Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།

1 occurrence of རྟོག་པའི་ཡུལ་བ་
[Clear Hits]


 expand section
  
  
  
  
  
 expand section
 expand section
  
  
  
  
  
དབང་ཆེན་པོ་རིམ་པ་གསུམ་པ།  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
 expand section
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 expand section
  
  
  
  
 expand section
  
  
  
  
  
  
  
 expand section
  
  
  
  
 expand section
  
  
  
  
  
  
  
 expand section
  
  
  
 expand section
 expand section
  
  
  
  


1 occurrence of རྟོག་པའི་ཡུལ་བ་
[Clear Hits]

 
previousདབང་ཆེན་པོ་རིམ་པ་གསུམ་པ། next

དབང་ཆེན་པོ་རིམ་པ་གསུམ་པ།


DTG010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་ཨ་བྷི་ཥེ་ཀ་ཏྲི་ཀྲ་མ་ནཱ་མ། བོད་སྐད་དུ། དབང་ཆེན་པོ་རིམ་པ་གསུམ་པ་ཞེས་བྱ་བ། དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །པྲ་ཡི་ཡེ་ཤེས་སྒྲུབ་འདོད་པས། །འདོད་ཆོས་མཚན་གཉིས་ཤེས་པའི་མུ། །དེ་ཤེས་ཡུལ་དུ་བྱ་བ་ནི། །མིག་དགུག་ཤིར་མཐའ་ཟད་རྩེ། །ཆུ་སྐྱེས་དགའ་གཉིས་དབུས་སུ་འདུས། །གསང་བའི་ས་བཅུར་ཤེས་པར་བྱ། །ཐབས་ཀྱི་ཟེ་འབྲུ་གསུམ་ནོར་བུ། །པྲ་རུ་འདོད་པ་སངས་རྒྱས་གཅིག །ཐུར་རླུང་ཕྲད་བཟློག་དབུས་ཞུགས་པས། །ས་གནས་གར་འདོད་ཀུན་ཀྱང་འགེངས། །རྟོག་བྲལ་སྨོན་ལམ་གཟུགས་སུ་གཉིས། །ར་ཏའི་ཏི་ལ་བཞི་འགྱུར་གྱི། །སྐད་ཅིག་ཆ་ཀུན་ཤེས་བྱས་ནས། །རོ་བཞི་ཤེས་པས་རོ་བཞི་བྱ། །རླུང་གི་ས་ཡི་དུས་སུ་ནི། །ཧཱུཾ་ཕཊ་བསྐྱོད་པས་ལས་རླུང་མེ། །འབྱུང་བཞིའི་རླུང་གྲངས་འཁོར་ལོ་བཞིན། །ས་ཡི་དུས་སུ་བཟློག་ལ་བསྟུན། །ཆུ་ཚགས་རླུང་གིས་གཟུང་ཡི་གེ། །འགྲེང་སྟེངས་ཡར་རླུང་དགག་པའོ། །ཏིང་འཛིན་ཁྱད་པར་གྱུར་པ་ཡིས། །གཉིས་འདུས་བྷ་གར་རླུང་བཞི་གནོན། །མི་གཡོ་བདུད་བཞི་མནན་ཞེས་བྱ། །ཅུང་ཟད་འདུས་པར་ཟིན་པ་ཡིས། །མི་རྟོག་དང་པོའི་ས་ཐོབ་བཤད། །བརྒྱད་ཕྱེད་མཐའ་ཡི་བརྒྱད་ཕྱེད་མཐར། བྲག་གདུང་ལྟ་བུ་གཉིས་ཕྲད་དེ། །བསྟན་པས་ཡེ་ཤེས་བསམ་ཡས་ཤིང༌། །ཀུན་ཀྱང་གསལ་བ་དུང་ལྟ་བུ། །ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཡོན་ཏན་ཆེ་བ་བརྗོད་མི་ལང༌། །གལ་ཏེ་པྲ་ཡི་ཉི་མ་དག །ཐིག་ལེ་ཁ་བསྒྱུར་སྔོན་བཞིན་སྤྲད། །མར་རམ་ཆུ་ལྟར་འདྲེས་ནུས་པས། །སོ་སོར་གནས་ཀྱང་རྨོངས་པ་མེད། །ཀུན་རྫོབ་སྣང་བ་མ་ཡིན་ཏེ། །དངོས་པོ་གཉིས་ཀྱང་རྟག་ཏུ་འདྲེས། །སུས་ཀྱང་མཐོང་བར་མི་ནུས་ཏེ། །ཡོན་ཏན་ལྗགས་ཀྱིས་རྫོགས་པ་མིན། །བསྐལ་པར་འཇིགས་དང་བྲལ་བ་མེད། །གཟུང་འཛིན་བྲལ་བའི་ཡེ་ཤེས་སྐུ། །དུས་སུ་


DTG010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་མེ་ལོང་བཞིན། །དབང་ཆེན་པོ་རིམ་པ་གསུམ་པ་ཞེས་བྱ་བ་རྫོགས་རིམ་གྱི་མན་ངག་རྫོགས་སོ།།


previousདབང་ཆེན་པོ་རིམ་པ་གསུམ་པ། next