Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

85 occurrences of གཙང་
[Clear Hits]


 
  
 
 
 
 
 
 
 
 
 
 
 
 
 
 
 
 
  
  
  
  
  
 
  
  
  
  
  
  
  
 
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
 
 
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  
 
  
  
  
 
  
 
  
  
  
  
 
 
ཡུལ་འདིའི་གཞི་བདག་སྐོར་བསང་།
  
  
  
  


85 occurrences of གཙང་
[Clear Hits]

 
previousཡུལ་འདིའི་གཞི་བདག་སྐོར་བསང་།next

ཡུལ་འདིའི་གཞི་བདག་སྐོར་བསང་།


CMR036_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འདིའི་གཞི་བདག་སྐོར་བསང་བཞུགས་སོ།


CMR036_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །གྱི་མི་ཤན་གྱི་གནས་མཆོག་ནས། །བྱང་ཆུབ་སེམས་དཔའ་ས་སྙིང་བསང་།ས་ཡི་ལྷ་མོ་བརྟན་མ་བསང་། །རི་རབ་ཆེན་པོའི་ས་བདག་བསང་། །ས་བདག་དབང་ཆེན་རྒྱལ་པོ་བསང་། །ས་འཛིན་ལག་པ་ཆེན་པོ་བསང་། །ས་བདག་ལྟོ་འཕྱེ་ཆེན་པོ་བསང་། །ཐེ་སེ་ཧལ་ཁྱི་བླ་མཁྱེན་སོགས། །ས་བདག་རྒྱལ་བློན་བཅུ་དྲུག་བསང་། །སྤར་ཁ་བརྒྱད་ཀྱི་ས་བདག་བསང་། །སྨེ་བ་དགུ་ཡི་ས་བདག་བསང་། །ལོ་སྐོར་བཅུ་གཉིས་ས་བདག་བསང་། །ལོ་རྒན་དྲུག་ཅུའི་ས་བདག་བསང་། །ཚེས་


CMR036_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སུམ་བརྒྱ་དྲུག་ཅུ་བསང་། །གནམ་ལྷ་སེར་ནག་མགྲོན་བུ་ལྔ། །འཕར་བ་མགོ་དགུ་པི་ལིང་སོགས། །ཟླ་འཁོར་ས་བདག་ཐམས་ཅད་བསང་། །རྣལ་འབྱོར་མ་བརྒྱད་གཟའ་ཆེན་བརྒྱད། །བིའི་བྱི་ལིང་ལྔ་སེར་སོགས། །གསེར་མཛོད་སེར་པོ་ལ་སོགས་པའི། །ཞག་དུས་རྒྱུ་བའི་ས་བདག་བསང་། །གཟའ་བརྒྱད་འཕར་བ་གདོང་རྒྱུག་བརྒྱད། །ཟིན་ཕུང་གཡུ་མཛོད་སྔོན་མོ་སོགས། །དུས་ཚོད་རྒྱུ་བའི་ས་བདག་བསང་། །གཡུ་འབྲུག་གསེར་སྦལ་དུང་སེང་སོགས། །མཆོང་ཉ་གསེར་སྤྲེལ་ལ་སོགས་པའི། །གཉན་ཆེན་གཉན་རིགས་ཐམས་ཅད་


CMR036_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །མཐོ་བ་གནམ་ལ་གནས་པ་བསང་།།དམའ་བ་ས་ལ་གནས་པ་བསང་། །མངའ་རིས་སྐོར་གསུམ་ས་བདག་བསང་། །དབུས་previous hit གཙང next hit་རུ་བཞིའི་ས་བདག་བསང་། མདོ་ཁམས་སྒང་དྲུག་ས་བདག་བསང་། །ཆུ་བོ་དྲུག་གི་ཀླུ་རྒྱལ་བསང་། །ནམ་མཚོ་ཕྱུག་མོ་ཚྭ་མཚོ་དཀར། །ཁྲི་ཤོར་རྒྱལ་མོའི་མཚོ་དང་ནི། །previous hit གཙང next hit་ཁ་ལ་ཡི་མཚོ་སྔོན་ལ། །གནས་པའི་ས་བདག་ཀླུ་གཉན་བསང་། །གཙུག་ན་རིན་ཆེན་ལ་སོགས་པའི། །རྒྱ་མཚོ་ནང་གི་ཀླུ་ཆེན་བརྒྱད། །དཀར་པོ་སྦལ་མཛེས་ལ་སོགས་པའི། །དཀར་པོའི་ཀླུ་རིགས་ཐམས་ཅད་བསང་། །ནག་པོ་སྦལ་མགོ་ལ་སོགས་པའི། །ཀླུ་བདུད་ཀླུ་བཙན་ཐམས་ཅད་བསང་། །ངོམ་རྒྱལ་མཚོ་བཀྲ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །གཡོ་རྫོང་མཚོ་སྨན་ལ་སོགས་པའི། །ངོམ་གྱི་མཚོ་སྨན་སྤུན་གསུམ་བསང་། །གོ་རྒྱལ་རྡོ་རྗེ་བདུད་འཇོམས་ལ་སོགས་པའི། །ཟླ་རྒྱལ་གཞི་བདག་ཐམས་ཅད་བསང་། །སྐུ་རྒྱལ་ཤེ་ནེ་ལ་སོགས་པའི། །མདོ་ཁམས་ས་བདག་ཐམས་ཅད་བསང་། །རྫ་རྒྱལ་འབྲི་བྱེད་ལ་སོགས་པའི། །རྫ་ཡི་གཞི་བདག་ཐམས་ཅད་


