Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

1 occurrence of དགོངས་པ་ཟང་ཐལ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ།
  
  
  
  
  


1 occurrence of དགོངས་པ་ཟང་ཐལ་
[Clear Hits]

 
previousགུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ། next

གུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ།


LRD010_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབས་བཞུགས་སོ། ཨེ་མ་ཧོ། མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ། སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི། །ནད་གདོན་བར་གཅོད་དམག་འཁྲུག་མུ་གེའི་ཚོགས། །ཁྱེད་ཞལ་དྲན་པའི་མོས་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས། འཇིག་རྟེན་བདེ་སྐྱིད་ལྡན་པར་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པ་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་ཀྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེ། །ཚེ་ཡི་ཕ་མཐར་གདུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུས་མ་ཆིས་པས། །ཐུགས་རྗེས་ཟུང་ཞིག་གུ་རུ་ཨོ་རྒྱན་རྗེ། བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ཞེས་བོད་ཁམས་ནད་འུག་མཐའ་དག་ཞི་ཞིང་བསྟན་འགྲོའི་བདེ་སྐྱིད་གསོ་བར་ཕན་སྙམ་པ་དང་ལྟན་རྣམས་ཀྱིས་ཐུབས་ལ་བཞུགས། དགེའོ། དགེའོ། དགེའོ། སརྦ་མངྒལཾ། །


previousགུ་རུའི་གསོལ་འདེབས་བསམ་པ་མྱུར་འགྲུབ། next