Nitartha Digital Library
Tibetan
༄༅།། དབང་བསྐུར་བྱིན་བརླབས་བརྒྱ་མཚོ་བཞེས་བྱ་བ་བཞུགས་སོ། །དགེ་ལེགས་ཕེལ།

1 occurrence of ལོངས་སྤྱོད་རྫོགས་པ་
[Clear Hits]


 


1 occurrence of ལོངས་སྤྱོད་རྫོགས་པ་
[Clear Hits]

 
no previousno next

(༡)དབང་བསྐུར་བྱིན་བརླབས་བརྒྱ་མཚོ་བཞེས་བྱ་བ་བཞུགས་སོ། །དགེ་ལེགས་ཕེལ།

(༢)ན་མོ་གུ་རུ་ཌ་ཀི་ནི་ཡཱེ། དེ་ཡང་སྤྱི་འདོན་གཉིས་པ། དབང་བསྐུར་བྱིན་བརླབས་ཅེས་བྱ་བ་འདི་སྟོན་དེ། དེ་ཡང་བདུད་བཅོད་བཟའ་མོ་བདོན་གྱི་ཉིང་ཁུ་ཅེས་བྱ་བ་འདི་ལ། དབང་བསྐུར་བྱིན་བརླབས་རྒྱ་མཚོ་བྱ་བ་འདི་མེད་ན། དོན་འཁྲིད་ཡིད་བཞིན་ནོར་བུ་བྱ་བ་འདི་སྐྱང་དུ་མི་རུང་། དེ་ལ་དགོངས་ནས་ཉམས་ལེན་དངོས་གྲུབ་ལག་བཅངས་ལོགས་པ། ཆོས་གཟན་རྣམས་དང་ཉམས་སུ་བླང་དུ་མི་བཏུབ། དེས་ན་ཐོག་མར་དབང་བསྐུར་བྱིན་བརླབས་རྒྱ་མཚོ་འདི་སྟན་ནོ། །དེ་ཡང་ཆོས་འདི་ལ་བྱིན་བརླབས་ཀྱི་ཀ་གཅིག་རང་ཡོད་པ་ཡིན་ཏེ། འདི་ལ་སྔོན་འགྲོ་དང་དངོས་གཞི་རྗེས་དང་གསུམ་ཡོད་པ་ལས། དང་པོ་སྔོན་འགྲོ་ཆོས་སྟོན་ནོ། །དེ་ལ་ང་ན་རེ། དབང་བསྐུར་བྱིན་བརླབས་རྒྱ་མཚོ་ལས། །སྔོན་དུ་འགྲོ་བའི་ཆོས་རྣམས་ནི། །སྣོད་བཅུད་བརྟགས་ལ་རྗེས་སུ་བཟུང་། །གནས་ཁང་བརྟགས་ལ་ཚོམས་བུ་བཀོད། །མཆོད་གཏོར་བཤམས་ལ་འདུ་མཆོག་བྱ། །མེ་ཏོག་ཐུགས་དམ་མཎྜལ་

(༣)དབུལ། །འབྱུང་གཏོར་བསྲུང་འཁོར་འཚམས་བཅད་བྱ། །མདོ་སྒྲུབ་བདུད་བཟློག་འཇུག་དུ་བྱ། །དབང་བསྐུར་བྱིན་བརླབས་རྒྱ་མཚོ་ཡི། །སྔོན་འགྲོ་ཡིན་པའི་དེ་ལྟར་བྱ། །ཅེས་གསུངས་པའི་དེ་ཡང་དང་པོ། བཅུད་བླ་མའི་མཚན་ཉིད་ནི། ཆོས་ཀྱི་ལུང་ཡོད་པ་ཙམ་མམ། དབང་གི་ཆོ་ག་ཤེས་པ་ཙམ་གྱི་མི་ཕན་ལ། བདུད་ཅོད་ཉམས་སུ་བླངས་ཅིང་ཐར་ཕྱིན་པའི། དབང་འདིའི་གནད་ཤེས་ཅིང་དབང་བདོན་མངོན་དུ་རྒྱུར་བ། མཁའ་འགྲོ་དབང་དུ་འདུས་ཤིང་དམ་ཚིག་སེལ་མེད་པ། བདོན་དེ་གསུམ་དང་ལྡན་པའི་བླ་མ་གཅིག་ལ། དབང་བསྐུར་བྱིན་བརླབས་རྒྱ་མཚོ་བཞུ་བ་ཡིན་ནོ། །བར་དུ་སྣོད་སློབ་མའི་མཚན་ཉིད་ནི། བླ་མ་དང་ཐེག་པ་ཆེན་པོའི་ཆོས་ལ་དད་ཅིང་དགུས་པ། བཟུང་འཛིན་གྱི་སྤྲོས་པ་ཆུང་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ། རི་ཁྲོད་དང་གཉན་ཁྲོད་ལ་དགའ་ཞིང་། ཆོས་ཉམས་སུ་ལེན་པ། དོན་དེ་གསུམ་དང་ལྡན་པའི་གང་ཟག་དེ་སློབ་

