Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཙ༽


   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
  expand section
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
   
  collapse section
   
   
གཉིས་པ། སྣང་བའི་འཆར་ཚུལ།
   
   
   
   
   
   
   
   
   
   
   
   
   
   


 
previousགཉིས་པ། སྣང་བའི་འཆར་ཚུལ།next

གཉིས་པ། སྣང་བའི་འཆར་ཚུལ།

གཉིས་པ་སྣང་བའི་འཆར་ཚུལ་ནི། དུས་དེར་རིག་པ་སྙིང་ནང་ནས་གནས་བཏེག །ལམ་རྩ་དར་དཀར་གྱི་སྣལ་མ་ལ་ཞུགས་ནས། སྒོ་ཆུའི་སྒྲོན་མ་ལས་ཐོན་དུས། རྡོ་རྗེ་སེམས་དཔའི་སྣ་ཐག་ཐུགས་རྗེ་རྒྱུན་གྱི་ཐག་པ་ཞེས་བྱ་བ། མིག་གཉིས་ནས་ནམ་མཁའི་དཀྱིལ་དུ་ཟུག་པ་འོད་ཟེར་གྱི་ཐག་པ་དཀར་པོ་དང་། དམར་པོ་འཚེར་ལ་དྭངས་པ་འཆར་རོ། །དེ་ལས་མཆེད་ནས་འོད་ལྔའི་སྣང་བ་ནམ་མཁའ་ཁྱབ་པར་འཆར་བ་སྟེ། འཁྲུལ་སྣང་གི་འཁོར་བ་དོང་སྤྲུག །སངས་རྒྱས་ཀྱི་ཞིང་ཁམས་དག་པ་ཞག་ལྔར་འཆར་རོ། །


previousགཉིས་པ། སྣང་བའི་འཆར་ཚུལ།next