Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་པ།


  expand section
  collapse section
   
  collapse section
  collapse section
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
སྒོམ་པའི་ལམ་དང་དེའི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བཤད་པ།
   
   
  expand section
  expand section
  expand section
   
   


 
previousསྒོམ་པའི་ལམ་དང་དེའི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བཤད་པ།next

སྒོམ་པའི་ལམ་དང་དེའི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བཤད་པ།


DTG080_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བརྗོད་པར་བྱ་སྟེ། རེ་ཞིག་སྒོམ་པའི་ལམ་བརྗོད་དེ། དེ་ནས་འདི་བརྗོད་པར་བྱའོ། །སྒོམ་པའི་ལམ་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུས་བསྡུས་པ་ཡིན་ལ། དེ་དག་ཀྱང་ཐོད་རྒལ་གྱི་སྙོམས་པར་འཇུག་པས་བསྡུས་པ་ཡིན་ཏེ། དེས་ན་དེ་ངེས་པར་བསྟན་པའི་སྒོ་ནས་མདོར་བསྡུས་ཏེ་སྒོམ་པའི་ལམ་གྱི་དབང་དུ་བྱས་ནས་གསུངས་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་རྟོག་པའི་རྣམ་པར་ཤེས། མཉམ་གཞག་མིན་པའི་མཚམས་གཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། འགོག་པའི་བར་དུ་མི་འདྲར་འགྲོ། །ཞེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པ་གཉིས་སུ་ཞེས་བྱ་བ་ནི་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པའོ། །ཇི་སྐད་དུ། དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པའི་རྗེས་ལ་མཐར་གྱིས་གནས་པའི་སྙོམས་


DTG080_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་དགུ་དང་མཉམ་པར་མ་བཞག་པའི་སེམས་ཀྱིས་ལུགས་དང་མཐུན་པ་དང༌། ལུགས་དང་མི་མཐུན་པར། གཅིག་དང༌། གཉིས་དང༌། གསུམ་དང༌། བཞི་དང༌། ལྔ་དང༌། བདུན་དང༌། བརྒྱད་དང༌། དགུར་ཐོད་རྒལ་སྙོམས་པར་འཇུག་པ་མངོན་དུ་བྱེད་པས་ཇི་ལྟར་འདོད་པ་བཞིན་དུ་མང་དུ་དབང་ཐོབ་པར་གསུངས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་པའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པ་དང༌། དེ་བཞིན་དུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བར་བསྒྲུབས་ཏེ་གནས་པ་དང༌། དེ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མད་མིན་སྐྱེ་མཆེད་ཀྱི་སྙོམས་བར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལའོ། །དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མ་ཆེད་ཀྱི་སྙོམས་བར་འཇུག་པ་ལའོ། །དེ་ནས་ནི་བསམ་གཏན་བཞི་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ནས་གཉིས་པ་ལའོ། །དེ་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དེ་བཏང་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནས། དེ་བཞིན་དུ་འགོག་པའི་བར་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནས་འགོག་པ་ལའོ། །དེ་ནས་ནི་བསམ་གཏན་གཉིས་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་གསུམ་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་བསམ་གཏན་བཞི་པ་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ནམ་མཁའ་མཐའ་


DTG080_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ནས་འགོག་པ་ལའོ། །དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་པའོ། །དེ་ནས་འགོག་པ་ལའོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འདོད་པ་ན་སྤྱོད་པའི་མཉམ་པར་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་བཞག་པའི་སེམས་ལས་འགོག་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་ནི་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །དེ་བཞིན་དུ་བསམ་གཏན་དང་པོ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ་ཞེས་བྱ་བའི་བར་དུའོ། །གང་ཡང༌། ས་བརྒྱད་རྣམ་པ་གཉིས་འབྲེལ་དང༌། །གཅིག་བརྒལ་སོང་ཞིང་འོངས་ནས་ནི། རིགས་མི་མཐུན་པར་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། ཅི་བྱ་རོག་དང་འོ་ཐུག་མཚན་ཉིད་འདྲ་བ་ཡིན་ནམ། འདིའི་གནས་སྐབས་ནི་གཞན་ཉིད་ཡིན་ཏེ། དེ་ལྟ་བུའི་ཐབས་ལ་མཁས་པ་ཐོབ་པས་བསྐལ་པ་གྲངས་མེད་པ་བྱེད་བ་ཁྲིག་སྟོང་ཕྲག་བརྒྱ་སྙེད་དུ་འཇུག་ཅིང་སངས་རྒྱས་དཔག་ཏུ་མེད་པ་ལ་བསྙེན་བཀུར་མཛད་པ་ཉིད་ཀྱིས་རྒྱ་ཆེ་བ་ཉིད་ཡིན་པར་བསྟན་པའི་ཕྱིར་དང༌། སྒོམ་པའི་ལམ་ནི་རྒྱུན་ཆད་ཡིན་པ་ཉིད་དུ་ཤེས་པར་འདོད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པའི་ལམ་བཤད་ཟིན་ཏོ།། །།ད་ནི་དེའི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བརྗོད་པར་བྱའོ། །དེ་ལ་རེ་ཞིག་མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས། བསྟང་བས་ཡོངས་སུ་མ་བཟུང་དང༌། དུས་གསུམ་ཡོན་ཏན་མེད་པ་


