Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གསུམ་པ།

0 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས།  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


0 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། next

ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས།


DTG077_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཨ་ནཾ་ག་སཱ་དྷ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས། སྣ་ཚོགས་པདྨ་དང་ཉི་མ་ལ་པཾ་ཡིག་སེར་པོའི་ས་བོན་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རྗེ་བཙུན་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེར་བདག་ཉིད་བསྐྱེད་དེ། སྐུ་མདོག་སེར་པོ་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་དྲུག་པ་རལ་པའི་ཅོད་པཎ་ཅན། ལོ་བརྒྱད་གཉིས་ལོན་པ་ལྟ་བུ་སྒེག་པ་དང་བཅས་པ། ཞབས་གཡོན་བརྐྱང་བ། རལ་གྲི་དང་མདའ་དང༌། མེ་ལོང་རྣམས་ནི་གཡས་ཀྱི་ཕྱག་གསུམ་ནའོ། །གཞུ་བཀང་བ་དང༌། ཨུཏྤ་ལ་དང༌།


DTG077_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མ་དང་བཅས་པའི་མེ་ཏོག་རྣམས་ནི་གཡོན་གྱི་ཕྱག་གསུམ་ན་བསྣམས་པའོ། །མཛེས་པའི་རྒྱན་དང་ན་བཟས་བརྒྱན་པ། མི་བསྐྱོད་པའི་ཅོད་པན་ཅན་བསྒོམས་ནས། མྱོས་བྱེད་རབ་ཏུ་སྦྱོར་བར་བསྒོམ་པར་བྱའོ། །དེ་བཞིན་དུ་མངའ་ཡིས་ནུ་མ་ཕུག་ནས་མྱ་ངན་མེད་པའི་ཡལ་གས་བརྡུང་ཞིང་ཁྲིད་ནས་རལ་གྲིས་བསྒྲུབ་བྱ་སྐྲག་ཅིང་མེ་ལོང་དེ་ལ་བསྟན་པར་བྱའོ། །ཨུཏྤལ་གྱིས་རྐང་པ་བཅིངས་ནས་མྱོས་ཤིང་སྐྲ་གྲོལ་ཏེ། དགུག་པར་བྱའོ། །ཨོཾ་ཆེ་གེ་མོ་ཨཱ་ཀཱཪྵ་ཡ་མཉྫུ་གྷོ་ཥ་ཧྲཱིཿ་ཛཿཞེས་པ་ནི་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།།


previousཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། next