Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
བདེ་གཤེགས་མཆོད་རྟེན་བཞེངས་པ་དང་ཕྱག་བསྐོར་མཆོད་པ་སོགས་ཀྱི་ཕན་ཡོན་མདོར་བསྡུས་དད་མོས་འདྲེན་པའི་ཤིང་རྟ།
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousབདེ་གཤེགས་མཆོད་རྟེན་བཞེངས་པ་དང་ཕྱག་བསྐོར་མཆོད་པ་སོགས་ཀྱི་ཕན་ཡོན་མདོར་བསྡུས་དད་མོས་འདྲེན་པའི་ཤིང་རྟ།next

བདེ་གཤེགས་མཆོད་རྟེན་བཞེངས་པ་དང་ཕྱག་བསྐོར་མཆོད་པ་སོགས་ཀྱི་ཕན་ཡོན་མདོར་བསྡུས་དད་མོས་འདྲེན་པའི་ཤིང་རྟ།


JSD004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་མཆོད་རྟེན་བཞེངས་པ་དང་ཕྱག་བསྐོར་མཆོད་པ་སོགས་ཀྱི་ཕན་ཡོན་མདོར་བསྡུས་དད་མོས་འདྲེན་པའི་ཤིང་རྟ་བཞུགས།


JSD004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདེ་གཤེགས་མཆོད་རྟེན་བཞེངས་དང་དད་ལྡན་གྱིས། །ཕྱག་མཆོད་བསྐོར་བའི་ཕན་ཡོན་མདོ་ཙམ་ཞིག །རྣམ་དག་ལུང་གི་དཔང་པོར་འདིར་འགོད་ཀྱི། །དོན་གཉེར་སྐལ་བཟང་ཚོགས་ཀྱིས་སྤྲོ་བས་ལོངས། །དེ་ཡང་དེ་བཞིན་གཤེགས་པས་ལས་རྣམ་འབྱེད་ཀྱི་མདོ་ལས། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེས་པ་


JSD004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སོགས་ཕན་ཡོན་བཅོ་བརྒྱད་ཡོད་པར་གསུངས་པ་དང་། གཞན་ཡང་དམ་ཆོས་པད་དཀར་ལས། ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དེ་བཞིན་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང་། །བྱིས་པས་རྩེད་མོ་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་


JSD004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་པ་ཡང་། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། མཆོད་པའི་ཕན་ཡོན་ཀྱང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང་། །ལུས་སེམས་ནད་མེད་མྱ་ངན་ཡོངས་སྤངས་ཏེ། ༜རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར་ཞེས་དང་། །རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་པའི་གསུངས་དབྱངས་ཡིད་འོང་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་པ། །གསེར་ཕྲེང་རིན་ཆེན་མང་པོ་ལེགས་སྤྲས་པ། །བསོད་ནམས་ལེགས་ལྡན་དེ་ཡི་མགོ་ལ་ཐོབ། །ཅེས་དང་། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་


JSD004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །ཤིན་ཏུ་བལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན། །སྲིད་པའི་སྐྱོན་རྣམས་དང་ཡང་བྲལ་བར་འགྱུར། །ཞེས་དང་། སུ་དག་དཔྱིད་ཀའི་དུས་སུ་གཙང་མའི་ཆུས། མཆོད་རྟེན་ཉེ་འཁོར་རྡུལ་རྣམས་ཞི་བྱེད་པ། །དེ་དག་བུད་མེད་དག་གི་དགའ་བཞིན་དུ། །རྡུལ་གཡབ་གསེར་གྱི་ཡུ་བ་ཅན་གྱིས་གཡོབ། །ཅེས་དང་། མཆོད་རྟེན་ལ་ཕྱག་དང་སྐོར་བ་བྱས་པའི་ཕན་ཡོན་ཀྱང་། དམ་ཆོས་པད་དཀར་ལས། མཆོད རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་སྐད་ཅིག་མགོ་བོ་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །ཡེངས་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་རྗོད་པར་བྱེད་པ་


JSD004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། བསྐོར་བ་བྱས་པའི་ཡོན་ཏན་གང་། །དེ་ནི་ཚིག་ཙམ་ཉི་ཚེ་ཡིས། །ལེགས་པར་བསྟན་པར་མི་ནུས་སོ། །ཞེས་པ་ལ་སོགས་མདོ་རྒྱུད་ཀྱི་ལུང་ལ་ངེས་ཤེས་དང་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་དེ། བདག་ཉིད་བདེ་ལེགས་སུ་འདོད་པ་ཀུན་གྱིས་མཐོང་ཐོས་དྲན་པའི་དོན་ཆེན་པོ་དང་ལྡན་པའི་རྟེན་མཆོག་ཁྱད་པར་ཅན་འདི་དག་ལ། ཕྱག་མཆོད་བསྐོར་བ་སྨོན་ལམ་སོགས་སེམས་བསྐྱེད་བཟང་པོ་དང་ལྡན་པས་ཚོགས་གསོག་སྒྲིབ་སྦྱང་ལ་ཅི་ནུས་བརྩོན་པས་དལ་རྟེན་ལ་སྙིང་པོ་ལེན་པར་བསྐུལ་བ་ལགས་སོ། །དེང་སང་སྙིགས་མ་ལྔ་བདོའི་དུས། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྱིས། །འགྲོ་བ་འདྲེན་ལ་ཆས་གྱུར་པ། །བྱ་བཏང་བུདྡྷས་སུག་བྲིས་བགྱིས། །དགེ་འདིས་འགྲོ་


JSD004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྲིད་ཞིའི་མཐའ་བརྒལ་བའི། །གོ་འཕང་ཐོབ་ནས་བདུད་སྡེའི་དཔུང་བཅོམ་སྟེ། །ཀུན་བཟང་རྒྱལ་སྲིད་ཆེ་ལ་དབང་འབྱོར་ཞིང་། །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་དགེ་བའི་ལས་ལ་བློ་མོས་ཤིང་གཏོང་བ་ལ་དགའ་བའི་དད་ལྡན་ཁྱིམ་བདག་ཚ་རོང་པ་ཀརྨ་དང་བདེ་སྐྱིད་དཔལ་འཛོམ་ཟུང་གིས་རྒྱུ་སྦྱོར་ཏེ་བདེ་བར་གཤེགས་པའི་ཐུགས་རྟེན་ཁྱད་པར་ཅན་བཞེངས་གྲུབ་པའི་ཚེ་ཡང་ཡང་བསྐུལ་བ་ལ་དོན་ཡོད་པར་བྱ་ཕྱིར་རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས་ཕན་ཡོན་རྣམས་མདོར་བསྡུས་ཏེ་སྤྱི་ལོ་༢༠༠༡ ལོའི་ཟླ་ཚེས་ལ་སྦྱར་བའོ། །སརྦ་མངྒལཾ༎ །།


JSD004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབདེ་གཤེགས་མཆོད་རྟེན་བཞེངས་པ་དང་ཕྱག་བསྐོར་མཆོད་པ་སོགས་ཀྱི་ཕན་ཡོན་མདོར་བསྡུས་དད་མོས་འདྲེན་པའི་ཤིང་རྟ།next