DTG080_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་པའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་པའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་ཡིན་ཏེ། དེ་ལ་ཆོས་རྣམས་ཀྱི་མདོར་བསྡུས་པ་མི་ཤེས་པའི་རྣམ་པར་རྟོག་པ་དང༌། དེ་རྒྱངས་པར་མི་ཤེས་པའི་རྣམ་པར་རྟོག་པ་ནི། བཅོམ་ལྡན་འདེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་པ་ང་ལགས་པ་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཀ་ཡང་མངོན་པར་རྟོག་པའི་སོག་ནས་བསྡུས་ཏེ་བསྟན་ཞིང༌། ཡང་མངོན་པར་རྟོགས་པ་རེ་རེའི་སྒོ་ནས་སོ་སོར་བསྟན་པ་རྣམས་དེ་ལྟར་རྩེ་མོའི་མངོན་པར་རྟོགས་པ་ལས་བསུས་པ་དང༌། སོས་སོ་བ་རྣམས་ཀྱི་ལམ་ཉེ་བར་བཀོད་པས་དེ་སྤང་བར་བྱ་བ་པའི་རྣམ་པར་རྟོག་པ་སྤང་བར་ཤེས་པར་བྱ་པའི་དོན་དང༌། བཅོམ་ལྡན་འདས་ཇི་ལྟ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་འགྱུར་ཞེས་བྱ་པའི་དྲི་བ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ནི་མདོ་དང་རྒྱས་པ་ཤེས་པ་ཉིད་དང༌། དེ་ལ་ཡང་སྐྱེ་པ་དང་འགག་པ་དང༌། གཞན་དུ་འགྱུར་བ་བཀག་པ་དང༌། དེ་བཞིན་དུ་ཡང་དག་པའི་མཐའ་ཤེས་པ་དང་ལྡན་པ་མ་ཡིན་པ་དང་བྲལ་བ་མ་ཡིན་པར་ཤེས་པ་ནི་མདོར་བསྡུས་པ་དང་རྒྱས་པ་ཤེས་པ་ཉིད་དང༌། དབང་པོ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་འཇུག་པ་ཉིད་ཀྱིས་མདོར་བསྡུས་པ་དང་རྒྱས་པ་མངོན་པར་བརྗོད་པ་ནི་འཇུག་པའི་རྒྱུ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སངས་རྒྱས་ཀྱིས་བསྟང་བ་མེད་པའི་རྣམ་པར་རྟོག་པ་ནི་ཇི་སྐད་དུ་བསྟན་པ་ལ་སློབ་པ་ནི་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཐིབ་ཅིང་བདུད་ཀྱི་ལས་སྐྱེས་པ་ཡོངས་སུ་སྤོངས་ལ་སངས་རྒྱས་ཀྱི་དགོངས་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཟང་ཟིང་གི་སྦྱིན་པས་ཚིམ་པར་བྱེད་པ་དང༌། ཚུལ་ཁྲིམས་ལས་སོགས་པའི་ཕུང་པོ་དང༌། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་གོད་པར་བྱེད་པ་


DTG080_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བས། སེ་གོལ་གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་བསོད་ནམས་མང་དུ་འཕེལ་བ་ཉེད་ཀྱིས་སངས་རྒྱས་ཀྱི་དགོངས་པའི་དོན་དང༌། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དུ་གཏོགས་པའི་རྒྱུར་གྱུར་པའི་སངས་རྒྱས་རྣམ་འདི་ལས་སྐྱེས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །སྦྱོར་པའི་ལམ་གྱི་ཡོན་ཏན་མེད་པའི་རམ་པར་རྟོག་པ་ནི་ཇི་སྐད་དུ་བཤད་ལ་ལ་གནས་པ་ནི་ཕྱིར་མི་ལྡོག་པ་སངས་རྒྱས་ཀྱི་དགོངས་པ་དེ་ལ་བསྙེན་བཀུར་བྱས་པ། དོགས་པའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཆོས་ཀྱི་རྣམ་པ་དག་ཏུ་མེད་པ་བསྒོམ་པ་ཡིན་པ་ནས་བརྩམས་ཏེ། ཤེས་ཏབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕན་ཡོན་ནི་དེ་དག་ཡིན་པར་རིག་པར་བྱ་པའི་ཞེས་བྱ་པའི་བར་དུ་གང་གསུངས་པ་སྟེ། སྦྱོར་པའི་ལམ་གྱི་དུས་སུ་ཡིན་ནོ། །མཐོང་བའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་གནག་གསུངས་པ་ཡིན་ཏེ། མཐོང་པའི་ལམ་གྱི་དུས་སོ། །སྒོམ་པའི་ལམ་གྱི་ཡོན་ཏན་མེད་པའི་རྣམ་པར་རྟོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ཞེས་བྱ་བ་བས་སྒོམ་པའི་ལམ་གྱི་དུས་སུ་སེམས་ཀྱི་ཕན་ཡོན་མང་པོ་ཞིག་སྟོན་པས་གང་གསུངས་པ་ཡིན་ནོ། །སྦྱོར་པའི་ལམ་གྱི་ཤེས་པའི་རྣམས་པར་རྟོག་པ་ནི། གཟུགས་ལ་སོགས་པ་ཞི་བ་དང༌། ཡ་མ་བརླ་དང༌། གསོག་དང༌། སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་བ་ཉིད་ཀྱིས་སྦྱོར་པའི་བདག་པོ་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །དེ་ལ་དངོས་པོ་འདོད་པས་ན་ཞི་བའོ། །རྐྱེན་གྱི་དབང་ཡིན་པས་ན་ཡ་མ་བརླའོ། །རང་བཞིན་སྟོང་པ་ཉིད་ཡིན་པས་ནས་གསོག་གོ །རྣམ་པར་དཔྱད་མི་བཟོད་པས་ན་སྙིང་པོ་མེད་པའོ། །མཐོང་པའི་ལམ་གྱི་ལམ་མི་ཤེས་པའི་རྣམ་པར་རྟོག་པ་ནི་ནམ་མཁའ་ལྟར་སྟོང་བ་ཉིད་མངོན་པར་བསྒྲུབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་མཐོང་པའི་ལམ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སོམ་པ་ལམ་གྱི་ཤེས་པའི་རྣམ་པར་རྟོག་པ་ནི། ནམ་མཁའ་