CMR036_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །དབུས་ཀྱི་ཐང་ལྷ་ཡར་བཞུད་བསང་། །ཤར་གྱི་རྨ་གཉན་སྤོམ་ར་བསང་། །རྡོ་ཐི་གངས་དཀར་མཆེད་བརྒྱད་བསང་། །གཟི་རྒྱལ་ཇོ་བོ་མཆེད་གསུམ་བསང་། །རྟ་ཤོད་ཟེ་མའི་རི་རྒྱུད་བསང་། །བོད་ཀྱི་སྤེན་ནེ་རི་བཀྲ་བསང་། །རོང་བཙན་ཁ་བ་དཀར་པོ་བསང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་བསང་།ལྕི་ཡི་བྲག་ལ་མདའ་ཟུག་བསང་། །སྤམ་རྒྱལ་གསལ་བ་འོད་ལྡན་བསང་། །སྤར་ཁའི་ཇོ་བོ་རྩེ་གསུམ་བསང་། །མཆོད་ཀྱི་དཀར་པོ་གཡུ་རྩེ་བསང་། །དབ་ཀྱི་ཇོ་མོ་གཡུ་སྒྲོན་བསང་།དོག་པ་ཀླུ་ཡི་དགེ་བསྙེན་བསང་། །ཡོབ་ཀྱི་རྐྱང་རི་དིས་དིས་བསང་། །སྤར་ཁའི་བྲེ་དགུ་དཀར་སྒྲོན་བསང་། །སྤམ་གྱི་ཆུ་དཀར་སྟག་རྩེ་བསང་། །གནས་དཔོན་་སྐུ་ལྷ་འབར་བ་བསང་། །གོ་ཏེ་ཀླུ་རྫོང་ཕྱུག་མོ་བསང་། །དགེ་བསྙེན་དར་མ་དབང་ཕྱུག་བསང་། །རི་དམར་དཔའ་བོ་མོ་ནམ་བསང་། །བསྡུ་ཡ་རིན་ཆེན་སྤུང་པ་བསང་།སྡོམ་ཁའི་ཁྲ་ཡག་སྤྱན་གསུམ་བསང་། །བསམ་བསམ་འབར་བ་ལྷ་རྩེ་བསང་། །རྨ་རི་ཀ་བཀྲ་ཆེན་མོ་གཡག་གདོང་བསང་། །རོང་དུ་གཉེན་རྩེ་མོ་ཁད་ལྷ་རྩེ་བསང་། །གོ་ཕུ་


CMR036_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྩེ་མཁར་བཤམ་ལྷ་རྩེ་བསང་། །རིས་ནོ་འབོམ་བྲག་གདོང་བརྒྱའི་མཚལ་བྲག་བསང་། །རྫ་རྒན་འབར་བ་ཨ་མྱེ་དབུ་དཀར་བསང་། །ལྕོག་རྩེ་མོ་མ་སྟོན་པ་ཟོ་ཟེ་བསང་།ས་ཆེན་སྒོ་བ་རྨ་རི་སྤུན་གསུམ་བསང་། །ཤ་ནེ་སྤྱན་གསུམ་ཤང་དཀར་སྤུན་གསུམ་བསང་། །དམར་ཡག་སྤུན་གསུམ་རག་སྡོང་སྤུན་གསུམ་བསང་། །ཨག་གི་སྟོང་དཔོན་དཔའ།རྔམ་སེ་བོ་བསང་། །ཨག་གི་ཚྭ་རྒྱལ་དངུལ་འཕྲུལ་བསང་། །ཨག་གི་ཚྭ་ལ་བྱ་ཞུར་བསང་། །ཨག་གི་ཚྭ་སྨན་དཀར་མོ་བསང་། །ཨག་གི་ཚ་ཁ་བཅོ་བརྒྱད་ལ། །གནས་པའི་ས་བདག་ཀླུ་གཉན་བསང་། །འདམ་ཤེས་ལྕགས་མར་མེ་སྒྲོན་ཡག་བསང་། །འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །མདོ་ཁམས་ས་ཡི་དིལ་བདུན་བསང་། །དངུལ་ཁྱིམ་གསེར་འཕྲུ་བཅུ་གསུམ་བསང་། །སྡང་སྡང་ལྷ་རྩེ་བཅུ་གསུམ་བསང་། །རྫ་ནག་ཧོར་པོ་འབྲུག་དེས་བསང་། །རྫ་དཀར་དབུ་དཀར་སྟག་རྩེ་བསང་། །ཆུ་མགོ་བཀྲ་ཤིས་འཁྱིལ་པ་བསང་། །རྫ་དཀར་ཤེལ་མཛོད་དཀར་པོ་བསང་། །རྫ་ནག་དར་ཤིང་སྟག་རྩེ་བསང་། །རྫ་སྙིང་དཀར་ནག་སུམ་མདོ་བསང་། །རྫ་ལྕིབ་ཟམ་པ་སྟག་རྩེ་བསང་། །


