Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་གསུམ་པ།

0 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྒྲོལ་མའི་སྒྲུབ་ཐབས།  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


0 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྒྲོལ་མའི་སྒྲུབ་ཐབས། next

སྒྲོལ་མའི་སྒྲུབ་ཐབས།


DTG077_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མའི་སྒྲུབ་ཐབས་བཞུགས། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཚོགས་བདུད་རྩིའི་དཀྱིལ་འཁོར་དུ་ས་བོན་ལྔ་པའི་སྡེ་ཚན་གྱི་དང་པོ་ལ། དང་པོའི་གཉིས་པས་མནན་པ། ཟླ་ཚེས་ཕྱེད་པའི་ཐིག་ལེས་བརྒྱན་པའོ། །དེ་ལས་གྲུབ་པའི་སྒྲོལ་མ་བསྒོམ་པར་བྱའོ། །ལྗང་གུ་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་ཨུཏྤ་ལ་འཛིན་པའོ། །པདྨ་དང་ཟླ་བ་ལ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །ལག་པ་གཉིས་ཐལ་མོ་སྦྱར་ལ། མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་བཀབ་ལ། སྲིན་ལག་ནང་དུ་བཅུག་སྟེ་མཐེབ་མོས་མནན་པ་ནི། །ཨུཏྤ་ལ་ཁ་ཕྱེ་བའི་ཕྱག་རྒྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།།


previousསྒྲོལ་མའི་སྒྲུབ་ཐབས། next