DTG080_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྟོང་པ་ཉིད་བསྒོམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཉིད་ཀྱིས་སྒོམ་པའི་ལམ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཡང་ནམ་མཁའ་ཞེ་སྨོས་པས་ནི་སོག་པའི་ལམ་མཐོང་པའི་ལམ་ལས་དངོས་པོ་ཐ་མི་དད་པར་ཤེས་པར་བྱ་པའི་དོན་ཡིན་ནོ། །དེ་ལ་ན་མ་མཁའ་ལྟར་སྟོང་བ་ཉིད་མངོན་པར་སྒྲུབ་པ་ཞེས་བྱ་བ་ནི་ནམ་མཁའ་ཞེས་སྨོས་པ་གཅིག་ཡིན་ནོ། །ནམ་མཁའ་ལྟར་སྟོང་པ་ཉིད་དུ་སོགས་པས་ཞེས་བྱ་བ་ནི་གཉིས་པ་ཡིན་ནོ། །ད་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་གཟུང་པའི་རྣམ་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པ་དེས་ན། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇིག་པའི་རུལ་གཞན་ཡིན་བཞེད་དེ། །ཞེས་གསུངས་སོ། །དེའང་གནས་ཞེ་ན། སེམས་མི་སྐྱེད་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། །ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །བསྒོམ་དང་སོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སོམས་པའི་ལམ་ལ་ཤེས་པར་བྱ། །ཞེས་བྱ་གསུངས་པ་ཡིན་ནོ། །དེ་ལ་བྱང་ཆུབ་ཀྱི་སེམས་མི་སྐྱེ་པའི་རྣམ་པར་རྟོག་པ་ནི། སེམས་དང་པོ་བསྐྱེད་པ་ནས་ཉེ་བྲ་བཟུང་སྟེ་ཞེ་གང་གསུངས་པ་ཡིན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་བྱེད་པའི་རྣམ་པར་ཏོག་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་དེ་ཞེས་གང་གསུངས་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་ནི། །ཐེག་པ་གཞན་གྱི་སེམས་ཀྱི་གོ་སྐབས་མི་འབྱེད་པས་ཞེས་གང་གསུངས་པ་ཡིན་ནོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་རྣམ་པར་རྟོག་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བ་ཤེས་རབ་ཀྱི་ཕ་རོལ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་བ་ཉིད་དང༌། སེམས་དང་སེམས་ལས་བྱུང་པའི་ཆོས་ལས་བྱུང་པའི་ཆོས་མི་རྒྱུ་བས་མངོན་པར་སྒྲུབ་པ་དང༌། སྒོམ་པ་རྗེས་སུ་གནང་བ་དང༌། དེ་ལ་སྤོད་པ་དང༌། མངོན་པར་སྒྲུབ་པ་དང༌། སྒོམ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཀག་པས་ཐེག་པ་ཆེན་པོ་སྐད་ཅིག་ལ་མངོན་མ་གཅིག་ལ་མངོན་པར་རྟོག་པ་ཤེས་པར་བྱེད་


