Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་ལྔ་པ།

1 occurrence of ༄༅། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་ན་དལ་འབྱོར་རྙེད་པར་དཀའ་བ་དང་།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྙིང་གཏམ་སྙིང་གི་དྭངས་མ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་ན་དལ་འབྱོར་རྙེད་པར་དཀའ་བ་དང་།
[Clear Hits]

 
previousསྙིང་གཏམ་སྙིང་གི་དྭངས་མ། next

སྙིང་གཏམ་སྙིང་གི་དྭངས་མ།

༄༅། །སྙིང་གཏམ་སྙིང་གི་དྭངས་མ། བླ་མ་ལ་ཕྱག་འཚལ་ལོ། །བརྟན་མཁས་ཡོན་ཏན་ཀུན་རྫོགས་བཤེས་གཉེན་ཆེའི། །རིགས་ཀྱི་དབོན་གྱུར་ཆུང་ནས་བསྟན་སྒོར་ཞུགས། །དལ་དང་འབྱོར་བས་ངང་གིས་འཁྱུད་པ་འདི། །སྔོན་བསགས་ལེགས་སྨོན་མཐུ་ལས་གཞན་གྱིས་མིན། །དེ་ལྟ་ནའང་བློ་ལྡོག་རྣམ་བཞི་སོགས། །གདམས་ངག་གཤོལ་གྱིས་རང་རྒྱུད་ཐ་རེངས་འདི། །ཡང་ཡང་རྨོས་མིན་མིག་འདྲེས་ཁྱེར་བའི་རྒྱུས། །ཆོས་དྲེད་བྱང་ཐང་སྐྱ་མོར་འགྱུར་ཉེན་བདོག །དལ་འབྱོར་ཐོབ་པས་མི་ཆོག་སྙིང་པོ་ལོངས། །མི་རྟག་གོ་བས་མི་ཕན་བློ་སྣ་སྟུངས། །ལས་འབྲས་ཤེས་པས་མི་ཆོག་ལག་ཏུ་ལོངས། །འཁོར་སྐྱོན་མྱོང་བས་མི་ཕན་ངེས་འབྱུང་སྐྱེད། །ས་འདི་རྒྱུ་དང་མི་རྒྱུའི་རྟེན་ཇི་བཞིན། །དཀར་ཆོས་ཀུན་གྱི་རྟེན་གཞི་སྡོམ་པའི་ཁྲིམས། །འདི་མེད་དུད་ཀའི་སྙེ་མ་མགོ་མཐོ་ཡང་། ནམ་ཕུག་གཏན་གྱི་རྒྱགས་ཕྱེ་ཆད་ཀྱིས་དོགས། །གང་ལ་མི་ཤེས་པ་དང་མ་གུས་པ། །བག་མེད་ཉོན་མོངས་ལྟུང་བ་འབྱུང་བའི་སྒོ། །འདི་བཞི་འཛོམས་ན་ཉེས་ལྟུང་ཆར་བཞིན་འབབ། །དེ་ཕྱིར་དེ་ཡི་གཉེན་པོའི་སྟོབས་བསྐྱེད་འཚལ། །དེས་ན་སྡོམ་གསུམ་ངོ་བོ་གནས་འགྱུར་དང་། །ཡོན་ཏན་ཡར་ལྡན་གནད་ཀྱིས་མི་འགལ་ཚུལ། །ལྟུང་དང་ལྟུང་མེད་གནང་བཀག་ས་མཚམས་སོགས། །རྒྱ་ཆེའི་གཞུང་ལྟོས་མཁས་པའི་ཞལ་ལ་དྲིས། །རྒྱལ་བས་བསྔགས་པའི་ཆོས་འདུལ་རིན་པོ་ཆེ། །བསྟན་པ་དེ་ཡིན་སྟོན་པའང་དེ་ཁོ་ན། །དེ་སླད་ཐུབ་མཆོག་བཞིན་དུ་གུས་མཛོད་དང་། །སྲིད་པའི་ཆུ་ཀླུང་རྒྱུན་ཕྱོགས་འདི་ཡིས་བཟློག །དྲན་ཤེས་མ་མའི་མིག་ལྕིབས་འགེབས་ཚེ་ཡང་། །ཅོལ་ཆུང་སེམས་ཀྱི་བུས་པ་ལང་ཤོར་འདི། །ཡུལ་རྐྱེན་ངན་པའི་རྦ་{སྦབ}ལ་འཕྱན་ངེས་པས། །བག་ཡོད་སྒོ་ལྕགས་ནམ་ཡང་མ་ལྷོད་ཅིག །ཐུབ་པའི་རིང་ལུགས་སོ་བྱང་སྔགས་གསུམ་པོ། །དགག་བྱ་རང་རྒྱུད་ཉོན་མོངས་མི་འཆིང་གཅིག །སྤངས་སྒྱུར་ཁྱེར་གསུམ་གནས་སྐབས་རང་ནུས་གཙོ། །གྲོལ་ལོ་ཞིག་ལོས་རང་མགོ་མི་བསྐོར་འཚལ། །ཆོས་ཀྱི་རྒྱ་མཚོ་ཆེ་དྲུང་རྟག་གནས་ཀྱང་། །དོན་གཉེར་མགྲིན་པས་མ་མྱོང་དེ་ཡིས་ཅི། །ཆུ་གཏེར་གཏིང་ན་གནས་པའི་གོར་མོ་དག །ལོ་བརྒྱར་སོང་ཡང་བརླན་པ་ནམ་ཞིག་མཐོང་། །ད་ལྟའི་དུས་བཞིན་གཏན་དུ་མི་འགྲོགས་པས། །ཕྱིས་ནས་འགྱོད་པའི་དུས་ཞིག་འབྱུང་ཏ་རེ། །དེས་ན་ད་ནས་བརྩོན་པའི་གོ་བགོས་ལ། །ཐོས་བསམ་སྒོམ་པའི་ཡོན་ཏན་གོང་འཕེལ་མཛོད། །བལྟ་འོ་སྙམ་ན་དམ་པའི་རྣམ་ཐར་ལྟོས། །རྟོག་གོ་སྙམ་ན་རང་གི་རྒྱུད་ལ་རྟོག །སྨྲའོ་སྙམ་ན་དོན་ལྡན་སྙན་པར་སྨྲོས། །ཉན་ནོ་སྙམ་ན་མཁས་པའི་ཞལ་ལུང་ཉོན། །འགྲོ་འོ་སྙམ་ན་གོང་མའི་རྗེས་སུ་སྙོགས། །ཟ་འོ་སྙམ་ན་ཏིང་འཛིན་ཟས་སུ་ཟོ། །འཐུང་ངོ་སྙམ་ན་གདམས་ཟབ་བདུད་རྩིར་སྤྱོད། །གྱོན་ནོ་སྙམ་ན་ཁྲེལ་ཡོད་གོས་སུ་གྱོན། །བརྒྱན་ནོ་སྙམ་ན་ཚུལ་ཁྲིམས་རྒྱན་གྱིས་སྤུད། །གསོག་གོ་སྙམ་ན་འཕགས་པའི་ནོར་བདུན་སོགས། བསྲུང་ངོ་སྙམ་ན་རང་སེམས་དྲན་པ་སྲུངས། །བསྒྲུབ་པོ་སྙམ་ན་གཏན་གྱི་འདུན་མ་སྒྲུབས། །བྱའོ་བསམས་ན་དམ་པའི་ཆོས་རང་གྱིས། །མདོར་ན་བཅོམ་ལྡན་འདས་དང་ཀུན་དགའ་བོའི། །རྣམ་ཐར་ལེགས་སྐྱོང་ཤཱི་ལ་ས་མུ་དྲའི། །ཅི་མཛད་ལེགས་ལྟོས་ཅི་གསུང་ཚད་མར་ཟུངས། །ཞབས་ཏོག་སྲི་ཞུ་བགྱི་བ་དོན་ལྡན་ཉིད། །དེ་ཡིས་ཁྱེད་ལ་དུས་ཀུན་དགེ་བར་འགྱུར། །དེ་སྐད་སྙིང་གཏམ་སྙིང་གི་དྭངས་མ་རུ། །གདམས་འདི་ཁྱེད་བློ་དྲན་པའི་ཨ་དཪྴར། །རྟག་པར་གནས་དེས་དགེ་བློ་ཡར་ཟླའི་དཔལ། །རབ་འཕེལ་དོན་གཉིས་ཕུན་ཚོགས་བཀྲ་ཤིས་ཤོག །ཅེས་པའང་རྗེ་དབོན་གཞོན་ནུ་ཤེས་རབ་རྒྱ་མཚོ་ལ། སྙོམ་ལས་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོས་འཕྲལ་མར་བྲིས་ཏེ་ཕུལ་བ་དགེ།


previousསྙིང་གཏམ་སྙིང་གི་དྭངས་མ། next