Nitartha Digital Library
Tibetan
 
previousགསལ་བཤད།no next

གསལ་བཤད།

ཀུན་གཟིགས་མཁན་ཆེན་བླ་མའི་གསུང་ཐོར་བུ་འདི་ཉིད། ད་སྔོན་པར་བསྐྲུན་ཐེངས་འགའ་བྱས་མོད། ཡིག་ནོར་མང་བ་དང་། ཆོས་ཚན་མ་འཁོད་པ་ཅི་རིགས་འདུག་པས་དེ་ཙམ་འཐུས་ཚང་ཞིག་མ་བྱུང་བས། ད་ཐེངས་ཆོས་གྲྭ་གཞུང་གིས་པར་བསྐྲུན་གནང་བ་ལ་མཁན་སྐྱོར་འགའ་ཞིག་གིས་དཔེ་བསྡུར་དང་ཞུ་དག་ཅི་ནུས་བགྱིས་ཡོད་པས་དེ་ལུགས་ངེས་འཚལ། བོད་རབ་གནས་ཆུ་ཡོས་ལོའི་དགུན་ཐ་མའི་ཡར་ཚེས་བཅུ་སྟེ་རྗེ་ཉིད་ཀྱིས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་དུས་ཚེས་དང་མ་སྒྲིག་རང་འགྲིག་གིས་དག་ཞུས་དང་སྒྲིག་སྦྱོར་མཇུག་ལེགས་པར་གྲུབ་པའོ། །

ཕྱི་ལོ་2024 - 1 – 20

1-


previousགསལ་བཤད།no next