DTG080_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པའི་རྣམ་པར་རྟོག་ནི་ནི་དེ་ལྟར་སྒོམ་པ་ཉིད་ཀྱིས་དེའི་རྒྱུན་ཆགས་པ་ཡིན་པར་མི་འཐར་པས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སྒོམ་པ་མེད་པའི་རྣམ་པར་རྟོག་པ་ནི། །དེ་ལྟར་སྒོམ་བ་མེད་པ་ཉིད་ཀྱིས་མི་སློབ་པའི་དུས་སུ་དེ་ཡོངས་སུ་གཏུགས་པར་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །སོམ་པ་མ་ཡིན་སྒོམ་པ་མ་ཡིན་པའི་པར་རྟོག་པ་ནི། སོམ་པ་མ་ཡིན་སོམ་པ་མ་ཡིན་པ་མ་ཡིན་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་བཀག་པས་བར་ཆད་དང་བཅས་པ་དང་བར་ཆད་མེད་བར་ཆད་མེད་པར་འདྲེན་པར་སོམ་པ་དེའི་རྒྱུ་ཉིད་དུ་ཤེས་པར་དོན་གྱིས་གང་གསུངས་པ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པར་རྟོག་པ་ནི། གང་གི་རྣམ་པར་གཞག་པ་གཞན་དུ་མྱ་ངན་ལས་འདའ་བ་ལ་གཞན་དུ་ཐོབ་པར་སེམས་པ་སྟེ། དེའི་དབང་དུ་མཛད་ནས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ད་ནི་སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་འཛིན་པའི་རྣམ་པར་རྟོག་པ་བརྗོད་པར་བྱའོ། །དེ་ལ་རེ་ཞིག །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། །ཆོས་བཏགས་པ་དང་སྟོང་མིན་ཉེད། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དོངས་པོར་བྱེད་དང་ཐེག་གསུམ་དང༌། །ཡོན་ནི་དག་པ་མ་ཡིན་དང༌། སྤོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོ་སྟེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །དེ་ལ་སེམས་ཅན་བཏགས་པའི་རྣམ་པར་རྟོག་པ་ནི། སེམས་ཅན་ལ་སོགས་པ་མི་དམིགས་པ་ཉིད་ཀྱིས་སེམས་ཅན་གྱི་ཁམས་སུ་བཏགས་པ་བཀག་པ་དང༌། དེ་ལྟ་ཡིན་ན་དམྱལ་བ་ནས་བརྩམ་ནས་ཡང་དག་པར་རྫོགས་པའི་སངས་ཀྱི་བར་དུ་བཏགས་བ་མེད་པར་ཐལ་བ་དང༌། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་ཅན་དུ་བཏོགས་པ་དམིགས་སུ་ཡོད་དམ་ཞེས་བྱ་བ་སོགས་པས་དེ་སྤངས་པས་སེམས་ཅན་དུ་བཏོགས་པ་དོངས་པོ་མེད་པ་མེད་པ་ཉིད་དུ་ཤེས་པར་བྱེད་པའི་དོན་གྱིས་གང་གསུངས་པ་ཡིན་ནོ། །ཆོས་བཏགས་པའི་རྣམ་པར་རྟོག་པ་ནི། ཆོས་


DTG080_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་ལ་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བརྗོད་པ་དང༌། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་བསླབ་པར་མི་བགྱིའམ་ཞེས་བྱ་བ་ཉེ་བར་དམིགས་པ་ལ་བསླབ་པ་རྣམ་པ་ཐམས་ཅད་མཁྱེན་པས་གང་གསུངས་པ་ཡིན་ནོ། །སྟོང་པ་པ་ཉིད་མ་ཡིན་པའི་རྣམ་པར་རྟོག་པ་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་ཉིད་ཀྱི་བར་དུ་བསལ་བ་དང་གཞག་པ་མེད་པར་སློབ་པ་རྗེས་སུ་གནང་བ་དང༌། ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་དུ་མཐོང་བས་དེ་ལ་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་པར་ཐལ་བ་དང༌། རབ་འབྱོར་སྤྱོད་པ་མེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནས་བརྩམ་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བ་མི་དམིགས་པའི་རྣམ་པར་སྒོམ་པའི་ལམ་གྱིས་གཉིས་དང་གཉིས་མེད་པ་དག་དམིགས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཆགས་པའི་རྣམ་པར་རྟོག་པ་ནི་དམིགས་པ་དང་མི་དམིགས་པ་དག་ལ་ཆགས་པ་བཀག་པ་དང༌། དེ་ལྟ་ཡིན་ན་ས་གཞན་དུ་འཕོ་བ་དང༌། དེ་ཡོངས་སུ་རྫོག་པ་དང༌། དམིགས་པར་གནས་པས་དེ་ཡོངས་སུ་རྫོགས་པར་མེ་ནུས་པ་དང༌། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་པ་ཞེས་བྱ་པའི་འཐད་པས་གང་གསུངས་པ་ཡིན་ནོ། །ཆོས་རབ་ཏུ་འབྱེད་པའི་རྣམ་པར་རྟོག་པ་ནི། དེ་ལྟ་ཡིན་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པ་དང༌། ཇི་ལྟར་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམ་པར་འབྱེད་པར་མེ་བྱེད་དོ་ཞེས་བྱ་བས་མི་དམིགས་པར་རབ་ཏུ་རྣམ་པར་འབྱེད་པ་རྗེས་སུ་གནང་བར་གང་གསུངས་པ་ཡིན་ནོ། །དངོས་པའོ་ཆེད་དུ་བྱེད་པའི་རྣམ་པར་ཏོག་པ་ནི་དེ་ལྟ་ཡིན་ན་སངས་རྒྱས་ཀྱི་མཛད་པ་མཐའ་དག་མི་འཐད་པ་དང༌། མཛད་པ་དེ་གང་གི་ཡང་ཆེད་དུ་མ་ཡིན་པར་གསུངས་པ་དང༌། ཆོས་ཐམས་ཅད་མ་བྱས་པ་རྣམ་པར་འགྱུར་བ་མེད་པ་མངོན་པར་འདུས་


