Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གང་འདུལ་ཐབས་ཀྱི་གར་བསྒྱུར་རིན་ཆེན་རྒྱལ་པོ།
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousགང་འདུལ་ཐབས་ཀྱི་གར་བསྒྱུར་རིན་ཆེན་རྒྱལ་པོ།next

གང་འདུལ་ཐབས་ཀྱི་གར་བསྒྱུར་རིན་ཆེན་རྒྱལ་པོ།

གང་འདུལ་ཐབས་ཀྱི་གར་བསྒྱུར་རིན་ཆེན་རྒྱལ་པོ་ལ་ན་མོ༔ རྒྱུན་དུ་གྱེར་བ་འདི་ལྟར༔ ཧཱུྃ༔ སྐད་ཅིག་ངང་ལས་སྒྱུ་མའི་ཆོ་འཕྲུལ་ངོམ་པ་བཞིན༔ མདུན་དུ་པདྨ་ཉི་ཟླའི་གདན་ལ་གསང་བའི་དབང་༔ ཚོམ་བུ་ལྔ་ལྡན་མཐིང་དཀར་དམར་སེར་ལྗང་གུའི་མདོག༔ མཉྫུའི་ཆ་ལུགས་མ་ངེས་རོལ་མོ་རེ་ཞིག་རྒྱུ༔ ལྷུན་གྱི་གྲུབ་པའི་ཞི་རྒྱས་དབང་གིས་ལྷ་ཡི་གར༔ དཀར་པོ་ཕྱག་ན་དབང་རྒྱལ་ནེའུ་ལེ་ཡི་སྐྱུགས༔ སེར་པོ་རིན་ཆེན་བསམ་འཕེལ་ནེའུ་ལེ་ཡི་ཚུལ༔ དམར་པོ་ཕྱག་ན་ལྕགས་ཀྱུ་ནེའུ་ལེ་དང་བཅས༔ ཨནྡྷ་ཕ་རོལ་དཔུང་བ་འཇོམས་པ་ནོར་བུ་སྐྱུགས༔ དབང་སྔོན་ཐབས་ཤེས་ཕྱག་གིས་རཏྣ་སྣ་བདུན་གྱི༔ རང་བཞིན་མཆོག་གི་ཆར་འབེབས་དགོས་འདོད་ཐམས་ཅད་འབྱུང་༔ ཟུང་ཟླའི་སྔ་མའི་ཚུལ་ཏེ་རཏྣའི་མཛོད་མར་འགྱིང་༔ ཀུན་གྱི་སྐུ་ཡི་གཡོན་དུ་ཀུ་རུ་ཀུལླེ་ནི༔ དཀར་སེར་དམར་ལྗང་མཐིང་ཀའི་གཙོ་ལ་ལག་བཅིང་ཚིམ༔ འཁོར་ཚོགས་བྱེ་བ་ཕྲག་བཅས་ཕྱག་རྒྱའི་རྣམ་པ་བཞི༔ རང་གཞན་གནས་ནས་ཡེ་ཤེས་ལྷ་ཚོགས་བསྐུལ་བྱེད་པའི༔ ལྕགས་ཀྱུའི་འོད་ཀྱི་སྤྱན་དྲངས་གཙོ་བོ་རིགས་ལྔ་པོ༔ ཆོས་ཅན་གནས་རིགས་ཁམས་ཀྱི་ཡེ་ཡོད་བསོད་ནམས་གཟུགས༔ དུ་མ་རོ་གཅིག་རྡོ་རྗེ་སྣང་སྟོང་དབྱེར་མེད་གྱུར༔ ཛཿ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ཀྱི་དམ་པ་ནས༔ ཡེ་ཤེས་འགགས་མེད་ལོངས་སྤྱོད་རྒྱན་གྱི་འཕྲུལ་བཞད་དུ༔ རིག་སྟོང་དབྱེར་བྱེད་སྤངས་བྲལ་འབྲས་བུ་ཀ་དག་པ༔ གཞི་རྫོགས་ལྷུན་གྲུབ་ཡེ་ཡོད་མངོན་དུ་གྱུར་བ་ཙམ༔ ཨརྱ་ཛམྦྷ་ལ་ཀ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་ཛ་ཛ་ཕེཾཿ བཞུགས་གསོལ་ནི༔ ཧོཿ དུ་མར་སྣང་ཡང་ཡེ་ཤེས་གཅིག་པུ་ཕྱལ་བ་ལ༔ སླད་ཀྱི་བཟང་ངན་དབང་བསྐུར་བྱར་མེད་མཉམ་པ་བཞི༔ སྒྱུ་མ་འཕྲུལ་གྱི་སྣང་བརྙན་དགོས་དོན་ལོག་གོལ་དོན༔ ཤུགས་ཀྱིས་སེལ་བ་གསང་སྔགས་ཚུལ་ཆེན་བླ་མ་ཆེ༔ ཏིཥྛ་ལྷནཿ ཕྱག་འཚལ༔ ན་མོཿ དགའ་མས་འཁྱུད་པའི་བསམ་གཏན་བཞི་ཡི་ངོ་བོ་ལ༔ རྣམ་ཀུན་མཆོག་ལྡན་སྟོང་ཆེན་སྟོབས་འདྲེན་དོན་གྱི་ལྷ༔ སྤངས་པའི་འབྲས་བུ་རིག་པའི་དུ་མ་རོ་གཅིག་ཕྱག༔ ལས་ཀྱི་སེམས་དཔའ་དོན་ཆེད་སྦྱངས་སུ་ཤར་བས་འདུན༔ མཆོད་དངོས༔ ཨེ་མཿ རྟོག་པའི་མཆོད་པ་གར་ཡང་བསྒྱུར་བའི་བླ་མེད་པོ༔ དོན་གྱི་ལྷ་ཡི་ཐུགས་དམ་གསོས་སུ་རང་བཞིན་ཆས༔ རླབས་གསུམ་རྩེ་ལས་མིག་ཡངས་འབུམ་གྱི་རིམ་གྲོར་བཅས༔ ཕྱི་ནང་གསང་བ་ཁྱད་པར་རྨད་བྱུང་ཕང་ཕུང་བརྒྱན༔ བཛྲ་ཨརྒྷཾ་ ༴ སོགས། པཱུ་ཛ་ཧོཿ དེ་ནས་བསྟོད་པ་ནི༔ ཟབ་གསང་ཁུང་ནས་འབྱུང་བ་སྐྱེ་མེད་ཚིག་བརྗོད་སྤངས༔ གསལ་བ་ཁྱབ་བརྡལ་མཐའ་ཡི་མ་རེག་ཐིག་ལེ་དཀར༔ དེ་ལྡོག་ལྷུན་བརྗིད་ཀྱིས་ཁུར་རིན་ཐང་མཚུངས་མེད་པ༔ ཞི་བར་མི་གཟིམ་སླད་ཆར་མུར་ཡང་ཡར་ངོ་ལྡན༔ བཛྲ་ཛམ་ལྷ་སྟྭོ་ཏྲཿ བཟླས་དམིགས༔ བདག་གི་མདུན་དུ་ཛམ་ལྷ་རིགས་ལྔའི་ཐུགས་ཀར་ས་བོན་ཧཱུྃ་ངམ་ཏྲྃ་ལ་སྔགས་ཀྱི་གཡས་སུ་འཁོར་བར་བསམ་ལ༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་ལྷུན་གྱིས་གྲུབ་པར་བྱས་ནས༔ ཁྱད་པར་ཕྱོགས་བཅུའི་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་མངའ་ཐང་ཡོན་ཏན༔ ཁམས་གསུམ་བརྟན་གཡོས་དྭངས་བཅུད་ཐམས་ཅད་བསྡུས་ནས་བདག་གི་གནས་ཁང་དང་བང་མཛོད་ཐམས་ཅད་མེར་མེར་གང་བར་བསམ་ལ༔ བཟླས་སྔགས༔ ཨོཾ་ཛམྦྷ་ལ་ཛ་ལེནྜ་ཡེ་སྭཱ་ཧཱཿ པཉྩ་ཛམྦྷ་བ་སུ་དྷ་རི་དེ་ཝ་ནཱ་ག་མ་ནུཥྚ་ཡེ་ཝ་ཤཾ་ཀུ་རུ་ཧོཿ དམིགས་པས་ཁ་བསྒྱུར་བསྙེན་བསྒྲུབ་སོགས༔ དམིགས་པས་མདེ་ཁ་བསྒྱུར་རམ་ནི༔ ཡང་ན་ཅིག་ཆར་རྫོགས་པས་འཐེར༔ ཁྱད་པར་གནད་ཡིག་བཟའ་བ་ལ༔ རྫས་ཀྱི་རིམ་པ་སྔགས་ཀྱི་ཁྱད་པར་བྱེད༔ ཨརྱ་ཛམྦྷ་ལ་ཡི་ཤིང་༔ དེ་ནི་སུ་ཝརྞ་ཡི་དངོས༔ ཡང་ན་གསེར་གྱི་རིགས་ཀུན་ནོ༔ བསམ་འཕེལ་ཚབ་མར་བདུད་རྩི་ཆེ༔ གླ་བ་དམར་པོའི་རྩི་ཡི་བརྟགས༔ དཔྲལ་བར་དེ་ཡིས་ཧཾ་བྲིས་པས༔ ཀུན་གྱི་ཡིད་འོང་ཟས་ནོར་རྙེད༔ ལག་མཐིལ་གཡས་སུ་བྲིས༔ ཕོ་རྒྱུད་སྡུད་དམ་ བརྡ་ཡིག །ཟབ༔ དེ་ཡིས་མོ་རྒྱུད་ཐམས་ཅད་སྡུད༔ ལྷ་ལ་གྱྱ་གཉན་ལ་ བརྡ་ཡིག །བཟའོ༔ བྱ་གག་ལྟོ་ཚིལ་སོགས་ཀྱིས་ནི༔ སྔགས་བྲིས་རྐེ་ལ་བཏགས་ཀྱང་རུང་༔ ཐུན་མོང་དངོས་གྲུབ་ཐམས་ཅད་འགྲུབ༔ བླ་མ་མཆོག་གི་བཀའ་བཞིན་དུ༔ ག་གཱ་ཨ་བྷྱེ་དེ་ཡིས་བྲིས༔ མངྒ་ལཾ། །


previousགང་འདུལ་ཐབས་ཀྱི་གར་བསྒྱུར་རིན་ཆེན་རྒྱལ་པོ།next