Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

12 occurrences of བརྒྱུད་གསུམ་
[Clear Hits]


 
 
  
  
  
  
  
  
 
  
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
 
  
  
  
  
  
  
  
  
  
ཐ་མ་ཁའི་ཉེས་དམིགས་མདོ་ཙམ་བསྟན་པ།
  
  
  
  
  
  
 
  
  


12 occurrences of བརྒྱུད་གསུམ་
[Clear Hits]

 
previousཐ་མ་ཁའི་ཉེས་དམིགས་མདོ་ཙམ་བསྟན་པ།next

ཐ་མ་ཁའི་ཉེས་དམིགས་མདོ་ཙམ་བསྟན་པ།


JSD004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ཁའི་ཉེས་དམིགས་མདོ་ཙམ་བསྟན་པ་བཞུགས་སོ།། ཤཱཀྱའི་རྒྱལ་དང་ཨོ་རྒྱན་རྗེ། །དབྱེར་མེད་ངག་གི་དབང་པོ་ལ། །བཏུད་ནས་ཀུན་ལ་ཕན་གདགས་སླད། །དུག་ཟས་ཉེས་དམིགས་མདོ་ཙམ་བཤད། །སྔོན་ཚེ་དགའ་རབ་དབང་ཕྱུག་སོགས། །བདུད་རྒྱལ་དྲུང་གི་ལོག་སྨོན་དང་། །སྲིན་མོ་མངལ་ཁྲག་ས་བོན་ལས། །བྱུང་བའི་ཟས་ཀྱི་དུ་རུ་ཁ། །དེ་ཡང་དུག་ལྔའི་རྒྱུས་བྱུང་བའི། །མེ་ཏོག་ཁ་དོག་རིགས་ལྔ་ཡོད། །དེ་ཀུན་དུ་བ་ཁ་རླངས་རོ། །གནམ་ས་བར་གསུམ་སོང་བ་ཡིས། །ལྷ་ཁྲོས་ཀླུ་བརྒྱལ་གཉན་འཆི་ཞིང་། །དཀར་ཕྱོགས་ལྷ་སྲུང་རྒྱང་དུ་གྱེས། །མི་ལ་བདུད་འབབ་བྱད་མཐུ་ཟུག །ཡུལ་དུ་མི་ཤེས་ཐན་ལྟས་འབྱུང་། །གནས་དགོན་རྟེན་གསུམ་རབ་གནས་ཉམས། །ས་སྟེང་ཆོས་ཀྱི་བྱིན་རླབས་ཡལ། །མཐའ་ཡི་


JSD004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་དབུས་སུ་ལྷགས། །དམ་སྲིར་བསྡོངས་ནས་འགྲོ་རྒྱུད་བརླམས། །སྐྱེས་ཆེན་མི་བཞུགས་རྒྱལ་བསྟན་ནུབ། །ལྟ་ལོག་ཆོས་ལོག་མང་དུ་དར། །སྦས་ཡུལ་རྣམས་ཀྱི་དགེ་མཚན་འགྲིབ། །སྐྱེ་འགྲོ་སྔར་མེད་ནད་ཀྱིས་འཆི། །གསོ་དཔྱད་རིམ་གྲོའི་ནུས་མཐུ་རྡག །སྣོད་བཅུད་གཡང་ཉམས་མུ་གེས་མནར། །བོད་ཁམས་གཅིག་ཏུ་མ་ངེས་ཏེ། །འཛམ་གླིང་སྲིད་པ་ཐམས་ཅད་འཁྲུགས། །བཅངས་པས་བྱང་ཆུབ་སེམས་རྩ་སྐམ། །འཐུང་ཚད་རྩི རྡོ་རྗེའི་དམྱལ་བར་ལྷུང་། །རྩ་ནང་སོང་བས་དུག་ལྔ་རྒྱས། །རང་རིག་འོད་གསལ་བག་ལ་ཞ། །དབུ་མའི་ལམ་འགགས་རྒྱལ་བས་ཀྱང་། །འཆི་ཚེ་འཕོ་བ་ཐེབས་པ་མིན། །བསྒྲུབ་ཀྱང་དགེ་བའི་འབྲས་མི་འགྲུབ། །མཆོག་གསུམ་ཐུགས་རྗེས་འདུལ་ཐབས་བྲལ། །ཉེས་པ་གཞན་ཡང་བརྗོད་མི་