DTG080_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །ཐེག་པ་གསུམ་གྱིས་ངེས་པའི་རྣམ་པར་རྟོག་པ་ནི། དེ་ལྟ་ཡིན་ན་ཐེག་པ་གསུམ་རྣམ་པར་གཞག་པ་མེད་པར་འགྱུར་བ་དང༌། གཟུངས་ལ་སོགས་པ་ལ་མངོན་པར་ཞེན་པས་དེའི་རློབ་སེམས་དང༌། དམིགས་པ་དང་ལྡན་པ་ལ་ཐེག་པ་གསུམ་གྱིས་རྣམ་པར་རྟོག་པ་རྣམས་པར་གཞག་པ་དང༌། དེ་ཅིའི་བྱིར་ཞེ་ན། ཆོས་ཐམས་ཅད་སངས་རྒྱས་ཀྱི་སྤྱན་ལྔ་མ་གཟིགས་པ་དང༌། དེ་ལྟ་ཡིན་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཕུང་པོ་རྣམ་པ་གསུམ་ལུང་བསྟན་ར་མཛད་པ་མེད་པ་དང༌། རྫས་མེད་པ་ལ་རྫས་སུ་འདུ་ཤེས་པ་རྣམས་ལ་དེ་བཟློག་པའི་དོན་དེ་ལྟར་པ་དང༌། དོན་དམ་པ་དང་རྫུ་འཕྲུལ་གྱིས་རྣམ་གྲངས་ལ་གནས་ནས་བླ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒ་བཀག་པ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེས་འདུས་བྱས་དང༌།འདུས་མ་བྱས་ཀྱི་དབྱིངས་ལ་གནས་པ་བཀག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་རྗེས་སུ་གནང་བ་དང༌། དེ་ལྟ་ཡིན་ན་དེ་བཞིན་གཤེགས་པ་དང་སྤྲུལ་པ་ཁྱད་པར་མེད་པར་ཐལ་འགྱུར་བས་བྱེད་པ་པོ་དང༌། བཅས་པའི་སྤྲུ་པའི་དོངས་པ་ཤེས་པར་བྱེད་པའི་དོངས་པ་ཤེས་པར་བྱེད་པའི་དོན་དང༌། དེ་གཉི་གའི་བྱེད་པ་མེད་པས་རྗེས་སུ་གནང་བ་དང༌། དེ་དེ་བཞིན་གཤེགས་པའི་སྨིན་ལམ་གྱི་རྗེས་སུ་བྱེད་པའི་ཕྱིར་དེ་གཉིས་ཀྱི་ཁྱད་པར་བརྗོད་པ་དང༌། སྤྲུལ་པ་པོ་དེ་བཞིན་གཤེགས་པ་དང༌། སྤྲུལ་པའི་དཔེས་བྱེད་པ་པོའི་རྣམས་པར་རྟོགས་པ་བསལ་བའི་དོན་དུ་གང་གསུངས་པ་ཡིན་ནོ། །ཡོན་མ་དག་པའི་རྣམ་པར་རྟོག་པ་ནི། དེ་ལ་ཡིན་ན་ཡོན་ཡོངས་སུ་དག་པ་མེད་པ་དང༌། དེ་བཞིན་གཤེགས་པ་དང་སྤྲུལ་པ་དག་གི་ཆོས་ཉིད་ལ་ཐ་དད་པ་མེད་པས་ཁྱད་པར་འཕགས་པའི་ཡོན་གནས་ཉིད་དང༌། དེ་བཞིན་གཤེགས་པ་ལ་དམིགས་པའི་བྱམས་པའི་སེམས་དང་ལྡན་པ་རྣམས་དང༌། དེ་ལ་ཡིད་ལ་བྱེད་པས་ནམ་མཁའ་ལ་མེ་ཏོག་འཐོར་བར་བྱེད་པ་རྣམས་དང༌། སངས་རྒྱས་ལ་ཕྱག་འཚལ་བ་རྣམས་ཡོན་དེས་སྡུག་བསྔལ་མཐར་ཕྱིན་པར་བྱེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །དག་པ་སྤྱོད་པ་རྣམས་པར་འཁྲུགས་པའི་རྣམ་པར་རྟོག་པ་ནི་ཕར་རོལ་


