Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
བླ་མའི་གསོལ་འདེབས་མ་རིག་མུན་སེལ།
  


6 occurrences of ཆུ་བཟང་
[Clear Hits]

 
previousབླ་མའི་གསོལ་འདེབས་མ་རིག་མུན་སེལ།next

བླ་མའི་གསོལ་འདེབས་མ་རིག་མུན་སེལ།


JSD004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསོལ་འདེབས་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །


JSD004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རྡོར་སེམས་པདྨ་འབྱུང་གནས་དང་། །བི་མ་མི་ཏྲ་ནམ་མཁའི་སྙིང་པོ་སོགས། །སྐུ་གསུམ་རྒྱལ་བ་ཡོངས་ཀྱི་རྣམ་སྤྲུལ་མཆོག །སངས་རྒྱས་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རབ་བྱུང་བཅོ་ལྔ་ཆུ་མོ་གླང་གི་ལོར། །ཡར་ངོའི་ཚེས་བཅུར་ཐབས་ཤེས་པདྨ་དང་། །བསོད་ནམས་མཚོ་ལས་ངོ་མཚར་བལྟས་བཅས་བལྟམས། །ཁྲོ་རྒྱལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཆུང་ངུའི་


JSD004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནས་བྱམས་དང་སྙིང་རྗེ་སོགས། །ཐེག་ཆེན་རིགས་ཀྱི་མཚན་ཉིད་ཡང་དག་དང་། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་སྟོབས་མངའ་བའི། །ཁྲོ་རྒྱལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དེ་ནས་རིམ་བཞིན་ཨ་བསྭེ་བིས་སྤྲུལ་དང་། །ཆོས་ཀྱི་བློ་གྲོས་ཀོང་སྤྲུལ་དགེ་རྩེ་དང་། །སི་ཏུ་པཎ་ཆེན་ཡེ་ཤེས་རྡོ་རྗེ་སོགས། །སྤྲུལ་པའི་སྐུ་ལས་བཀའ་གཏེར་མན་ངག་གསན། །ཨོ་རྒྱན་བསྟན་འཕེལ་


JSD004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་འབྱོར་ལྡན་དང་། །ནུས་ལྡན་བློ་གྲོས་ནོར་བུ་དབང་རྒྱལ་དང་། །ངག་དབང་ནོར་བུ་མཁན་པོ་བློ་གྲོས་སོགས། །མཁན་ཆེན་རྣམས་ལས་མདོ་སྔགས་རིག་གནས་ཞུས། །དགེ་ལེགས་རྒྱ་མཚོ་རིན་ཆེན་དར་རྒྱས་དང་། །པདྨ་སི་ལོ་ཀརྨ་དོན་གྲུབ་དང་། །ཧ་ཤུར་ཆོས་གྲགས་ཁྲ་སྐྱ་དཔལ་ལྡན་སོགས། །བླ་མ་རྣམས་ལས་མན་ངག་ཕྱག་ལེན་གསན། །ཁྱད་པར་མཁན་ཆེན་ངག་དབང་དཔལ་བཟང་དང་། །སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེ་ལས། །རྫོགས་པ་ཆེན་པོའི་སྙན་བརྒྱུད་མན་ངག་སོགས། །བུམ་པ་གང་བྱོས་ཚུལ་དུ་ཉམས་བཞེས་མཛད། །མདོར་ན་མདོ་སྔགས་རིག་གནས་མན་ངག་རྣམས། །བཤེས་གཉེན་བཅུ་ཕྲག་བཞི་ལས་གསན་སྦྱང་དང་། །སྒོམ་པ་ཉམས་ལེན་མཐར་ཕྱིན་མཛད་པ་ཡིས། །རྩོད་མེད་མཁས་གྲུབ་ཆེན་པོར་ཕྱག་འཚལ་ལོ། །དེ་ནས་རིམ་བཞིན་འགྲོ་དོན་དུས་བབ་ཚེ། །ཁ་བ་ཅན་


JSD004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱ་གར་བལ་ཡུལ་དང་། །འབྲུག་དང་འབྲས་ལྗོངས་ངེས་མེད་གནས་རྣམས་སུ། །སྒྲུབ་པའི་སྡེ་བཙུགས་བསྟན་པའི་རྒྱལ་མཚན་འཛིན། །ཁྱད་པར་སྙིང་རྗེའི་ཡུལ་གྱུར་སེམས་ཅན་རྣམས། །ཚེ་སྲོག་བླུ་ཞིང་ཕན་བདེའི་སར་བཀོད་ནས། །ཁམས་གསུམ་འཁོར་བ་སྟོང་པའི་རྒྱུར་གྱུར་པའི། རླབས་ཆེན་གཞན་ཕན་སྒྲུབ་མཁས་ཁྱེད་གཅིག་པུ། །ཐུན་མོང་གདུལ་བྱ་ཐར་པའི་ལམ་སྒྲུབ་ཕྱིར། །ཚུལ་ཁྲིམས་བསླབ་པ་དམ་ཚིག་སྲོག་ལྟར་འཛིན། །བག་མེད་ཆང་དང་ཐ་མ་ཁ་ལ་སོགས། །ལེགས་ཉེས་བླང་དོར་སྟོན་ལ་ཕྱག་འཚལ་ལོ། །ཁྱད་པར་གུ་རུ་མཁའ་འགྲོའི་ལུང་བསྟན་བཞིན། །དམ་ལྡན་སྒྲུབ་པ་སྙིང་པོར་བྱེད་པ་ལ། །མན་ངག་སྙན་བརྒྱུད་འཕོང་མེད་སྟོན་མཛད་པ། །པདྨ་འབྱུང་གནས་ཁྱེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་སུ་འབྱུང་བཞིའི་གནོད་པ་དང་། །བདུད་


