Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།

21 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


  
 
15   
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཔལ་མེ་ཏོག་གི་གདན་ཅན་གྱི་སྒྲུབ་ཐབས། 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


21 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousདཔལ་མེ་ཏོག་གི་གདན་ཅན་གྱི་སྒྲུབ་ཐབས། next

དཔལ་མེ་ཏོག་གི་གདན་ཅན་གྱི་སྒྲུབ་ཐབས།


DTG073_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་མེ་ཏོག་གི་སྙིང་པོའི་གེ་སར་ལ་ཕྱག་འཚལ་ལོ། །དད་ལྡན་མང་དུ་ཐོས་བློ་སྦྱངས། །གཡེང་བྲལ་རྩེ་གཅིག་ཡིད་བྱེད་པ། །དེ་ཡིས་འཕགས་པ་མེ་ཏོག་གདན། །དངོས་གྲུབ་ཉེ་ཕྱིར་བསྒྲུབ་པའོ། །ཡུལ་གང་མེ་ཏོག་ཀུན་གསལ་རྒྱས། །འབྲས་བུ་བཟང་རྣམས་སྨིན་པ་དང༌། །ཉམས་དགའ་བྱི་དོར་རྒྱས་ལྡན་པར། །སྡིག་པ་སྤངས་ནས་བརྩོན་འགྲུས་བརྩམ། །དཀར་དང་དམར་དང་སེར་དང་སྔོ། །ཁ་དོག་གནག་དང་ཁ་དོག་གཅིག །སྣ་ཚོགས་ཁ་དོག་ཅན་མེ་ཏོག །བསུང་ཞིམ་དྲི་ཡིས་བསངས་བྱུག་བྱ། །གསེར་སོགས་ནོར་མང་བཀོད་པ་དང༌། །མུ་ཏིག་ལ་སོགས་རྒྱན་དེ་བཞིན། །གདུགས་སོགས་ཡོ་བྱད་ལྷབ་ལྷུབ་བཅས། །མཁས་པས་དཀྱིལ་འཁོར་བརྒྱན་ཕྱིར་དགོད། །གང་ཚེ་རང་ཡིད་དགའ་བས་ཁེངས། །སྤྲོ་བས་དོན་ཀུན་བསྒྲུབ་བརྩོན་པ། །དཔལ་ཆེན་དངོས་གྲུབ་ཉེར་སྤྱོད་པ། །དེ་ཡི་དུས་ནི་དེ་ཡིན་ནོ། །གཅལ་བཀྲམ་པ་དང་ཕུང་པོ་དང༌། །ཚོམ་བུ་སྟེགས་བརྩེགས་ཆུན་འཕྱང་ལྡིང༌། །དྲ་བ་དྲ་བ་ཕྱེད་ཁེངས་བརྩེགས། །ཇི་སྲིད་མཆོད་འོས་དེ་སྙེད་དོ། །སྔོན་དུ་བསྙེན་པ་མཐར་ཕྱིན་པས། །དྲི་ཞིམ་ཁང་པར་དད་པ་ཡིས། །གཡས་བསྐྱོད་ཞུགས་ལ་རྣལ་འབྱོར་གསུམ། །དྲན་བྱས་ཁྲི་བཟང་ལ་མཉམ་གཞག །ཤིན་ཏུ་བྱིན་བརླབས་ལྷག་པའི་ལྷས། །དངོས་གྲུབ་ཕྱིར་བསྟེན་མགོན་བོའི་སྐུ། །མེ་ཏོག་ཀུན་བཀོད་མདུན་བདར་ལ། །རིམ་གཉིས་ལས་བྱུང་བཟླས་པར་བྱ། །རེར་འཇོག་སྐྱེས་དང་སྐྱེས་ལམ་གྱི། །ཧྲཱིཿ་ཡིག་བདུན་རྩིའི་བུམ་གང་བཟང༌། །ཅིག་ཅར་རྟག་ཏུ་པདྨོའི་དབུས། །དམ་ཚིག་ལ་ནི་ཡེ་ཤེས་འཇུག །ཐུན་མཚམས་རྟག་ཏུ་བྱ་བ་དང༌། །ཁྲུས་གསོལ་མེ་ཏོག་ཕྲེང་སོགས་གདགས། །བསམ་མི་ཁྱབ་དང་མཆོག་རབ་ཞི། །སངས་རྒྱས་སྲས་བཅས་འདབ་སྟོང་མཆོད། །ཁྱུད་ཀོར་ཀུན་དུ་དགའ་བ་ཡི། །ལྷ་བུ་ལྷ་མོ་དད་པས་ཡིད། །མྱོས་འདུད་རེ་རེ་འང་དཔག་མེད་རྫས། །མཆོད་ཕྱིར་ཐོགས་པས་བརྩོན་བསྐོར་བྱ། །ཐུབ་སོགས་དངོས་གྲུབ་མ་ལུས་དབང་


DTG073_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡང༌། །མཆོད་བསྙན་བསྒྲུབ་བྱ་དོན་ཕྱིར་ཐུགས་གཡོས་པས། །དུ་མ་གཅིག་གྱུར་མེ་ཏོག་རྡོ་རྗེས་མཚན། །ཕྲེང་རྒྱུན་ཚངས་དབང་ལྟེ་བའི་སྦུགས་སུ་འཇུག །ཨོཾ་ཨཱཿཧྲཱིཿཨ་ཨ་ཨ་ཨ་ཨ་ཨ་ཨ། ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི་ཧྲི། ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ། ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། དཔལ་མེ་ཏོག་གི་གདན་ཅན་གྱི་སྒྲུབ་ཐབས་རྫོགས་སོ།།


previousདཔལ་མེ་ཏོག་གི་གདན་ཅན་གྱི་སྒྲུབ་ཐབས། next