DTG080_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་དྲུག་པོ་རྣམས་ལ་ཆོས་ཉིད་རྣམ་པར་མི་འཁྲུགས་པའི་སྤྱོད་པ་རྗེས་སུ་གནང་བ་དང༌། དེ་ལྟ་ཡིན་ན་གཟུགས་ལ་སོགས་པའི་ཆོས་ངེས་པར་དཔྱད་པར་མཛད་པར་མཛད་པའི་ཕྱིར་དེ་བཞིན་གཤེགས་པ་ཆེས་ཉིད་རྣམ་པར་འཁྲུག་པར་མཛད་པར་ཐལ་བ་དང༌། གཞན་རྣམས་མེད་པ་དེ་ལ་འཇུག་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་མིང་དང་མཚན་མ་བསྟན་པས་ཆོས་ཉིད་འཁྲུག་པ་མེད་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་ཞེས་སྐྱེས་པ་དང༌། བུད་མེད་ཀྱི་རྟག་སྨོས་པ་ནི་ཟ་མ་དང༌། མ་ནིང་དང༌། མཆིག་པ་སྟོན་པ་ལ་སོགས་པའི་བསལ་བའི་དོན་ཡིན་ནོ། །རིགས་ཀྱི་ཁྱད་པར་བླངས་པ་ནི་རིགས་བཞི་རྣམ་པར་དག་པ་ཤེས་པར་བྱད་པའི་དོན་ཏོ། །བུ་དང༌། བུ་མོ་བརྗོད་པ་ནི་རབ་ཏུ་བྱུང་བའི་སྐྱེ་བོ་དང༌། མཐུན་པའི་བརྗོད་པ་ཤེས་པར་བྱེད་པའི་དོན་ཏོ། །རིགས་སྨོས་པ་ནི་རྒྱུད་ཕུན་སུམ་ཚོགས་པ་དམ་པའི་ཆོས་ལ་དབང་དུ་བྱ་བ་ཤེས་པར་བྱེད་པའི་དོན་ཏོ། །ཡང་ངམ་སྨོས་པ་ནི་སྐྱེ་གནས་དང་ལན་གྲངས་གཞན་ལ་མྱོངས་བར་འགྱུར་བའི་ལས་ཀྱི་ཉེས་པར་པས་རིགས་དམན་པ་ཡིན་ཡང་སྐལ་བ་དང་ལྡན་པ་ནི་འདིར་དབང་དུ་བྱས་པར་ཤེས་པར་བྱེད་པའི་དོན་ཡིན་ནོ། །ད་ནི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་བརྗོད་པར་བྱ་བ་ཡིན་པས་དེའི་ཕྱིར། སེམས་ཅན་བཏགས་དང་དེའི་རྒྱུ་ཡི། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས། །སྒོམ་པའི་ལམ་དང༌། འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་གསུངས་པ་ཡིན་ཏོ། རབ་འབྱོར་ཐ་སྙད་དང་མིང་དང་མཚན་མ་དང་མངོན་པར་ཞེན་པ་ཞེས་བྱ་བ་ནས་བརྩམ་ཏེ། རྣམ་པ་ཐམས་ཅན་མཁྱེན་པ་ཉིད་ཐོབ་པའི་བར་བསྟན་པས་གང་གསུངས་པ་ཡིན་ནོ། །ཇི་ལྟར་རྣམ་པར་རྟོག་པ་རྣམས་པ་དགུ་ཡིན་ཞེ་ན། དེའི་ཕྱིར། བདག་གཉིས་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུག་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་


DTG080_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གང་གསུང་པ་ཡིན་ནོ། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཀུན་ཏུ་རྨོངས་པ་ནི། ཅིའི་སླད་དུ་དེ་བཞིན་གཤེགས་པ་དག་ར་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་ཞེས་བྱ་བ་ན་བརྩམས་ཏེ། རྣམ་པ་གང་དག་དང༌། རྟགས་གང་དག་དང༌། མཚན་མ་གང་དག་གིས་ཆོས་རྣམས་རབ་ཏུ་བརྗོད་པའི་རྣམ་པ་དེ་དག་དང༌། རྟགས་དེ་དག་དང༌། མཚན་མ་དེ་དག་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དེ་དེའི་ཕྱིར་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ་ཞེས་གན་གསུངས་པ་ཡིན་ནོ། །ལམ་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །ཐམས་ཅད་ཤེས་པ་ཉིད་ལ་ཀུན་དུ་རྨོངས་པ་ནི། རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང༌། ནང་གི་ཆོས་ཇི་སྙེད་པ་དེ་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། ལམ་ལ་ཀུན་དུ་རྨོངས་པ་ནི། ལམ་ལ་གནས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། འདིས་འཕགས་པའི་གང་ཟག་ཐམས་ཅད་མྱ་ངན་ལས་འདས་པ་མཆོག་གི་ཕ་རོལ་ཏུ་ཕིན་བར་བྱེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གང་གསུངས་པ་ཡིན་ནོ། །དེ་བཞིན་ཉིད་དང་གང་དག་པའི་མཐའ་ལ་སོགས་པ་ལ་སོགས་པ་ལ་ལྡན་པ་དང་མི་ལྡན་པ་ལ་ཀུན་དུ་རྨོངས་པ་ནི་ཡང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་རྣམས་འདིའི་ཁོང་དུ་ཆུད་པའི་དོན་དང༌། ཆོས་གང་དང་ཡང་ལྡན་པའི་མ་ཡིན་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །མི་མཉམ་པ་ཉིད་དེ་ཐུན་མོངས་མ་ཡིན་པ་ཉིད་ལ་ཀུན་དུ་རྨོངས་པ་ནི། ཡང་ཕྱིར་རོལ་བ་དང༌། མུ་སྟེགས་དང༌། བདུད་དང༌། ཐེག་པ་གཞན་དང་ལྡན་པ་རྣམས་ཀྱིས་མི་ཆོད་པ་དང་མི་འཕྲོགས་པའི་དོན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་གང་གསུངས་པ་ཡིན་ནོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་ཀུན་ཏུ་རྨོངས་པ་ནི། ཡང་སྡུག་བསྔལ་གྱི་དོན་ནས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་ལ་སྤྱོད་པར་བྱ་བ་ཉིད་དུ་གང་གསུངས་པ་ཡིན་ནོ། །


