Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་ཐ་མ་ཁའི་ཉེས་དམིགས་དུག་དོན་རིག་པའི་མདའ་མོའི་པར་བྱང་སྨོན་ཚིག
   
   
   


 
previousཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་ཐ་མ་ཁའི་ཉེས་དམིགས་དུག་དོན་རིག་པའི་མདའ་མོའི་པར་བྱང་སྨོན་ཚིགnext

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་ཐ་མ་ཁའི་ཉེས་དམིགས་དུག་དོན་རིག་པའི་མདའ་མོའི་པར་བྱང་སྨོན་ཚིག


JSD004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་ཐ་མ་ཁའི་ཉེས་དམིགས་དུག་དོན་རིག་པའི་མདའ་མོའི་པར་བྱང་སྨོན་ཚིག་ནི། དུས་ངན་སྡིག་ཟས་དུག་གི་ཁ་རླངས་ཀྱིས། །རྒྱལ་བསྟན་ཉི་མ་སྨག་ཏུ་བྱེད་མཐོང་ནས། །དམ་པའི་ཞལ་ལུང་བདུད་རྩི་སྨན་ཆེན་ནི། །ཚོགས་དྲུག་རང་གྲོལ་འཚོ་མཛད་རྗེ་དེས་སྩལ། དེང་སང་རྒྱལ་ཁམས་ཕུང་བའི་ཁ་ལོག་པ། །ཐ་མ་ཁ་འདི་ཀུན་གྱིས་རྩི་བཞིན་བརྟེན། །དེ་ཡི་ནུས་པས་ནད་མུག་འཁྲུག་རྩོད་སོགས། །སྡུག་བསྔལ་མི་བཟད་དྲག་པོ་ཆར་ལྟར་འབབ། །ཚབས་ཆེན་སྡིག་རྒྱུན་འགོག་ལ་ཅུང་ཟད་རེ། །ཕན་དུ་རེ་བའི་བསམ་པས་རྒྱུ་བྱས་ཏེ། །ཉེས་དམིགས་དཔེ་འདི་ལག་འཕྲུལ་པར་དུ་བསྐྲུན། །དགེ་བས་འགྲོ་རྣམས་ལོག་ལམ་ལས་སྐྱོབས་ཤོག །ཅེས་པའང་རྣམ་དཀར་འདུ་བྱེད་པ་དད་གཏོང་གི་ནོར་ལྡན་བཀྲས་བརྩེགས་ཕུན་དབང་ལགས་


JSD004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དང་བུ་བསོད་ནམས་རྒྱལ་པོ་ཟུང་གིས་པར་བྱང་ཉུང་ངུ་ཞིག་དགོས་ཞེས་བསྐུལ་བའི་གཡར་ཁྲལ་དུ་བྱ་བྲལ་སངས་རྒྱས་རྡོ་རྗེས་སྨྲས་པ་དགེ། །།


previousཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་ཐ་མ་ཁའི་ཉེས་དམིགས་དུག་དོན་རིག་པའི་མདའ་མོའི་པར་བྱང་སྨོན་ཚིགnext