(༤)མའི་མཚན་ཉིད་ཡིན་པས། དབུང་བསྐུར་བྱིན་བརླབས་རྒྱ་མཚོ་བསྐུར་བ་ཡིན་ནོ། །འཇུག་རྗེས་སུ་བཟུང་བ་ནི། བཅུད་དང་ལྡན་པའི་བླ་མ་དེའི། སྣོད་དང་ལྡན་པའི་སློབ་མ་རྣམས་ལ། བྱམས་དང་སྙིང་རྗེའི་ཀུན་ནས་སླངས་ནས་རྗེས་སུ་བཟུང་ངོ་། །དོན་གཉིས་པ་གནས་ཁང་རྟག་ཅེས་པ་ནི། གནས་བདུད་།།།དམ་གཉན་ཁྲོད་ཡ་ང་བར། སའི་སྟེགས་བུ་བྱས་ལ། བུད་མེད་གཙང་མའི་རང་འབྱུང་གི་ཁྲག་གི་བྱུགས་སྟེ། སའི་མཚོན་མ་མེ་ཏོག་གི་ཚོམས་བུ་བཀོད། དེ་ཡང་པདྨ་འདབ་མ་བཞི་བ་བྱ། དེའི་དབུས་སུ་མེ་ཏོག་གཅིག་བཀོད་ལ། བུདྡྷ་ཌ་ཀཱི་ནི་ཨོཾ། ཅེས་པའི་སངས་རྒྱས་མཁའ་འགྲོ། ཤར་གྱི་འདབ་མ་ལ། བཛྲ་ཌ་ཀཱི་ནི་ཧཱུཾ། ཅེས་པ་རྡོ་རྗེ་མཁའ་འགྲོ། ལྷོར་རཏྣཱ་ཌཱ་ཀི་ནི་ཏྲི། ཅེས་པའི་རིན་ཆེན་མཁའ་འགྲོ། ནུབ་དུ་པདྨ་ཌཱ་ཀི་ནི་ཧྲི། ཅེས་པ་པདྨ་མཁའ་འགྲོ། བྱང་དུ་ཀརྨ་ཌ་ཀཱི་ནི་ཨཱ། ཅེས་པ་ལས་ཀྱི་མཁའ་འགྲོ། དབུས་སུ་ཚོམས་བུའི་སྟེང་དུ། ཚོམས་བུ་གཅིག་བཀོད་ལ། ཨོཾ་མ་ཧཱ་ཌཱ་ཀཱི་ནི་ཨོཾ། ཨོཾ་ཨཱ༔ཧཱུཾ། ཞེས་པ་མ་གཅིག་རང་སྐྱེད་ལ་བཞག་གོ །དོན་གསུམ་པ་ནི། མཆོད་པ་ལྔ་དང་། མཎྜལ་སོགས་མཆོད་པ་འབྱོར་ཚད་བཤམས། ཁྱད་པར་དུ་གཏོར་མ་ཆེ་ཞིང་བརྒྱན་བདུ་མའི་སྤྲས་པ་གཅིག །གཟན་གཏོར་མ་བཞི་བཤམས་