JSD004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལངས། །ཉོ་འཚོང་ལག་ལེན་ལྟ་ཅི་སྨོས། །དྲི་ཙམ་ཚོར་ཡང་དེ་མ་ཐག །ཆུས་བཤལ་དམ་རྫས་བཟང་དྲུག་བྱུགས། །འདི་འཐུང་མི་དང་ནམ་དུ་ཡང་། ཁ་ལག་སྤྱོད་གསུམ་བསྲེ་མི་རུང་། །པད་འབྱུང་བཀའ་ལ་བསླུ་བ་མེད། །ཤེས་བཞིན་ཧ་ལའི་དུག་མ་འཐུང་། །ད་ནས་གཏན་དུ་སྤོང་བར་བྱ། །དེ་ལྟར་ནུས་ན་ཚེ་འདི་དང་། །ཕྱི་མའི་དོན་ཆེན་འགྲུབ་འགྱུར་ཏེ། །བདེ་བ་ཅན་དུ་སྐྱེ་བར་གསུངས། །དེ་སོགས་ཕན་ཡོན་དཔག་ཏུ་མེད། །བདུད་ཀྱི་བར་ཆད་བཟློག་པ་དང་། །རྒྱལ་ཁམས་བདེ་བའི་སྐུ་རིམ་ལ། །འདི་སྤོང་ལས་ལྷག་ཡོད་པ་མིན། །ང་ཡི་འགྲོ་དོན་གཙོ་བོ་ཡིན། །དོ་གལ་ཆེ་བས་ཀུན་ལ་སྤེལ། །དགེ་དེས་མ་རིག་སྐྱེ་འགྲོ་ལ། །དུག་ཟས་མིང་ཡང་མི་གྲགས་ཤིང་། །མཆོག་གསུམ་རྒྱུ་འབྲས་བདེན་ལམ་དུ། །


JSD004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ནས་ཕྱམ་གཅིག་འཚང་རྒྱ་ཤོག །ཅེས་པའང་རང་བཟོ་རྩོམ་ངག་དོན་མེད་དོན་ལོག་ཏུ་མི་ལྟ་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པའི་གཏེར་ལུང་ལྷད མེད་མང་པོ་དང་། མཁས་གྲུབ་རིས་མེད་དུ་མའི་གསུང་གི་དོན་མ་འཕྱུགས་པར་བསྡུས་ནས་བྲིས་པ་ལ། བདུད་ཀྱི་འབངས་འཁོར་དུ་གྱུར་པ་ཁ་ཅིག་འདི ལ་སུན་འབྱིན་གཤེ་སྐུར་སྨྲ་བ་སྲིད་ནའང་སྙིང་རྗེའི་དམིགས་ཡུལ་དུ་བྱ་བ་ལས་ཕྱོགས་ལྷུང་དང་ཁོང་ཁྲོའི་མེ་ལྕེ་མཆེད་པའི་བུད་ཤིང་ལྟ་བུར་འགྱུར་བར་མཐོང་ནས་རྩོད་པ་དབྱིངས་ལ་བཞག་པར་བྱའོ།། ཞེས་སྤོང་བ་པ་སངས་རྒྱས་རྡོ་རྗེས་བོད་ཁ་འཐོར་བ་རྣམས་ལ་དུས་བབ་ཀྱི་བསླབ་སྟོན་དུ་སྙིང་ནས་གདམས་པའོ།།


previousཐ་མ་ཁའི་ཉེས་དམིགས་མདོ་ཙམ་བསྟན་པ།next