JSD004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྒྱལ་འགོང་དམ་སྲིའི་ཆོ་འཕྲུལ་སོགས། །ཕྱི་ནང་གསང་བའི་བར་ཆད་ཞི་མཛད་པ། །རྡོ་རྗེ་གྲོ་ལོད་གཉིས་པར་ཕྱག་འཚལ་ལོ། །སྙིགས་དུས་འགྲོ་ལ་ལྷག་པར བརྩེ་བ་ཡིས། །སྦས་ཡུལ་གངས་རར་གནས་སྒོ་གསར་ཕྱེ་ནས། །སྙན་བརྒྱུད་མན་ངག་མདོ་སྔགས་ལོ་རྒྱུས་སོགས། །བཀའ་པོད་རྣམ་ལྔ་མཛད་ལ་ཕྱག་འཚལ་ལོ། །ངེས་མེད་གནས་སུ་ཏིང་འཛིན་སྒྲུབ་པ་མཛད། །མ་དང་མཁའ་འགྲོས་འཚོ་བ་ཡོ་བྱད་སྦྱར། །སྟག་སེང་དུག་སྤྲུལ་བརྩེ་བས་ལམ་དུ་བཀོད། །གུ་རུ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །སྲོག་གཅོད་སྤངས་པས་ཚེ་ཡི་དངོས་གྲུབ་ཐོབ། །མ་སྦྱིན་ལེན་སྤངས་ཁམས་གསུམ་ཡོངས་ལ་མངའ། །མི་ཚངས་སྤྱོད་སྤངས་བདེ་སྟོང་ཡེ་ཤེས་སྐྱེས། །རྣམ་དག་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། །རྫུན་ནི་སྤངས་པས་གཡོ་སྒྱུ་ངོ་བསྲུང་བྲལ། །ཕྲ་མ་ཟད་པས་མི་མཐུན་གྲོགས་སུ་སྦྱོར། །


JSD004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་རྩུབ་མེད་པས་བྱ་དང་རི་དྭགས་འཁོར། །ངག་འཁྱལ་བྲལ་བས་སྒྲར་གྲགས་སྔགས་སུ་ཤར། །རྣམ་དག་རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ། །བརྣབ་སེམས་ཟད་པས་བྱ་བཏང་རྣལ་འབྱོར་པ། །གནོད་སེམས་ཟད་པས་སྙིང་རྗེའི་དབང་ཕྱུག་མཆོག །ལོག་ལྟ་བྲལ་བས་ཡེ་ཤེས་ལྔའི་བདག་ཉིད། །རྣམ་དག་རྡོ་རྗེའི་ཐུགས་ལ་ཕྱག་འཚལ་ལོ། །གུ་རུ་ཁྱེད་ཀྱི་ཐུགས་བརྩེ་སྨོན་ལམ་དང་། །བྱིན་བརླབ་བཀའ་དྲིན་གཞན་ལས་ལྷག་པས་ན། །འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་ཁྱེད་ཀྱི་མཚན། །སྙན་གྲགས་ཐོས་གྲོལ་ཆེན་པོར་ཕྱག་འཚལ་ལོ། །གུ་རུའི་ལུང་བཞིན་ཚེ་ལ་དབང་གྱུར་ནས། །སྐུ་ཚེའི་འདུ་བྱེད་གཡོ་བ་མེད་པ་རུ། །ལོ་བརྒྱ་ལྷག་བཞུགས་ཚེ་དཔག་མེད་པ་དང་། །དབྱེར་མེད་སངས་རྒྱས་རྡོ་རྗེར་ཕྱག་འཚལ་ལོ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ནུས་པ་དང་། །བདུད་བཞིའི་གཡུལ་ལས་


JSD004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་མཐུ་སྟོབས་ཀྱིས། །འཆི་བའི་སེམས་ཅན་སླར་ཡང་གསོ་ནུས་པའི། །ཡེ་ཤེས་མཚོ་རྒྱལ་སྐུ་བརྙེས་ཁྱེད་ལ་འདུད། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །ཡང་ལེ་ཤོད་ཀྱི་གནས་མཆོག་དམ་པ་རུ། །བོད་ཟླ་བཅུ་གཅིག་ཚེས་གྲངས་ཉི་ཤུའི་ཉིན། །གཞོན་ནུ་བུམ་སྐུའི་བཙན་ས་ཟིན་དེར་འདུད། །འབྲེལ་ཚད་དོན་ལྡན་རྩ་བའི་བླ་མ་མཆོག །འདི་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སྐྱབས་དང་རེ་ས་ཁྱེད་ལས་གཞན་མེད་པས། །རྟག་ཏུ་ཐུགས་རྗེས་གཟིགས་ཤིག་བླ་མ་མཁྱེན། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །དད་དང་མོས་གུས་བཀའ་དྲིན་དྲན་པ་ཡིས། །གསོལ་འདེབས་སྨོན་ལམ་སྙིང་ནས་བཏབ་པའི་མཐུས། དཔལ་ལྡན་བླ་མའི་གོ་འཕང་མྱུར་ཐོབ་ཤོག །ཞེས་པའང་ཕྱི་ལོ༢༠༡༦ཕྱི་ཟླ་༡ ཚེས༩ཉིན་དངོས་སློབ་ཐ་ཤལ་བ་འདུ་ཤེས་གསུམ་པ་བིདྱ་དྷརས་སྨོན་པ་དགེའོ།


previousབླ་མའི་གསོལ་འདེབས་མ་རིག་མུན་སེལ།next