(༥)ཡི་དམ་ཆོས་སྐྱོང་། སྤྱི་གཏོར་བཞི་དག་རིགས་དྲུག་གི་གཏོར་མར་བྱའོ། །དེ་ནས་འདུ་ཚོགས་བྱ་བ་ནི། དཔོན་སློབ་རྣམས་ཀྱི་ཤེར་སྙིང་གི་སྟོང་པ་བཞིའི་བསྐོར་མདོན་ཅིང་། མེ་ཏོག་གཏོར་ལ་ནང་དུ་བཞུག་གོ །དོན་བཞི་བ་ནི། དེར་མཆོག་པ་རྣམས་ལ་མེ་ཏོག་བཀྲམས་ནས། བཞོན་པ་ལས་ཀྱི་སེམས་དཔའ་གཅིག་ཕྱག་བྱས་ནས། རྡོ་རྗེ་སློབ་དཔོན་ན་དགོས་སུ་གསོལ། ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། འགྲོ་བ་འདྲེན་པའི་བདོན་སླད་དུ། །རྡོ་རྗེ་འཆང་དུ་སྐུ་སྤྲུལ་ནས། །མཆོག་གྱི་འཁོར་ལོ་བླ་ན་མེད། །རྒྱ་ཆེ་བར་ནི་བསྐོར་དུ་བསོལ། །ཅེས་བརྗོད་ནས་མེ་ཏོག་ལན་གསུམ་གཏོར་རོ། །དེ་ནས་མེ་ཏོག་སྡུས་ལ། མཎྜལ་འཕུལ། དོན་ལྔ་པ་ནི། དེར་བགེགས་གཏོར་གཅིག་བྱས་ལ། ན་མོ་སངས་རྒྱས་ཆོས་དང་དགེ་འདུན་དང་། བླ་མ་ཡིད་དམ་མཁའ་འགྲོ་དང་། ཆོས་སྐྱོང་རྣམས་ཀྱི་བདེན་པ་དང་། བདག་གི་སྔགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་མཐུས། དོ་ནུབ་བདུད་ཀྱི་སྤྱོད་ཐབས་ཟབ་མོ་འདིའི་དབང་སྟོན་པར་བྱེད་པ་ལ། བར་དུ་བཅོད་པར་བྱེད་པའི་འབྱུང་ངོ་དང་། བགེགས་ཀྱི་རིགས་སུ་རྟོགས་པ་ཐམས་ཅད་འདིར་མ་གནས་པར་ཕྱིར་དེངས་གཅིག །ཅེས་བརྗོད་ལ། སུམྦྷ་ནི་དང་ཧཱུཾ་ཕཊ་དྲག་པོ་བཏབ་ལ་ཕྱིར་བསྐྲད་དོ། །དེ་ནས་སྟོང་ཉིད་ཀྱི་དོན་བསྒོམས་ཞིང་། འཚམས་བཅད་དང་བསྲུང་འཁོར་སྒོམ་མོ། །དོན་དྲུག་པ་ནི། བསྲུང་འཁོར་སྒོམ་པའི་ཚོམས་སུ་བླ་མའི་སྤྱན་དྲངས་སྟེ་ཐམས་ཅད་ཡུམ་གྱི་ངང་དུ་བཞག་ཏེ། མདོ་སྒྲུབ་དང་བདུད་ཟློག་བྱའོ། །དེ་རྣམས་ལ་དམིགས་པ་དྲག་དུ་བྱ་བ་གལ་ཆེ། མདོར་ན་སྔོན་འགྲོ་དེ་རྣམས་ནི། ཐོག་མར་དགེ་བའི་ཆོས་ཡིན་ནོ། །

