ཤ་ཟ་ཨ་ལུ་བི་ནིའི་སྒྲུབ་ཐབས།
ཤེས་རབ་སྐྱོང་།
― DTG048_Page_0316 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨ་ལུམ་བི་ནི་པི་ཤཱ་ཙི་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་ཨ་ལུམྦི་ནིའི་སྒྲུབ་ཐབས། ཨོཾ་ལུམྦི་ནི་བི་ལུམྦི་ནི་ཤཾ་ཤ་པི་ཤཱ་ཙ་ནི་སྭཱ་ཧཱ། ཞེས་སོ། །ཁྱིམ་སྟོང་བར་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་མགལ་བའི་མེ་བྱས་ཏེ། ལས་ཐམས་ཅད་པའི་ཐབ་ཁུང་དུ་རང་གི་ཁྲག་དང༌། རང་བྱུང་བའི་ཁྲག་དང༌། སྒོག་སྐྱ་དང༌། བྱི་ལའི་བྲུན་དང༌། ཆང་དང༌། ཐོད་པ་དུམ་བུ་ལྔ་པ་དང༌། བ་གླང་གི་ཁྲག་གིས་བྱུགས་པའི་སེང་ལྡེང་གི་སོ་ཤིང་སྟོང་ཕྲག་གཅིག་ལ་བཀའ་བསྒོ་ཞིང་གཅེར་བུར་བྱས་པས་སྤྱིན་སྲེག་བྱས་ཏེ་མཐོང་ནས་མའམ་སྲིད་མོར་གྱུར་ཏེ། ནིས་ཀ་བཅུ་དྲུག་སློང་ན་བརྒྱད་སྟེར་རོ། །རང་གི་ཁྲག་དང་ཆང་བསྲེས་པས་མོ་བྱུང་བའི་དུས་སུ་མཆོད་ཡོན་ཕུལ་ལོ། །ཨ་ལུམྦི་ནི་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།།