Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ང་གསུམ་པ།

6 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
གཎྜ་རིའི་གླུ། 
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of འབེན་
[Clear Hits]

 
previousགཎྜ་རིའི་གླུ། next

གཎྜ་རིའི་གླུ།


DTG053_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་བ་འཇོ་འཇོ་བྱེད་བླ་མ་སྟེ། །འཐུང་པའི་བེའུ་ནི་རང་གི་སེམས་ཉིད་ཡིན། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །བ་འཇོ་སྣོད་གསོལ་ག་རེ་མཱ་མ་ཀཱི། །བ་འཇོ་སྣོད་ནི་དྲི་མེད་ལྷན་ཅིག་སྐྱེས། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །མཁའ་ལ་བཞོས་ཤིང་བཞོས་ཤིང་སྣོད་བཀང་བཞག །བཟུང་བར་མི་ནུས་འདི་ལྟར་གླང་པོ་ལྔ། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །མཁའ་ལ་བ་འཇོ་འཇོ་བྱེད་འདིར་མ་མཐོང༌། །ཇི་ལྟར་ནང་དུ་ཆུས་གང་ཀ་ལི་པ། །མཁའ་ལ་རྒྱུན་མི་འཆད་འཇོ་ཀ་ན་པ། །རྣལ་འབྱོར་སྡོམ་པའི་ཚོགས་ལ་མཆོད་པ་འབུལ། །གཎྜ་རིའི་གླུ་རྫོགས་སོ།།


previousགཎྜ་རིའི་གླུ། next