Nitartha Digital Library
Tibetan
ངེས་སྒྲོན་འགྲེལ་པ།

1 occurrence of ཆུ་བཟང་
[Clear Hits]


  
ངེས་སྒྲོན་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད།
  
collapse section
  
  
  
  
  
  
  
  
 


1 occurrence of ཆུ་བཟང་
[Clear Hits]

 
no previousངེས་སྒྲོན་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད།next

ངེས་སྒྲོན་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད།


KKP00_Page_001A
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་ཚིག་གི་དོན་གསལ་བའི་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །


KKP00_Page_001B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། །སྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱ་ཏོག། རྒྱལ་སྲས་བརྒྱད་དང་རྒྱན་དྲུག་མཆོག་གཉིས་དང་། །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་སོགས། །འཕགས་བོད་དམ་པའི་ཚོགས་རྣམས་དད་བརྒྱས་བསྙེན། །སྡེ་གསུམ་ཀློང་དགུའི་ཤིང་རྟ་ཀློང་ཆེན་པ། །སྔ་འགྱུར་བསྟན་པའི་རྒྱལ་མཚན་འཇིགས་མེད་གླིང་། །ཡོངས་རྫོགས་བསྟན་པའི་མངའ་བདག་ཆོས་ཀྱི་དབང་། །ཡབ་སྲས་བརྒྱུད་པར་བཅས་པ་རྒྱལ་གྱུར་ཅིག། རྒྱལ་བའི་ཡེ་ཤེས་མཚན་དཔེར་ཤར་བའི་ལྷ། །འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་རོལ། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་མི་ཕམ་པ། །སྨྲ་བའི་ཉི་མ་སྙིང་གི་པདྨོ་རོལ། །ཡུན་རིང་སྦྱང་བའི་


KKP00_Page_002A
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་ཁུར་བཟོད་པའི། །ལྔ་རིགས་སྨྲ་བའི་མཁས་པར་ཆེར་གྲགས་ཀྱང་། །ཟབ་མོའི་གནས་འདི་རྟོགས་དཀར་རབ་གཟིགས་ནས། །ཇི་བཞིན་སྨྲ་བའི་སྤོབས་པ་བསྐྱུངས་གྲགས་ན། །སྒྲ་ཚད་སྙན་ངག་སྡེབས་སྦྱོར་མ་བྱང་ཞིང་། །སྐྱེས་སྦྱངས་བློ་གྲོས་དམན་པ་བདག་འདྲ་ཡིས། །ཟབ་དོན་སྨྲ་བའི་སྤོབས་པ་མ་མཆིས་ཀྱང་། །དེ་ལྟ་ན་ཡང་རྔ་དང་དབྱུག་གུ་བཞིན། །བློ་གྲོས་དམན་པར་གྱུར་ཀྱང་རྟོགས་དཀའི་གནས། །གཞུང་འདིར་བསྟེན་ན་ཡང་དག་མཐོང་བའི་མིག། དྲི་མེད་བདེ་བླག་ཉིད་དུ་འབྱེད་པའི་ཕྱིར། །ཕན་པའི་སེམས་ཀྱིས་ཚིག་དོན་གསལ་བར་བྱ། །རྒྱལ་བ་མཆོག་དང་རྒྱལ་སྲས་མཆོག་རྣམས་དང་། །མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་རྩལ། །


KKP00_Page_002B
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་དམ་ཅན་རྒྱ་མཚོའི་བདེན་མཐུ་ཡིས། །འདི་ཡིས་བསྟན་འགྲོར་སྨན་པར་བྱིན་གྱིས་རློབས། །

དེ་ལ་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་ཉིད་མཚན་དཔེའི་གཟུགས་སྐུར་ཤར་བ་འཇམ་པའི་རྡོ་རྗེ་རྗེ་བཙུན་མ་ཧཱ་གུ་རུ་བློ་ལྡན་མཆོག་སྲེད་རྩལ་དང་རྣམ་དབྱེར་མ་མཆིས་པའི་ཁྱབ་བདག་རྒྱལ་བ་གཉིས་པ་ཀུན་མཁྱེན་འཇམ་དབྱངས་བླ་མ་ཉིད་སྐུ་ན་ཤིན་ཏུ་གཞོན་པའི་དུས་སུ་ཟབ་པ་དང་རྒྱ་ཆེ་བའི་དོན་ཟབ་ཅིང་ཤིན་ཏུ་རྟོགས་པར་དཀའ་བའི་གནས་རབ་ཏུ་གསལ་བར་བྱེད་པའི་གཞུང་བཟང་སྡེབ་སྦྱོར་གྱི་སྤྲོས་པ་སྤོང་བ་གང་ཤར་ལྷུག་པར་སྟན་གཅིག་ཏུ་བརྩམ་པར་མཛད་པའི་ལེགས་བཤད་འདི་བཤད་པ་ལ་གསུམ།


no previousངེས་སྒྲོན་འགྲེལ་ཆུང་བློ་གྲོས་སྣང་བའི་སྒོ་འབྱེད།next