Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་མཆུ་ཞི་ཟློག
   
   
   
   


 
previousཁ་མཆུ་ཞི་ཟློགnext

ཁ་མཆུ་ཞི་ཟློག


JSD004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་མཆུ་ཞི་ཟློག་ཅེས་བྱ་བ། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་དང་དྲང་སྲོང་རིག་སྔགས་གྲུབ་པ་རྣམས་ལ་ཕྱག༔ འཚལ་ལོ། །ཐུགས་རྗེ་སྨོན་ལམ་གྱི་མཐུ་མངའ་བ་དང་བདེན་ཚིག་གྲུབ་པ་རྣམས་ལ་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་ལ་བརྟེན་ནས་རྒྱུ་སྦྱོར་བ་ཡོན་གྱི་བདག་པོའི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྔོན་ལས་འཕྲལ་རྐྱེན་ཉམས་ཆག་རྟོག་སྒྲིབ་ལས་བྱུང་བའི་མི་ཁ་སྨྲ་མཆུ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །ཟློག་པར་གྱུར་ཅིག །ཚེ་རབས་ཐོག་མ་མེད་པ་ནས་མི་དགེ་བ་བཅུ་མཚམས་མེད་པ་ལྔ་ལྕི་བ་བཞི་ལོག་པ་བརྒྱད་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བའི་རྒྱུ་ལས་བྱུང་བའི་མི་ཁ་སྨྲ་མཆུ་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག །ཟློག་པར་གྱུར་ཅིག །ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་ལྟ་བ་དམན་ཅིང་


JSD004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤོངས་པ་དང་མནའ་ཟོས་ཁྲེལ་དང་ངོ་ཚ་ཉམས་པ་དང་། སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་བྱ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལས་བྱུང་བའི་མི་ཁ་སྨྲ་མཆུ་ཐམས་ཅད་ཞི་བར་གྱུར་ཅིག །ཟློག་པར་གྱུར་ཅིག །དཀོན་མཆོག་གི་དཀོར་དང་སྐུ་གླུད་ལ་འབགས་ཤིང་ལོག་པར་བལྟས་པ་དང་། ཕྱི་སྣང་བ་ལ་ཨ་འཐས། ནང་དུག་ལྔ་རང་རྒྱུད་དུ་གོལ། བར་དུ་ཚོགས་དྲུག་ཡུལ་གྱིས་བསླུས་ཤིང་། གསང་བ་མ་རིག་གཟུང་འཛིན་གྱི་རྒྱུ་ལས་བྱུང་བའི་མི་ཁ་སྨྲ་མཆུ་ཐམས་ཅད་ཞི་བར་གྱུར་ཅིག །ཟློག་པར་གྱུར་ཅིག །ལུས་ཐོ་ཅོ་བག་མེད། ངག་ཁ་འཁྱལ་བབ་ཆོལ། སེམས་འདོད་བློ་རྔམ་པ་རེ་དོགས་ལས་བྱུང་བའི་མི་ཁ་སྨྲ་མཆུ་ཐམས་ཅད་ཞི་བར་གྱུར་ཅིག །ཟློག་པར་གྱུར་ཅིག །གཞན་ཡང་གཉིས་འཛིན་རྣམ་རྟོག་ལས་བྱུང་བའི་རྐྱེན་


JSD004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཉི་ཁྲི་ཆིག་སྟོང་། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག །དུས་མིན་འཆི་བ་བཅོ་བརྒྱད། ཆག་ཆེ་ཉམ་ང་བ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །ཆོས་ཉིད་ཀྱི་ངང་དུ་ཞི་བར་གྱུར་ཅིག །མཉམ་ཉིད་ཀྱི་ཀློང་དུ་ཟློག་པར་གྱུར་ཅིག །རྒྱུ་མ་རིག་ཉོན་མོངས་པ་དུག་ལྔ་དུག་གསུམ་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག །རྐྱེན་མི་འདོད་ཉེར་འཚེ་མཐའ་དག་གཞི་མེད་རྩ་བྲལ་མཉམ་པ་ཉིད་དུ་ཞི་ཞིང་ཟློག་པར་གྱུར་ཅིག །མ་སྐྱེས་པ་ལ་བསམ་བརྗོད་བྲལ། །ཡེ་ནས་ལྷུན་རྫོགས་བདེ་བ་ཆེ། །རང་གྲོལ་ཆོས་སྐུའི་དགོངས་པ་ལ། །རྣལ་འབྱོར་ཆེན་པོས་མཉམ་པར་བཞག །ཨ་ཨ། ཞེས་བརྗོད་སྤྲོས་བྲལ་དེ་བཞིན་ཉིད་དུ་ངལ་གསོ་བར་བྱའོ། །ཞེས་པའང་སྒྲུབ་བཙུན་མ་རྣམས་ཀྱིས་བསྐུལ་ངོར་རྒྱལ་ཁམས་པ་བུདྡྷ་


JSD004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲས་སོ།།


previousཁ་མཆུ་ཞི་ཟློགnext