DTG080_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་རང་བཞིན་ལ་ཀུན་དུ་རྨོངས་པ་ནི། ཡང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་དོན་དང༌། དོམ་མ་ཡིན་པ་ཉིད་དུ་སྤྱད་པར་མི་བྱ་བ་ཉིད་དང༌། དེ་ཅིའི་ཕྱིར་ཞེས་ན། འདོད་ཆགས་དང༌། ཞེས་སྡང་དང༌། གཏི་མུག་གེ་དེ་བཞིན་ཉིད་ནི་འགའ་ཞིག་ལ་ཡང་དོན་ནམ་དོན་མ་ཡིན་པར་བྱེད་པ་མ་ཡིན་པར་འཐད་པ་དང༌། དེ་བཞིན་དུ་ཆོས་ཐམས་ཅད་ལ་དོན་དུ་དོན་མ་ཡིན་པར་བྱེད་པའི་སྤྱོད་པ་རྣམ་པར་བཀག་པ་དང༌། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་གང་ཡང་དམིགས་སུ་མེད་པ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམ་མི་བྱེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དོན་དང་དོན་མ་ཡིན་པར་བྱེད་པ་བཀག་པ་དང༌། འདུས་མ་བྱས་འཕགས་པ་ཐམས་ཅད་ཀྱི་དོན་ཡིན་པ་དང༌། ནམ་མཁའི་དེ་བཞིན་ཉིད་ཀྱི་དཔེས་དེས་འདི་ལ་ཕན་འདོགས་པ་མེད་པ་ཉིད་དང༌། དོན་དང་དོན་མ་ཡིན་པ་གཉིས་མེད་པའི་ཚུལ་གྱིས་རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་གང་གསུངས་པ་ཡིན་ནོ། །གཉིས་མེད་པ་ནི་གཉིས་མ་ཡིན་པའི་དོན་དམ་པ་སྟེ། དེ་ལ་ཀུན་དུ་རྨོངས་པ་ནི་གཉིས་སུ་མེད་པའི་ཆོས་ཀྱིས་གཉིས་སུ་མེད་པའི་ཆོས་ཐོབ་པ་བཀག་པ་དང༌། གཉིས་ཀྱི་ཆོས་ཀྱིས་གཉིས་ཀྱི་ཆོས་ཐོབ་པ་བཀག་པ་དང༌། གཉིས་དང་གཉིས་མེད་པའི་ཆོས་མི་དམིགས་པ་ལ་ཐོབ་པར་བསྙད་པས་གནག་གསུངས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་རབ་ཏུ་དབྱེ་བ་རྒྱ་ཆེར་ཇི་སྐད་དུ་བརྗོད་བས་མངོན་བས་མངོན་པར་ཞེན་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ཡིན་པ་དེས་ན། རབ་འབྱོར་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མེད་དོ་ཞེས་གང་གསུངས་པ་ཡིན་ཏེ། དེས་ན་དོངས་པོ་མེད་པ་ལ་དམིགས་པའི་ཡེ་ཤེས་རྣམ་པ་གཅིག་པ་རབ་ཏུ་གྲུབ་པ་ཡིན་ནོ། །འདིར་མྱ་ངན་ལས་འདས་པ་དང་ལམ་དག་མེད་པ་ཉིད་ཡིན་ན་འཕགས་པའི་གང་ཟག་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བས་བརྩད་པ་དང༌། ཐམས་ཅད་འདུས་མ་བྱས་ཀྱི་རབ་ཏུ་ཕྱེ་བ་ཉིད་དང༌། འདུས་མ་བྱས་འབྱུང་བ་མེད་པ་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཚད་མར་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ལམ་ཡིན་ཞིང༌། དེ་ཅིའི་ཕྱིར་ཞེ་ན། དོན་དམ་


