Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནོད་སྦྱིན་ཛམ་བྷ་ལའི་སྒྲུབ་ཐབས་བསྡུས་པ་བཀྲ་ཤིས་དཔྱིད་དཔལ།
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousགནོད་སྦྱིན་ཛམ་བྷ་ལའི་སྒྲུབ་ཐབས་བསྡུས་པ་བཀྲ་ཤིས་དཔྱིད་དཔལ།next

གནོད་སྦྱིན་ཛམ་བྷ་ལའི་སྒྲུབ་ཐབས་བསྡུས་པ་བཀྲ་ཤིས་དཔྱིད་དཔལ།

གནོད་སྦྱིན་ཛམ་བྷ་ལའི་སྒྲུབ་ཐབས་བསྡུས་པ་བཀྲ་ཤིས་དཔྱིད་དཔལ་བཞུགས་སོ༔

གཏོར་མ་ལ་སོགས་གང་འཛོམ་པ༔ ཁྱད་པར་ནོར་བུའི་དབྱིབས་སུ་བྱ༔ དེ་ནས་རང་ཉིད་འདི་ལྟར་གསལ༔ བཻཿ སྐད་ཅིག་དྲན་རྫོགས་ངང་ཉིད་ལས༔ རང་ཉིད་ཨརྱ་ཛཾ་བྷ་ལ༔ སྐུ་མདོག་དམར་ནག་ཆགས་ཉམས་ཅན༔ ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས༔ གཡོན་དུ་ནོར་སྐྱུགས་འཆིང་སྟབས་ལ༔ ཞབས་ནི་སྟེགས་སྟེང་ངལ་གསོའི་ཚུལ༔ སྐུ་ལ་རིན་ཆེན་རིགས་ལྔའི་ཕྲེང་༔ ཡུམ་མཆོག་ཀུ་རུ་ཀུལླེ་དམར༔ ཕྱག་ན་མདའ་དར་རཏྣ་བསྣམས༔ སེར་མོ་དཔལ་བསྐྱེད་གཡོན་དུ་རོལ༔ རྒྱན་ཆས་ལ་སོགས་སྤྱི་དང་མཐུན༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ རང་རང་གནས་ནས་སྤྱན་དྲངས་བསྟིམས༔ བཻཿ འགྲོ་བའི་དབུལ་བ་སེལ་བའི་སླད༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི༔ ཕྱོགས་གཅིག་ཞི་ལས་རབ་བཤོལ་ཏེ༔ མངོན་སུམ་མཛད་པོ་ས་མ་ཡཱ༔ འདིར་གཤེགས་བདག་ལ་འགོ་བར་མཛོད༔ ཕུན་ཚོགས་མཛད་ལ་གུས་པས་འདུད༔ འབྱོར་དང་ཡིད་སྤྲུལ་དམ་པས་མཆོད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷར༔ སྒོ་གསུམ་གུས་པས་བསྟོད་པར་བྱ༔ ཅེས་བརྗོད་ལ༔ ཐུགས་ཀར་བཻཿཡིག་བཙོ་མའི་མདོག༔ དེ་ཉིད་ཉི་མའི་དཀྱིལ་ལ་རོལ༔ མཐའ་མ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འཁོར་འདས་དཔལ་ཡོན་བཅུད༔ བསྡུས་ཏེ་བདག་ལ་ཐིམ་པ་ཡིས༔ བསོད་ནམས་ཡེ་ཤེས་རྒྱས་པར་བསམ༔ གཙོ་འཁོར་སྲོག་སྔགས་རོ་གཅིག་གྱུར༔ ཨོཾ་བཻཿ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སརྦ་བ་སུ་བསྡུས་བསྡུས༔ སརྦ་སིདྡྷི་བསྡུས་བསྡུས༔ སརྦ་ཨཱ་ཡུཿབསྡུས་བསྡུས༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བརྗོད་སྐབས་སུ༔ ཀྱཻཿ འཁོར་འདས་ཐམས་ཅད་རང་གི་རྩལ༔ དེ་ཕྱིར་རང་སྣང་དབང་འདུས་པའི༔ སྟོབས་ལས་འཁོར་འདས་དྭངས་བཅུད་དང་༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཀུན༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ རང་དབང་མེད་པར་བདག་ལ་བསྟིམས༔ དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས༔ ད་ལྟ་ཉིད་དུ་དངོས་གྲུབ་རྣམས༔ མ་ལུས་ཡོངས་སུ་རྫོགས་པར་མཛོད༔ བཻ་ཤྲ་མ་ཎ་སརྦ་བ་སུ་སིདྡྷི་བསྡུས་བསྡུས་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ལྟར་རྒྱུན་དུ་བཅོལ་བ་ཡིས༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་འཐོབ༔ བཀྲ་ཤིས་དཔལ་གྱིས་རབ་ཏུ་བརྒྱན༔ ཐེ་ཚོམ་ཉིད་མེད་ས་མ་ཡཱ༔ སང་ཁོའི་ཞལ་ངོར་ག་གཱས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ། །


previousགནོད་སྦྱིན་ཛམ་བྷ་ལའི་སྒྲུབ་ཐབས་བསྡུས་པ་བཀྲ་ཤིས་དཔྱིད་དཔལ།next