Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉི་ཤུ་པ།


  collapse section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
རབ་ཏུ་བྱེད་པ་བཅུ་གསུམ་པ།
   
   
   
   
   
   
   
   
   
   
   
   
   


 
previousརབ་ཏུ་བྱེད་པ་བཅུ་གསུམ་པ།next

རབ་ཏུ་བྱེད་པ་བཅུ་གསུམ་པ།


DTG020_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༄། །ཤིན་ཏུ་བཟང་པོར་མགོས་ཕྱག་འཚལ། །བསམ་མེད་སྦྱོར་བའི་སྤྱོད་པ་ཡིས། །གཞུང་ཆུང་དུ་ཡིས་རྟོགས་བྱེད་པ། །དེ་ཡི་འགྲེལ་པ་བཤད་པར་བྱ། །ད་ནི་ཤིན་ཏུ་དབང་པོའི་བཤད་པ་གསུངས་པ། དེ་ནས་བསམ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཕྱི་དང་གཉིས་མེད་སྦྱོར་བའི་བདག །ཅེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་བདག་ཉིད་ཀྱི་སྤྱོད་པའི་དུས་སུ་ཡང་རྣལ་འབྱོར་པ་རྣམས་ཀྱིས་བྱ་བ་སྟེ། །ནང་གི་བདག་ཉིད་དུ་ཤིན་ཏུ་བཟང་པོའི་ཡི་གེའི་རབ་ཏུ་སྦྱོར་བ་གསུངས་པ། ཡིད་བཟང་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ཉིད་དུ་སུའི་ཡི་གེའི་དོན་གསུངས་པ། ཡིད་བཟང་མའི་དབུས་སུ་ཐམས་ཅད་ཀྱི་བདག་ཉིད་ཐིམ་པར་བྱའོ། །དེ་ལྟར་བདག་ཉིད་འདིར་མིག་ལ་སོགས་པའི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་དེ་ལྟར་དབང་པོ་ཐམས་ཅད་གཟུགས་དང་སྒྲ་ལ་སོགས་པར་གནས་ཏེ། གྲོང་ལ་བརྟེན་ཞེས་བྱ་བ་ནི་ཡུལ་ལ་བརྟེན་པའོ། །དེ་རྣམས་སུ་ཡིད་ཀྱི་ཡུལ་གྱི་གྲོང་


DTG020_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྣམས་སུ་གང་སྤྱོད་པ་དེ་ཡི་ཤེས་ཀྱི་སྤྱོད་པའི་བདག་ཉིད་དུ་བཤད་དེ། དམ་ཚིག་དེ་གང་ལ་ཡོད་པས་དེ་ལ་ལྟ་བར་གྱུར་པ་དེ་ཉིད་མཐོང་བའི་ལམ་གྱི་བདག་ཉིད་དུ་འགྲུབ་པའོ། །དེ་ལྟར་ཡང་སྲིད་པ་དང་མྱ་ངན་ལས་འདས་པའི་གཟུགས་ཅན་དུ་རྣལ་འབྱོར་པ་སྐྱེ་བ་འདི་ལ་བཤད་དེ་གཞན་དུ་མ་ཡིན་ནོ། །དེ་སླར་ཡང་དེའི་གཟུགས་ཀྱིས་གང་དུ་ཞེས་བྱ་བ་སྟེ་དེ་དེ་བཞིན་དུའོ། །དེ་ལྟར་གང་ལ་བལྟས་པས་མཐོང་བ་ཞེ་ན་གསུངས་པ། མཐོང་བ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཀྱི་གཟུགས་བརྙན་ཞེས་བྱ་བ་ནི་སོ་སོར་སྡུད་པ་ལ་སོགས་པ་སྦྱོར་བའི་ཡན་ལག་དྲུག་རྣམས་ཀྱིས་གཟུགས་མཐོང་ངོ༌། །དེ་ལྟར་བྷཱི་ཡི་གེའི་དོན་སོང་ཟིན་པས་སོ། །དེ་བཞིན་དུ་ཞུ་བ་ཞེས་བྱ་བ་ལ་སོགས་པས་དྲིའི་ཡི་གེའི་དོན་གསུངས་པ་སྟེ། ཞུ་འགྱུར་བ་ཡི་སེམས་བརྟེན་ནས། །ཞེས་བྱ་བ་ནི་དེ་ཡང་རང་གི་སེམས་ཞུ་བའི་གཟུགས་སོ་སོར་མི་སྣང་ངོ༌། །དེ་ཅིའི་ཕྱིར་ལུས་ལ་རྣམ་པར་ཐིམ་ཞེས་བྱ་བ་སྟེ་ལུས་ནི་གཟུགས་ཀྱི་ལུས་ལ་དེས་པར་ཐིམ་པར་འགྱུར་རོ། །ལྷག་མ་རྟོགས་སླའོ། །འོན་ཀྱང་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མ་གསུངས་ཀྱང་རྗེས་སུ་གནས་པར་བྱའོ། །དཔལ་ཐམས་ཅད་གསང་བའི་ལེའུ་ལྔ་བཅུ་ཤིན་ཏུ་བཟང་པོའི་རབ་ཏུ་སྦྱོར་བས་སྤྱོད་པའི་བརྟུལ་ཞུགས་ཕྱི་དང་ནང་གི་བདག་ཉིད་ཅན་བསམ་དུ་མེད་པའི་སྦྱོར་བ་བསྒོམ་པ་ལ་སོགས་པའི་ཆོ་གའི་མཚན་ཉིད་རྒྱས་པར་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའི་བཤད་པའོ།། །།


previousརབ་ཏུ་བྱེད་པ་བཅུ་གསུམ་པ།next