Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཞེ་བཞི་པ།

37 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


collapse section
 
 
 
expand section
 expand section
 expand section
  
 expand section
 expand section
 expand section
  
 expand section
expand section
expand section
 expand section
 expand section
17  expand section
 
 
 expand section
expand section
  
  
  
  
expand section
  
  
 expand section
 expand section
  
འཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག།  དཔལ་སྦྱིན།


37 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousའཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག། དཔལ་སྦྱིན།no next

འཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག།
དཔལ་སྦྱིན།


DTG044_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མཉྫུ་བཛྲ་པཱུ་ཛ་བི་དྷིཿ། བོད་སྐད་དུ། འཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག ། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་སཏྭ་སརྦ་བིགྷྙཱན་ཨུ་ས་ར་ཡ་ཧཱུཾ་ཕཊ་ཅེས་ཕས་གུར་གུམ་ལ་སོགས་པ་བདུད་རྩི་ལྔ་དང་བཅས་པས་མཎྜལ་གྲུ་བཞིར་བྱུགས་ལ། སྐད་ཅིག་གིས་འབྱུང་བ་བཞི་དང༌། རི་རབ་ཀྱི་སྟེང་དུ་ཡོད་པར་བསམས་ཏེ། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་པས་དབུས་སུ་མཎྜལ་ཟླུམ་པོར་བྱས་ལ། ཨོཾ་སུ་རེ་གེ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛནྟུ་མཎྜལ་ཀཱཾ་སྭཱ་ཧཱ་ཞེས་བྱ་བས་མེ་ཏོག་ཕུལ་ནས་ལག་པ་བཀྲུས་ཏེ། སྐད་ཅིག་གིས་རང་གི་སྙིང་གའི་ས་བོན་ནམ། འོག་མིན་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་མཎྜལ་གྱི་སྟེང་དུ་བཞུགས་པར་བསམས་ལ་མཆོད་དེ། ཨོཾ་པྲ་ཝ་ར་སཏྐ་ར་ཨརྒྷཾ་པཱ་དྱ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨརྒྷ་ལ་སོགས་པའི་སྔགས་སོ། །དེའི་དབུས་སུ་ཨོཾ་ཨཱཿབཛྲ་དྷྲྀཀ་དྭེ་ཥ་བཛྲཱ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿམཉྫུ་བཛྲ་ཡེ་པུཥྤེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བས་ཡབ་ཡུམ་ལ་ལན་གསུམ་དུ་མཆོད་ནས། ཤར་དུ་ཨོཾ་ཨཱཿཛིན་ཛིཀ་མོ་ཧ་བཛྲཱ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ལྷོ་རུ་ཨོཾ་ཨཱཿརཏྣ་དྷྲྀཀ་པི་ཤུ་ན་བཛྲཱ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ནུབ་ཏུ་ཨོཾ་ཨཱཿཨཱ་རོ་ལིཀ་


DTG044_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ག་བཛྲཱ་ཡ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། བྱང་དུ་ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཨིཪྴ་བཛྲཱ་ཡ་བཛྲ་པུཥྤེ་ཧཱུཾ། མེར་ཨོཾ་ཨཱཿམོ་ཧ་རཱ་ཏི་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། བདེན་བྲལ་དུ་ཨོཾ་ཨཱཿདྭེ་ཁར་ཏི་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། རླུང་དུ་ཨོཾ་ཨཱཿརཱ་ག་ར་ཏི་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དབང་ལྡན་དུ་ཨོཾ་ཨཱཿབཛྲ་ར་ཏི་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ད་ནས་ཕྱིའི་མེ་མཚམས་སུ་ཨོཾ་ཨཱཿརཱུ་པ་བཛྲ་ཡེ་ཛཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། བདེ་ན་བྲལ་དུ་ཨོཾ་ཨཱཿཤཔྟ་བཛྲ་ཡེ་ཧཱུཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། རླུང་དུ་ཨོཾ་ཨཱཿགནྡྷཱེ་བཛྲ་ཡཻ་བཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དབང་ལྡན་དུ་ཨོཾ་ཨཱཿརཱ་ས་བཛྲ་ཡཻ་ཧོཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཤར་སྒོའི་གཡོན་དུ་ཨོཾ་ཨཱཿསྤཪྴ་བཛྲ་ཡཻ་ཁཾཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། གཡས་སུ་ཨོཾ་ཨཱཿདྷརྨྨ་བྷཱ་ཏུ་བཛྲ་ཡཻ་རཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཤར་སྒོར་ཨོཾ་ཨཱཿཡམཱནྟ་ཀྲྀཏཾ་བཛྲ་པུཥྤེ་ཧཱུཾ་སྭཱཧཱ། ལྷོ་སྒོར་ཨོཾ་ཨཱཿ་པྲཛྙཱནྟ་ཀྲྀཏ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ནུབ་ཏུ་ཨོཾ་ཨཱཿཔདྨཱནྟ་ཀྲྀ་ཏ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། བྱང་དུ་ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་འདིས་རིམ་པ་བཞིན་དུ་མཆོད་ནས། བདུག་སྤོས་ལ་སོགས་པ་རང་རང་གི་སྔགས་ཀྱིས་ཕུལ་ལ་བསྟོད་པས་བསྟོད་དེ། དྲིལ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་པ་བརྗོད་དེ། འདོད་པའི་དོན་ལ་གསོལ་བ་གདབ་པ་དང༌། སྨོན་ལམ་དང༌། བཟླས་པ་བྱས་ནས། ཨོཾ་ཨཱཿཧཱུཾ་མུ་ཞེས་པས་གཤེགས་སུ་གསོལ་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་མཎྜལ་རང་ལ་ཡེ་ཤེས་པ་བཞིན་དུ་གཞུག་པར་བྱའོ། །འཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག་སློབ་དཔོན་དཔལ་སྦྱིན་གྱིས་མཛད་པ་རྫོགས་སོ།། །།ཤཱཀྱའི་དགེ་སློང་བློ་གྲོས་སེང་གེས་ཞུ་ཆེན་བྱས་ནས་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་རང་འགྱུར་དུ་མཛད་པའོ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། །


previousའཇམ་པའི་རྡོ་རྗེ་མཆོད་པའི་ཆོ་ག། དཔལ་སྦྱིན།no next