DTG080_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ངག་གི་ལམ་གྱིས་གདགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་འཐད་པ་ཡིན་ནོ། །མཐའ་རྣམ་པར་ཆད་པ་རྣམས་ལ་ཕྱི་མའི་མུ་རབ་ཏུ་ཤེས་པ་ཞེས་བྱ་བ་ནི་བརྩད་པ་ཡིན་ལ། རང་གི་མཚན་ཉིད་སྟོང་ཕྱིན་ལ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཆོས་རྣམས་ལ་དེའི་མུ་རབ་ཏུ་མི་ཤེས་པ་དང༌། དེ་མི་ཤེས་པ་དང་ལྡན་པའང་དེ་བསྟན་ཏོ་ཞེས་བྱ་བ་ནི་ལན་ཡིན་ཏེ། དེའི་ཕྱིར་ནོགས་པ་མེད་པ་ལ་དམིགས་པའི་ཡེས་ཤེས་ནི་འཐད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་ཅན་རྣམས་ཀྱིས་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་ནི་དཀའ་བ་བགྱིད་པ་ལགས་ཏེ། སེམས་ཅན་ནམ་སེམས་ཅན་དུ་བཏགས་པ་ཡང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུང་པ་ཡིན་ནོ། །ཡམས་ནད་འདི་རྣམས་ཟད་པ་ན། །ཡུན་རིང་ལོན་ནས་དབུས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞི། །འབྲས་བུ་མཆོག་གིས་དཔའ་བ་ཡི། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་རྟེན་པར་བྱེད། །ཇི་སྐད་དུ་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ཕུན་སུམ་ཚོགས་པའི་ལྡང་བུའི་དཔེས་བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར། འགྲོ་བ་ཐམས་ཅད་ཀྱི་བདེ་བའི་ལོངས་སྤྱོད་ཀྱི་མཆོག་ཏུ་གྱུར་ཅིང་མང་བ་སྣ་ཚོགས་པའི་དོན་དང༌། འབྲས་བུ་འདུས་པ་ཉིད་ཀྱིས་དེའི་འབྲས་བུ་མཆོག་གིས་དཔའ་བ་ཉིད་དང༌། དེ་ལྟ་བུར་གྱུར་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བ་དང༌། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིས་རྣམ་པར་དག་པ་ཐོབ་པར་བྱེད་པའི་འཐད་པ་དང༌། དེ་བཞིན་དུ་དེ་བཞིན་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་དབང་པོ་ཡོངས་སུ་རྫོགས་པ་དང༌། ལས་བདག་གིར་བྱེད་པ་དང༌། སྨོན་གནས་ཤེས་པ་དང༌། དུས་གསུམ་གྱི་ཡེ་ཤེས་རྣམ་པར་དག་པ་དང༌། སེམས་ཅན་རྣམས་ཀྱི་དོན་དང༌། སངས་རྒྱས་ཀྱི་ཞིན་ཡོངས་སུ་དག་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཏོབ་པ་དང༌། ཆོས་ཀྱི་འཁོར་ལོ་བསྐྱོར་བ་དང༌། སེམས་ཅན་ཡོངས་སུ་མྱ་ངན་ལས་ཟློ་བའི་ཕན་ཡོན་ཐོབ་པར་


DTG080_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ནོ། །འདིའི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་འགའ་ཞིག་གིས་ལྗང་བུ་འདོད་པས་ས་བོན་བཏབ་ལ། དེས་ཀྱང་ལྗང་བུ་དེའི་རྩ་བ་མི་ཤེས། དེའི་ལོ་འདབ་མི་ཤེས། མེ་ཏོག་མི་ཤེས། འབྲས་བུ་མི་ཤེས་པར་དེ་ལྗང་བུ་དེའི་མྱུ་གུ་འཛུགས་ཤིང༌། དུས་སུ་ཆུས་བྲན་ཏེ། དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་དང་ལོ་མ་དང༌། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པར་གྱུར་པ་དང༌། དེ་དེའི་འདབ་མ་དང༌། མེ་ཏོག་དང༌། འབྲས་བུ་ལ་སྤྱོད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་ཅན་གྱི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ནས་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་རྣམས་གང་ལ་བརྟེན་ནས་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་གྲོལ་བར་བྱེད་པ་དེ་ཡིན་ནོ། །མེ་ཏོག་ནི་གང་ལ་བརྟེན་ནས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བའོ། །དེ་ལ་འབྲས་བུ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་གང་ལ་བརྟེན་ནས་སེམས་ཅན་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། དགྲ་བཅོམ་པ་དང༌། རང་བྱང་ཆུབ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རབ་ཏུ་འགོད་པ་དེ་ཡིན་ནོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་འབྲས་བུ་མཆོག་གིས་དཔའ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་ཡིན་ནོ། །སྒོམ་པའི་ལམ་གྱི་མི་མཐུན་པའི་ཕྱོགས་ཀྱི་རྣམ་པར་རྟོག་པ་བཤད་ཟིན་ཏོ།། །།


previousསྒོམ་པའི་ལམ་དང་དེའི་མི་མཐུན་པའི་ཕྱོགས་རྣམ་པར་རྟོག་པ་བཞི་བཤད་པ།next