Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་རྩེའི་དབང་པོའི་བཀའ་འབུམ།

6 occurrences of འ་འུར་
[Clear Hits]


  
  
 
  
 
 
  
 
  
 
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྫོགས་ཆེན་མཁན་པད་རྡོར་ལ་ཞབས་བརྟེན་ཕུལ་བ་འཆི་མེད་རྟག་པ།
  
  
  
  


6 occurrences of འ་འུར་
[Clear Hits]

 
previousརྫོགས་ཆེན་མཁན་པད་རྡོར་ལ་ཞབས་བརྟེན་ཕུལ་བ་འཆི་མེད་རྟག་པ།next

རྫོགས་ཆེན་མཁན་པད་རྡོར་ལ་ཞབས་བརྟེན་ཕུལ་བ་འཆི་མེད་རྟག་པ།


JKT002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འཆི་མེད་རྟག་པའི་དྷཱ་ཏིའི་པདྨ་རུ། །འཕོ་ཆགས་རྩ་ཡི་མདུད་པ་ཞིག་གྱུར་པས། །བརྟན་གཡོ་ཀུན་ལ་ཁྱབ་པའི་གར་མཛད་པ། །མི་ཕྱེད་རྡོ་རྗེའི་སྐུ་རུ་འཚོ་གཞེས་གསོལ། །གཞོམ་བྲལ་ནཱ་དའི་པདྨས་སྐྱེད་སྡུད་ཀྱི། །འགྲོ་འོང་རླུང་སྦྱོར་མཐའ་དག་དབང་བྱས་པས། །སྲིད་ཞིའི་སྒྲ་སྙན་ཅིར་ཡང་ལེན་མཛད་པ། །འགག་མེད་རྡོ་རྗེའི་གསུང་དུ་འཚོ་གཞེས་གསོལ། །འོད་


JKT002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྒྱུན་གྱིས་མི་གཡོ་པདྨའི་སྒྲུབས། །འབབས་འཛེག་ཐིག་ལེའི་རྒྱུ་བ་དྭངས་པའི་མོད། །འཁོར་འདས་ཀུན་ལ་མངའ་བསྒྱུར་གདོད་མའི་མགོན། །མཁའ་ཁྱབ་རྡོ་རྗེའི་ཐུགས་སུ་འཚོ་གཞེས་གསོལ། །ཅེས་གསོལ་བ་འདེབས་རྟེན་ལྷ་རེག་དང་། ཚེ་རྫས། མྱོང་གྲོལ་བདུད་རྩིའི་ཕུར་མ། x བཅས་ཚེས་༢༡དགེ་བར་བྱ་བཏང་རྒན་པོས་གུས་ཕུལ་སིདྡྷི་རསྟུ།། །།རྫོགས་མཁན་པད་རྡོར་ལའོ།། །།


previousརྫོགས་ཆེན་མཁན་པད་རྡོར་ལ་ཞབས་བརྟེན་ཕུལ་བ་འཆི་མེད་རྟག་པ།next