CMR036_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་དཀར་ཨ་མྱེ་བསམ་ཐིས་བསང་། །ཡོ་ཁྱིམ་ངང་པའི་འབྲོང་དཀར་བསང་། །སྒེས་ལུང་ངང་པའི་སྤེས་ཁེབ་བསང་། །ཐོབ་རྒྱལ་ངང་པའི་སྟག་རྩེ་བསང་།རི་ཡི་འབྱོར་པོ་ཤིང་ཞོན་བསང་། །ཨ་མྱེ་ར་འདྲེ་རྒྱུང་རྒན་བསང་། །ར་འདྲེ་མགར་བ་མཆེ་བརྒྱད་བསང་། །ག་ཉའི་ཡེང་ཤོས་དཀར་ནག་བསང་། །སྒམ་ཁྱི་དཀར་པོ་མཆེད་བརྒྱད་བསང་། །གངས་ནེ་མཚོ་སྨན་ཕྱུག་མོ་བསང་། །ག་ཡག་གི་པ་མཆེད་གསུམ་བསང་། །ཟླ་རྒྱལ་ཇོ་བོ་ལ་སོགས་པའི། །ཟླ་བའི་གཞི་བདག་ཐམས་ཅད་བསང་། །རྩི་ཡི་དཔའ་རྒོད་མཐོན་པོ་བསང་། །རྩི་རྒྱལ་སྨུག་པོ་མཆོང་རི་བསང་། །རྩི་ཡི་ཕུ་བཞི་མདའ་བརྒྱུད་བསང་། །གནས་པའི་ས་བདག་ཀླུ་གཉན་བསང་། །འབྲི་སྟོད་ཁུ་བྱུག་རི་བཙན་བསང་། །དགེ་བསྙེན་གདོང་ར་འཁོར་བཅས་བསང་། །དབུས་ཀྱི་དགེ་བསྙེན་གོང་སྔོན་བསང་། །ཤར་གྱི་འོད་དེ་གོང་རྒྱལ་བསང་། །ཤར་ལྷོ་རོང་ལྷ་གེར་མཛོ་བསང་། །ལྷོ་ནུབ་འཛམ་བུ་ཀླུ་འཕྲུལ་བསང་། །ནུབ་བྱང་བཙན་ལ་བྱང་ཆུང་བསང་། །བྱང་ཤར་ལྷ་དགུ་གཉན་པོ་བསང་། །ལུང་པའི་ལྷ་རྒོད་མདུང་རྩེ་བསང་། །previous hit གཙང next hit


CMR036_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཇོ་མོ་ངང་རིག་བསང་། །འགོ་བའི་ལྷ་སྲུང་གཉན་པོ་བསང་། །སྐྱོབ་པའི་ལྷ་སྲུང་གཉན་པོ་བསང་། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་གཉན་རི་གཉན་ཆུ་གཉན་དང་། །བྲག་གཉན་རྡོ་གཉན་ཤིང་གཉན་དང་། །ས་གཉན་གྲོགས་གཉན་ལ་གནས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །ཕྱེ་མར་འབྲུ་སྣ་ཟས་ཕུད་དང་།ཇ་ཆང་འོ་མའི་ཕུད་ཀྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །ཡི་དམ་རྣམས་ཀྱིས་དངོས་གྲུབ་སྩོལ། །མཁའ་འགྲོ་རྣམས་ཀྱིས་བར་ཆད་སོལ། །ཆོས་སྐྱོང་རྣམས་ཀྱིས་ཕྲིན་ལས་སྒྲུབས། །ནོར་ལྷ་རྣམས་ཀྱིས་ཕྲུ་གཡང་ཕོབ། །གཞི་བདག་རྣམས་ཀྱིས་སྡོང་གྲོགས་མཛོད། །གྲིབ་དང་མི་previous hit གཙང ་སང་གྱུར་ཅིག །ཕོག་ཐུག་འགྲམས་འཁྲུགས་ཞི་གྱུར་ཅིག །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བསམ་དོན་ཆོས་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་རཱ་ག་ཨ་སྱས་རྩི་ཆུ་སུམ་མདོ་ལ་བཞུགས་ནས་གཞི་བདག་རྣམས་ཀྱིས་ཇ་འདྲེན་བཞག་ནས་བསང་མཆོད་འདི་ཉིད་བྲིས་པས་དགེ་བར་གྱུར་ཅིག །མངྒ་ལཾ། དགེའོ།། བཀྲ་ཤིས།།


previousཡུལ་འདིའི་གཞི་བདག་སྐོར་བསང་།next