Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
གནས་ཆེན་དེ་ཝི་ཀོ་ཊའི་གསོལ་མཆོད།
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousགནས་ཆེན་དེ་ཝི་ཀོ་ཊའི་གསོལ་མཆོད།next

གནས་ཆེན་དེ་ཝི་ཀོ་ཊའི་གསོལ་མཆོད།


JSD004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེན་དེ་ཝི་ཀོ་ཊའི་གསོལ་མཆོད་ནི། བསང་དང་གསེར་སྐྱེམས་མཆོད་རྫས་རིགས། །རཾ་ཡཾ་ཁཾ་དང། ༀ་ཨཱཿཧཱུྃ་གིས་སྦྱང་རྟོགས་སྤར་ལ། ཧཱུྃ་བྷྱོཿ། འཛམ་གླིང་གནས་ཡུལ་དུར་ཁྲོད་ལ་གནས་དང། །ཁྱད་པར་དེ་ཝིཀོཊའི་གནས་ཀྱི་བདག །དཔའ་བོ་དཔའ་མོ་ཞིང་སྐྱོང་གཙོ་འཁོར་རྣམས། །བསང་དང་མཆོད་པའི་མགྲོན་ལ་གཤེགས་སུ་གསོལ། །དམ་ཚིག་གཙང་མའི་གདན་ལ་དགྱེས་པར་བཞུགས། །མཆོད་ཅིང་བསྟོད་དོ་བསྐང་ངོ་མངའ་གསོལ་།ཀུན་བཟང་བདེ་བ་ཆེན་པོའི་རྣམ་རོལ་ལས། །ཡོངས་ཤར་མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད། །གནས་གསུམ་དཔའ་བོ་ཌཱ་ཀིའི་ཚོགས་ལ་འབུལ། །དགྱེས་པར་བཞེས་ལ་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སེལ་འདོད་རྒུའི་རེ་འབྲས་སྒྲུབས། །རླུང་སེམས་སྣང་བ་དབང་དུ་འདུས་


JSD004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང། །བདག་ལྟའི་རུ་དྲ་བདག་མེད་དབྱིངས་སུ་སྒྲོལ། །གཞིས་བྱེས་ལམ་གསུམ་གར་འགྲོ་གར་འདུག་ཀྱང། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མ་གཡེལ་བར། །ཉམ་ངའི་ལ་ཆུ་འཕྲང་ལས་སྒྲོལ་འདོན་མཛོད། །ཁྱད་པར་ཉམས་རྟོགས་གོང་ནས་གོང་དུ་སྤོར། །སྡོམ་གསུམ་དམ་ཚིག་ཉམས་ཆག་སོར་ཆུད་ཅིང། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་པའི་དོན་གསོལ་མཆོད་བྱས་ལ་གསེར་སྐྱེམས་གཙང་སར་འབུལ་ལ་མགྲོན་མི་དམིགས་པར་བཞག་གོ། །ཞེས་པའང་སྔགས་ཀྱི་རྣལ་འབྱོར་དབང་ཕྱུག་གིས་བསྐུལ་ངོར་བྱ་བྲལ་བུདྡྷས་གང་དྲན་ཆོལ་དུ་བྲིས་པ་དགེ་ལེགས་འཕེལ།།


previousགནས་ཆེན་དེ་ཝི་ཀོ་ཊའི་གསོལ་མཆོད།next