Nitartha Digital Library
Tibetan
 
previousངོ་བོ་ཉིད་སྐུ། next

ངོ་བོ་ཉིད་སྐུ།


DTG081_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དོན་བརྒྱད་ཀྱིས་བསྟན་པའི་ཐ་མ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པར་བསྟན་པ་ལས། ཆོས་ཀྱི་སྐུ་ཡང་ངོ་བོ་ཉིད་ལ་སོགས་པའི་དབྱེ་བས་རྣམ་པ་བཞིར་བསྟན་ཏེ། དེ་ལས་དང་པོ་ངོ་བོ་ཉིད་ཀྱི་སྐུ་ཡང་མདོ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པར་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལགས་སམ་ཞེས་པ་ལ་སོགས་པས་མགོ་དྲངས་ཏེ་ངོ་བོ་ཉིད་ཀྱི་སྐུ་དངོས་དང་སྦྱར་བ་ནི་འོག་ནས། དེ་ཅིའི་ཕྱིར་ཞེ་ན། གང་ལ་གནས་ནས་ཆོས་ཐམས་ཅད་ཐ་དད་དུ་དབྱེར་མེད་པ་ཐོབ་པ་ལ་བྱང་ཆུབ་སེམས་དཔའི་སེམས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཐ་དད་པ་དམིགས་པ་མེད་པའི་ཕྱིར་རོ་ཞེས་པ་ལ་སོགས་པས་བསྟན།


previousངོ་བོ་ཉིད་སྐུ། next