོས་ནས་མགོ་བརྩམ་སྟེ་ཉེར་སྤྱོད་ལྔ་སོགས་བཀོད་མཛེས་སུ་བཤམས། ཁྲུས་ཆོག་དང་སྦྲེལ་ན་གཙོ་ལས་ཀྱི་བུམ་པ་བཅུད་ལྡན་ཡང་འབྲུའི་ལྔ་ཚོམ་བཀོད་པའི་སྟེང་དུ་བཤམ། དེ་ནས་ཆོ་ག་དངོས་གཞི་ལ་འཇུག་པ་ནི། ན་མོ་གུ་ར་ཝེ། འཆི་མེད་ཐོག་མའི་ཞེས་པ་ནས། མྱུར་ཐོབ་ཤོག །བར་གྱི་བརྒྱུད་འདེབས་དང༌། དམ་ཚིག་གསུམ་དྲན་པས། ཨོཾ་མ་ཧཱ་བཛྲ་ཧཱུཾ། ཞེས་རྡོ་རྗེ་སྙིང་གར་གསོར། བཛྲ་གནྜེ་ཧོ། །ཞེས་དྲིལ་བུ་བསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་


TN02_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་མ་ཧཱ་ཨ་ནུ་ར་ག་ཎ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་འཁྱུད་རྒྱ་བྱ། རང་གི་སྙིང་གའི་ཧཱཾཨུ་གི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས༴ སོགས་ནས། ས་མ་ཛཿ ཞེས་ཐུགས་ཀར་སེ་གོལ་བསྣོལ་མར་གཏོགས། ན་མོཿ མཐའ་མེད་འཁོར་བ༴ སོགས་ནས། སྐྱབས་སུ་མཆིཿ བར་ལན་གསུམ་དང༌། ཧོཿ ཕ་མ་རིགས་དྲུག་སོགས་བསྐྱེད་པར་བགྱིཿ ལན་གསུམ། ཧོཿ དུས་གསུམ་བཞུགས་པའི༴ སོགས་ནས། མྱུར་ཐོབ་ཤོགཿ ལན་གཅིག །ཛཿཧཱཾཨུ་བཾཿཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཐུགས་ཀར་སེ་གོལ་བསྣོལ་མར་གཏོགས། དཀར་གཏོར་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱཾཨུ་ཕཊཿ རང་ཉིད་སྐད་ཅིག་གིས་སོགས་ནས་སྐུར་གྱུར། ཨོཾ་ཧྱ་གྷྲྀ་ཝ་ཧཱཾཨུ་ཕཊཿ ཨོཾ་སྭཱ་བྷཱ་བ་ཤུདྡྷཿ སོགས་་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་གཙང་ལྡན་གྱི་གཏོར་མ༴ སོགས་ནས། ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ།


TN02_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཉིས། ཨོཾ་ཨཱཿཧཱཾཨུ་ཧོ། ཨོཾ་ཨ་ཀཱ་རོ་སོགས་་སྭཱ་ཧཱཿ བར་ལན་གསུམ། གང་དག་འདིར་གནས༴ སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྔོ། བགེགས་གཏོར་ལ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱཾཨུ་ཕཊཿ ཨོཾ་སྭ་བྷཱ་ཝ་ཤུདྡྷ༴ སོགས་་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ༴ སོགས་ནས། ཆེན་པོར་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ། ཨོཾ་སརྦ་བུདྡྷ་ཨ་ཀརྵ་ཡ་ཛཿ ལན་གསུམ། ཨོཾ་སརྦ་བིགྷ་ན་ན་མཿ སརྦ༴ སོགས། ཁ་ཁ་ཁཱ་ཧི་ཁཱ་ཧི། བར་ལན་གསུམ། ཧྲཱིཿ ང་ནི་པདྨ་དབང་༴ སོགས་ནས། སྲུང་འཁོར་སོགས་མཐར་ཆགས་སུ་བཏོན་ཏེ། བསྟོད་པའི་མཇུག་གི་ལྷ་ལ་ཕྱག་འཚལ་བསྟོདཿ ཁྲུས་ཆོག་ཡིན་ན། ཨོཾ་མ་ཎི་པདྨེ་ཧཱཾཨུ་ཧྲཱིཿ བྷྲཱཾཨུ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿས་འཛབ་ཁ་དབྱེ་བའམ་བདག་མདུན་གྱི་རྣམ་པ་ཐ་དད་དུ་གསལ། ཁ་ཅིག་གིས་ཁྲུས་ཆོག་གི་ཚེ་ཡང་འཛབ་ཁ་མི་དབྱེ་བ་ཡོད་དེ། བདག་མདུན་གཉིས་མེ་ལོང་གཉིས་ལ་གཟུགས་བརྙན་ཤར་བ་ལྟར་བསྒོམ་པ་ཡིན་ན་དེར་ཟད། གཞན་དུ་ན་བསྟོད་པའི་མཇུག་ཏུ་འཛབ་ཁ་དབྱེ་ནས་དེའི་བཟླས་པ་སོགས་ཀྱིས་མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བ་མེད་མི་རུང་བ་ཡིན་པས་ངེས་པར་ཐ་དད་དུ་གསལ་དགོས་པ་འདི་ཉིད་འདོར་ག་ལ་རུང་ཞེས། མཆན་ནོ། །རང་ཉིད་ཐུགས་རྗེ་ཆེན་པོའི༴ སོགས་ནས། ཐོབ་པར་དམིགསཿ སོགས་ཀྱི་བསྙེན་དམིགས་གསལ་བ་བཞིན། ཨོཾ་མ་ཎི་པདྨེ་ཧཱཾཨུ་ཧྲཱིཿ ཅི་འགྲུབ་དང༌། འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ རྗེ་བཙུན་སྒྲོལ་མའི༴ སོགས་རྩ་སྔགས་ལ། ཏཱ་རེ་ཨ་ཡུཛྙཱ་ན༴ སོགས་བཏགས་པ་བདུན་ཙམ། དེའི་འགྲེས་ཀྱིས། འཕགས་པའི་ཐུགས་ལས་འོད་འཕྲོས་པསཿ འོད་ཟེར༴ སོགས་ནས། རྩ་སྔགས་དང༌། རང་སྔགས་སྦྲེལ་བ་བདུན་ཙམ། བུམ་བཟླས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷ༴ སོགས་ནས། བུམ་པ་མི་དམིགས༴ སོགས་ནས།


TN02_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་གྱུརཿ བཛྲ་ས་མཱ་ཡ་ཛཿ ཛཿཧཱཾཨུ་བཾ་ཧོཿ ཨོཾ་བཛྲ་ཨཱརྒྷཾ༴ སོགས་ནས། ཤབྟ་ཨཿཧཱཾཨུཿབར། བསྟོད་པར་འོས༴ སོགས་ཕྱག་འཚལ་བསྟོད། རང་སྲོག་སྔགས་ཀྱི༴ སོགས་རོ་གཅིག་གྱུར། མ་ཎི་ཅི་འགྲུབ་དང༌། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་བུམ་པའི་ལྷ༴ སོགས་ནས། ཡང་ཡང་བསྒོམ། མ་ཎི། ཡིག་བརྒྱ། ས་ཏྭ། ཀཾ་ཀ་ནི་རྣམས་སྦྲེལ་བ་ཚར་རེའི་མཐར། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བཏགས་པ་ཉེར་གཅིག་ཙམ་བཟླ། ལས་བུམ་དུ་ཁྲོ་རྒྱལ་རྟ་མགྲིན༴ སོགས་ནས། གྱུར། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱཾཨུ་ཕཊཿ ལྔ་བཅུ་ཙམ་བཟླས་མཐར། ནད་གདོན་འཇིགས་བརྒྱད༴ སོགས་དབྱངས་གསལ། རྟེན་སྙིང༌། ཡིག་བརྒྱ་སྦྲེལ་བ་ལན་གསུམ་དང༌། མཆོད་ཕྲེང་ནས། ཨོཾ་ཧཱཾཨུ་ཏྲཾ་ཧྲཱིཿཨཱཿ ལྷ་རྫས་དང་ཏིང་ངེ་འཛིན་ལས༴ སོགས་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ༴ སོགས་ལན་གསུམ། མཆོད་པའི་སྤྲིན་གཟུངས་དང༌། པདྨ་རྒྱས་པ་ལྟ་བུའི་ལང་༴ སོགས་མཆོད་ཕྲེང་རྒྱས་པའམ། སྟོང་པའི་ཡེ་ཤེས་དགའ་བ༴ འམ་མ་ལྕོགས་ན། ཧྲཱིཿ ཀུན་ཏུ་བཟང་པོའི༴ སོགས་གོང་གི་མཆོད་པ་དང༌། ཧྲཱིཿ ཆོས་དབྱིངས་སྤྲོས་པ༴ སོགས་ནས་བསྟོད་པ་ཆ་ཚང༌། ཕྱག་འཚལ་བསྟོད། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ༴ སོགས་ཀྱིས་ལས་ལྷའནག་བསྟོད། ཡིག་བརྒྱ་ལན་གཅིག །ཨོཾ་ཨཱཿཧཱཾཨུ་ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ལས་བུམ་གྱི་ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར། རིག་མོ་དོར་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾཿ ཨཱཿབཛྲ༴ སོགས་སྔགས་ཚན་ལྔ་དང༌། ཨོཾ་ཡེ་ཤེས་རྒྱལ་པོའི༴ སོགས། སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ། སྔགས་ཚན་གསུམ་དང༌། ཨོཾ་རྡོ་རྗེ་


TN02_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས༴ སོགས་ནས། འཚལཿ ཛ་ཧཱཾཨུ་བཾ་ཧོཿ ཡིག་བརྒྱ་ལན་གཅིག ༈ དེ་ནས་རུས་སྦྱོང་དངོས་ནི། རུས་བུའི་སྟེང་དུ་ཟླ་བའི༴ སོགས་ནས། དག་པར་བསམ། མ་ཎི། པདྨོ་ཨུཥྞི་ཥ༴ བཅུ་གཅིག་ཞལ་གྱི་གཟུངས། འཁོར་བ་དོང་སྤྲུགས། སྣང་མཐའི་རྗེས་དྲན་སོགས་གཟུངས་སྔགས་གང་ཤེས་ཅི་མང་བཟླས་ཤིང་དྲི་བཟང་གི་ཆུས་རུས་བུ་རྣམས་དག་པར་བཀྲུ་དགོས། ཁྲུས་ཆོག་ལ་རྟེན་བསྐྱེད་ནི། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷཱྀ་ཝ་ཧཱཾཨུ་ཕཊཿ ཨོཾ་སྭ་བྷཱ་ཝ༴ སོགས་སྟོང་པའི་སོགས་གྱུར། ཧྲཱིཿ བདག་ཉིད་ཐུགས་རྗེ་ཆེན་པོའི༴ སོགས་ནས། བསྟིམ། ན་མོ། །མཆོག་གསུམ་རྩ་གསུམ༴ སོགས་ཛཿ བར་ལན་གསུམ། ཧྲཱིཿ འདི་སྣང་ལས་ཐལ༴ སོགས། །བླ་མས་སྔར་ལྟར་བགེགས་གཏོར་བྱིན་རླབས་བཏོན་མཐར། ཨོཾ་སརྦ་བིགྷ་ན༴ སོགས་་ཁཾ་སྭཱ་ཧཱ། ལན་གསུམ་དང༌། ཨོཾ་སུམྦྷ་ནི༴ སོགས་ལན་གསུམ། ཧྲཱིཿ འཁོར་བར་འཁོར་ཚེ༴ སོགས་ནས། ཕཊཿ ཧྲཱིཿ ང་ནི་པདྨ་དབང་གི་སྐུཿ ལོག་འདྲེན༴ སོགས་ནས། མ་འདའ་ཞིགཿ བླ་མས་ལྕོགས་ན་བདེན་བརྗོད། ཨོཾ་སུམྦྷ་ནི༴ སོགས། ཧྲཱིཿ སྣང་སྲིད་ཐམས་ཅད་རྡོ་རྗེའི་གུརཿ སྣོད་བཅུད༴ སོགས། ཧཱཾཨུ་ཕཊཿ ཧོཿ སྐྱབས་གནས་ཀུན་འདུས༴ སོགས་དྲང་དུ་གསོལ། བར་ལན་གསུམ། ཧཱུཾ། ཉོན་ཅིག་ཚེ་འདས༴ སོགས་ནས། གསོལ་བ་ཐོབ། བར་ལན་གསུམ། སྐབས་འདིར་ལྷ་ཁྲུས་བྱ། ཧཱུཾ། འདི་ནི་བྱམས་དང་༴ སོགས་ནས། ཤུདྡྷེ་ཡེ་སྭཱ་ཧཱཿའི་བར་དང༌། དེའི་སྔགས་ཤམ་བཅས་ལན་གསུམ་རེ་གདོན། ཧཱུཾ། མ་རིག་རྩལ་སྣང༴ སོགས་སྭཱ་ཧཱཿ བླ་མས་རིགས་དྲུག་གཏོར་མ་བྱིན་རླབས། ཨོཾ་ཨ་ཀཱ་རོ༴ སོགས་མཉམ་དུ་གསུང༌། ཧཱུཾ། འདོད་པའི་ཡོན་ཏན༴ སོགས། དེ་མན་ཆད་ལན་གསུམ་རེ་འདོན་དགོས་པ་རྣམས་ཡིག་ཆུང་ན་གསལ། དེ་མིན་ཡེ་ཤེས་དབབ་པའི་སྐབས་སུ། ཚེ་ལས་འདས་པ་སྐད་ཅིག་གིས། །འཕགས་པའི་སྐུར༴ སོགས་ནས་རོ་གཅིག་གྱུར། ལས་བྱང་གི༌།ཧྲཱིཿ ནུབ་ཕྱོགས་བདེ་ཆེན༴ སོགས་སྩལ་དུ་གསོལ།


TN02_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་དང༌། ལོ་ཀི༴ སྤྱན་འདྲེན་འཛུད་དགོས་པ་གཅིག་པུ་མ་གཏོགས་ལམ་བསྟན་བར་མཐར་ཆགས་སུ་བྱ། ཁྲུས་ཆོག་ཞག་སྦྲེལ་བར་མི་འདོན་ན། རྩ་སྔགས་མཐར། ཧཱཾཨུཿ ཀ་དག་སྤྲོས་བྲལ་མེ་ཐབ་ཏུ། རང་བྱུང་༴ སོགས་ཀྱིས་བྱང་བུ་བཞུས་ལ་བྱང་ཐལ་རུས་བུ་དང་ལྷན་ཅིག་ཏུ་བྱ། བཟང་སྤྱོད་འདོན། ༈ །རྗེས་ཆོག་ནི། ན་རཀ་བསྐང་བཤགས་སམ། ཡེ་ཤེས་སྐུ་མཆོག༴ སོགས། ཡིག་བརྒྱ། ཧཱུཾ། བཀའ་གསང་༴ སོགས། ནམ་མཁའི་མཐར་ཐུག༴ སོགས། ཕྱིན་པར་ཤོག །གཞུང་གི་ཧཱུཾ། བདག་ཉིད་ཐུགས་ལས༴ སོགས། ཧཱཾཨུཿ འོག་མིན་ཆོས་དབྱིངས་༴ སོགས། སྤྱན་འདྲེན། ཧཱུཾ། རྩ་གསུམ་ཐུགས་རྗེ༴ སོགས་ཕུད་དང་པོ། ཧཱུཾ། བདག་གི་ཚེ་རབས༴ སོགས་ཕུད་བར་བ། ཚོགས་འགུགས་ལན་གསུམ། ཧཱུཾ། མ་རིག་ལས་ཉོན༴ སོགས། ཁཱ་ཧིཿ བར་རྡོ་རྗེའི་ཐོལ་གླུའམ། མ་ནུས་ན། ན་མཿསརྦ་ཏ་ཐ༴ སོགས། ནམ་མཁའ་མཛོད་སྔགས་ལན་གསུམ། ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི༴ སོགས་རང་བསྐང་འདོན་མཐར། ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །ཨ་ལ་ལ་ཧོཿ ཧོ། །བདག་ལུས་ཕུང་ཁམས༴ སོགས་བསམ་ལྷུན་རྒྱས་བསྡུས་ཅི་རིགས་འདོན། འགྲོ་འདུལ་འཕགས་པའི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ༴ སོགས་ནས། ཤོག །བར་བརྗོད། ལྷག་མ་ནི། ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། ཧཱུཾ། དཀྱིལ་འཁོར་ཆེན་པོའི༴ སོགས། ཁཱ་ཧིཿ གཏོར་འགུགས་ལན་གསུམ་དང༌། ཧཱུཾ། བཞེངས་ཤིག༴ སོགས་མཛོདཿ གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱཾཨུཿ ཧཱཾཨུཿ སྔོན་ཚེ་འོག་མིན༴ སོགས་མཛོདཿ བར། བཤལ་ཆུ་ཡེ་ཤེས༴ སོགས་གྱུར། འབྲུ་གསུམ། ཧཱཾཨུཿ དཔལ་གྱི་བཀའ་ཉན༴ སོགས་ཁཱ་ཧིཿ འགུགས་པ། ཧྲཱིཿ འགྲོ་འདུལ༴ སོགས་ནནཿ བར། བདག་


TN02_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་དཔོན་སློབ་སོགས་སྭཱ་ཧཱཿ ཨོཾ་ཧཱཾཨུ་ཏྲཾ༴ སོགས་མཆོད་པ་བྱིན་རླབས། ཧྲཱིཿ ཀུན་ཏུ་བཟང་༴ སོགས། ཧྲཱིཿ ཆོས་དབྱིངས་སོགས། སྐབས་འདིར་གསོལ་འདེབས་ཞལ་མཐོང་མ་བཏོན་ན་བཟང༌། ཧོཿ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུཿ སོགས་ཡིག་བརྒྱ། ཨོཾ། འདིར་ནི་རྟེན་དང་༴ སོགས། བཛྲ་སྭཱ་ཧཱ། ཧོཿ ཆུ་ལས་ཆུ་བུར་སོགས། ཧོཿདུས་གསུམ་བསགས་པའི༴ སོགས་ལན་གསུམ། ཧོ། རིག་འཛིན་བརྒྱུད་པའི༴ སོགས་བཀྲ་ཤིས་ཤོགཿ དེ་ཡང་ཁྲུས་ཆོག་མ་བཏོན་ན། འཛབ་ཁ་དབྱེ་བ། བུམ་བཟླས། རིག་མེ་དོར་བ། མཇུག་གི་བརྟན་བཞུགས་རྣམས་མི་དགོས། དེ་ལྟར་ཉིན་རེར་ཆོ་ག་ཚར་གཅིག་རེ་བྱས་པའི་ཞག་ཅི་ཙམ་ལ་རུས་སྦྱོང་བྱེད་པ་ཐམས་ཅད་དེས་འགྲེས་སོ། ༈ །གཉིས་པ་དེ་ལྟར་རུས་སྦྱོང་ཟིན་ནས་སཙྪ་གདབ་ཚུལ་ནི། སྦྱང་ཟིན་པའི་རུས་བུ་རྣམས་ཞིབ་པར་བཏགས་ལ་ས་གཙང་གི་སྦྱིན་དང༌། རིན་ཆེན་ཕྱེ་མ། བ་བྱུང༌། སྔར་བསྒྲུབས་པའི་བུམ་ཆུ་རྣམས་ལྷན་ཅིག་ཏུ་བརྫིས་ལ། རིན་པོ་ཆེའི་སྣོད་དུ་བཞག །ལས་སྔགས་བཟླ་ཞིང་ལས་བུམ་ཆུས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འཇིམ་པ༴ སོགས་བརྒྱ་བཅས། སུཀྵྨེའི་སྔགས་ཉེར་ཅིག །རྩ་སྔགས་དང༌། ཨོཾ་ཛི་ན་ཛིཀ་ཧཱཾཨུཿ ཞེས་པ་དང་སྦྲེལ་བ་བརྒྱ་རྩ་བཟླས་ནས་བྱིན་གྱིས་བརླབས། དེ་ནས་གཞུང་གི་སྔགས་དང་ཡིག་ཆུང་རྣམས་ཞིབ་པར་དེད་ནས་ས་ཙྪ་ལེགས་པར་གདབ། གདབ་ཟིན་པ་དང༌། གཞུང་བཞིན་རབ་གནས་བྱས་ཏེ། ཁེབ་དཀར་པོའི་སྟེང་དུ། འབྲུ་ཚོམ་གྱི་ཁར་བཀོད་ལ། སྟེང་དུ་འཕན་གདུགས་སོགས་དང༌། མཐར་ཕྱི་ནང་གི་མཆོད་པས་བསྐོར། ༈ །གསུམ་པ་གདབ་ཟིན་སྒྲུབ་ཚུལ་ནི། གདབ་ཉིན་དེར་བསྒྲུབས་ན་མདུན་བསྐྱེད་ནས་འཇུག་པས་ཆོག་ཅིང༌། ཉིན་སྔ་མ་ལྟ་བུ་ལ་བཏབ་ནས་ཉིན་ཕྱི་མ་ལ་བསྒྲུབས་པ་ཡིན་ན། སྔར་བཞིན་བདག་བསྐྱེད་གསོལ་འདེབས་ནས་བཟུང་བསྟོད་པའི་བར། འཛབ་ཁ་དབྱེ་མི་དགོས། རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་རུཿ སོགས་བསྙེན་དམིགས། མ་ཎི་ཅི་འགྲུབ། རིགས་


TN02_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་སེམས་མའི་ལས་སྔགས་བཅས་སོང་ནས། མཆོད་པ་བྱིན་རླབས། མཆོད་བསྟོད་མཐར། ཡིག་བརྒྱ་ལན་གཅིག །དེ་ནས་མདུད་བསྐྱེད་བསྒྲུབ་པ་ནི། མདུན་བསྐྱེད་ཀྱི་མཆོད་རྫས་རྣམས་ལ་བསང་ཆུ་འཐོར་ཞིང༌། ཨོཾ་ཨཱཿཧཱཾཨུཿཕྱི་ནང་གསང་བའི༴ སོགས། ཨཱཿཧཱཾཨུཿ སྔགས་ལན་གསུམ། ཨོཾ་ཤུ་ནྱ་ཏ༴ སོགས། ཆོས་ཀུན་མི་དམིགས༴ སོགས་ནས། པོ་ཏ་ལཿ དེ་དབུས་རབ་ཡངས་པདྨ༴ སོགས་ནས་གཞུང་བཞིན་བསྟོད་པའི་་ཕྱག་འཚལ་བསྟོདཿ ནས། རང་ཐུགས་རྗེ་ཆེན་པོར་གསལ་བའི་ཞལ༴ སོགས་ནས་གྱུར། མ་ཎི་དང་སྤྲོ་ན་གཟུངས་སྔགས་གཞན་ཡང་ཅི་མང་དང༌། བར་སྐབས་རྣམས་སུ་རྩ་སྔགས་ལ། ཨོཾ་ད་ཧ་ད་ཧ༴ སོགས། སྔགས་ཤམ་བཏགས་པ་ཉེར་གཅིག་ཙམ་རེ་བཟླ། དགོང་མོ་འཇོག་རན་དུས། མཆོད་པ་བྱིན་རླབས། མཆོད་བསྟོད། ཡིག་བརྒྱ་ལན་གཅིག །བསྐང་བཤགས་ནས་བཟུང་ཚོགས། ཆད་བརྟན། བྲོ་མནན། སླར་ཡང་མཆོད་པའི་བྱིན་རླབས་དང༌། མཆོད་བསྟོད། གསོལ་འདེབས་ཞལ་མཐོང་མ། ཨོཾ་བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདགཿ སོགས། གསོལཿ བར་ལན་གསུམ། ཧོཿ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། སོགས། གསོལཿ ཡིག་བརྒྱ་ལན་གསུམ། མཆོད་རྟེན་ལྷ་དང་བཅས་པ༴ སོགས་ནས། གྱུརཿ བར། མེ་ཏོག་དམ་པ་ཕྲེང་བ༴ སོགས་ཤྭ་ལོ་ཀ་དང༌། བསྟོད་པར་འོས་པ་ཐམས་ཅད༴ སོགས། བསྟོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས༴ སོགས་གསོལ། བར་དབྱངས་གསལ་རྟེན་སྙིང་ལན་བདུན་དང༌། སུ་པྲ་ཏིཥྛས་མེ་ཏོག་འཐོར། ཧོཿ ཆུ་ལས་ཆུ་བུར༴ སོགས། ལྡང༌། ཧོཿ དུས་གསུམ་བསགས་པའི༴ སོགས་ལན་གསུམ། ཧོཿ རིག་འཛིན་བརྒྱུད་པའི་༴ སོགས། དེའི་འགྲེས་ཀྱིས་ཞག་གྲངས་ཅི་ཙམ་བསྒྲུབ་ཀྱང་ཉིན་རེར་ཆོ་ག་ཚར་རེར་བྱས་པའི་ཐུན་མཚམས་རྣམས་སུ་མཆོད་པ་གསར་བཤམས་དང༌། བཟང་པོ་སྤྱོད་པ་ཚར་རེ་


TN02_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆག་པར་བྱེད། གཟུངས་འཇུག་གི་སྔགས་ལ་མིང་སྤེལ་བྱ་བར་མི་འཁྲུགས་པའི་གཟུངས་མདོ་ལས་གསུངས་པས་ངེས་པར་འགྲུབ་དགོས་ལྟ་བུར་འདུག་ཀྱང༌། དེ་འདྲ་མ་གྲུབ་ན་མིང་སྤེལ་གྱི་འདོད་གསོལ་གདུགས་སམ་སཙྪ་རེ་ལ་དཀྲིས་ནས་བཞག་ཀྱང་ཆོག །གཟུངས་འཇུག་ལ་མིང་སྤེལ་བྱ་ཚུལ་ཐུགས་རྗེ་ཆེན་པོའི་སྒོ་ནས་བསྒྲུབ་ན། ཨོཾ་མ་ནིཔདྨེ་ཧཱུཾ་ཧྲཱིཿ ཆེ་གེ་མོའི་ལས་ངན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བྲི། ཏིང་ངེ་འཛིན་དང་གཟུངས་སྔགས་བཟླ་བཞིན་པས་རུས་བུ་རྣམས་ཆུས་ཡང་ཡང་བཀྲུས་ཏེ་སྦྱང་དགོས་པ་དང༌། སྦྱངས་པའི་རུས་པ་རྣམས་ཞིབ་པར་བཏགས་ཏེ། ས་གཙང་གི་སྦྱིན་དང༌། རིན་ཆེན་ཕྱེ་མ་སོགས་དང་ལྷན་ཅིག་ཏུ་ཡང་ཡང་བརྫིས་ཏེ་ཁ་དོག་ཕུག་རོན་གྱི་མདོག་ལྟ་བུ་མ་བྱུང་གི་བར་དུ་ཞུ་ན་ཐར་སྤྲད་དགོས་པར་ཡང་གསུངས་པ་དང༌། དེ་རྣམས་ཀྱང་དམིགས་པ་དང་སྔགས་དང་རྫས་ཕྱག་རྒྱ་སོགས་ཐམས་ཅད་ཚང་བའི་རྟེན་འབྲེལ་བསྒྲིགས་ཏེ་རྒྱུད་སྡེ་ནས་བཤད་པ་ལྟར་གྱི་ལག་ལེན་བྱས་ན་ནི། རྒྱུད་སྡེ་ནས་གསུངས་པ་ཙམ་གྱི་ཕན་ཡོན་ཐོབ་པ་ཡིན་ནོ།། །།གྲུབ་ཆེན་དགོན་གྱི་ཕྱག་བཞེས་སོ། །


previousཀློང་སྙིང་ཐུགས་རྗེ་ཆེན་པོའི་སྒོ་ནས་སཱཙྪ་སྒྲུབ་པའི་ལག་ལེན།next