(༦)ད་གཉིས་པ་དངོས་གཞི་ཆོས་བསྟོན་སྟེ། དེ་ལ་ང་ན་རེ། དབང་བསྐུར་བྱིན་བརླབས་རྒྱ་མཚོ་ལ། །དངོས་གཞི་བྱ་བའི་ཆོས་རྣམས་ནི། །མངོན་རྟོགས་སྒོམས་ལ་ཚུལ་བུ་སྐྱེད། །སྤྱན་དྲངས་བཏིམས་ལ་དབང་བསྐུར་བྱ། །མཆོད་འབུལ་གཏོར་མར་རྒྱས་སྡུས་དབུལ། །ཐབས་ཤེས་ནམ་མཁའ་སྒོ་འབྱེད་བསྟན། །སྒོ་གསུམ་མཁའ་འགྲོའི་རྗེས་སྣང་བྱིན། །ཡེ་ཤེས་མེ་ཏོག་གཏོར་དབང་བསྐུར། །དབང་བསྐུར་བྱིན་བརླབས་རྒྱ་མཚོ་ཡི། །དངོས་གཞི་ཡིན་པའི་དགེ་བ་སྒྲུབ། །ཅེས་གསུངས་པའི་དེ་ལ་ཡང་། དེ་ལ་ཡང་དང་པོ་མངོན་རྟོགས་སྒོམ་ལ་ཚོམས་བུ་སྐྱེད་ཅེས་པ་ནི། རང་ཉིད་ཡུམ་ཆེན་མོའམ་རྡོ་རྗེ་ཕག་མོའམ། རྗེ་བཙུན་སྒྲོལ་མ་སོགས། གང་ཡིན་གྱི་མངོན་རྟོགས་ལུགས་དང་མཐུན་པར་སྒོམས་ལ། དེ་ཚར་བ་དང་། ཚོམས་བུ་སྐྱེད་བྱེད། དེ་ཡང་མ་གཅིག་ལ་འཁོར་མཁའ་འགྲོ་སྡེ་ལྔས་བསྐོར་བ་དགོང་དང་འདྲ་བ་སྐྱེད། དོན་གཉིས་པ་ནི། རང་དང་མཁའ་འགྲོ་དམ་ཚིག་པ་འཁོར་དང་བཅས་པའི། ཐུགས་ཁ་ནས་འོད་ཕྲོས། བླ་མ་ཡིད་དམ་མཁའ་འགྲོ་དང་བཅས་པ་ལ་ཕོག་པའི། ཡེ་ཤེས་པ་སྤྱན་དྲངས་པར་བསམ་ལ། སྤོས་རོལ་མོ་དང་བཅས་པའི་འདི་སྐད་དོ། །མོས་དགུས་བདག་པའི་ཕོ་བྲང་ནས། །བླ་མ་དཀོན་མཆོག་གཤེགས་སུ་གསོལ། །རང་བཞིན་རྣམས་བདག་གཞལ་ཡས་ནས། །ཡིད་དམ་ལྷ་ཚོགས༴ །རྡོ་རྗེ་ཅན་གྱི༴ །རྡོ་རྗེ་མཁའ་འགྲོ༴ །རིན་ཆེན་འབར་བའི༴ །རིན་ཆེན་མཁའ་འགྲོ༴ །པདྨ་ཅན་གྱི༴ །པདྨ་མཁའ་འགྲོ༴ །འབྲུག་སྒྲ་སྒྲོག་པའི༴ །ལས་ཀྱི་མཁའ་འགྲོ༴ །འཁོར་ལོ་ཅན་གྱི་གཞལ་ཡས༴ །སངས་རྒྱས་མཁའ་འགྲོ། །གར་ཞུགས་གནས་མཆོག་དམ་པ་ནས། །ཡེ་ཤེས་མཁའ་འགྲོ༴ །ཉི་ཤུ་

(༧)རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོ༴ །བསྟན་པ་རིན་ཆེན་གཞལ་ཡས༴ །བསྟན་བསྲུངས་ཆོས་སྐྱོང་༴ །ཅེས་དང་། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནི་མ་ཧཱ་ཀ་ལ། ཨ་གུ་ཤ་ཛ་པ་ཤ་ཧྲི། ས་ཕོ་ཊ་བཾ་གྷནྡེ་ཧོ། །ཅེས་པའི་སྤྱན་དྲངས་ལ། དམ་ཚིག་གི་ཚོམས་བུ་ལ་སྟིམས། དེ་ནས་དབང་གི་ལྷ་རྣམས་སྤྱན་དྲངས་ལ། དབང་བསྐུར་རང་རང་གི་རིགས་ཀྱི་དག་པོ་རྣམས་ཀྱི་དབུ་བརྒྱན། མ་གཅིག་ལ་རིགས་ལྔ་ཅན་གྱི་དབུ་བརྒྱན་པར་བསམ་མོ། །དོན་གསུམ་པ་ནི། དེར་སྤྱན་དྲངས་པའི་མཆོག་ཡུལ་དེ་རྣམས་ལ། མཆོད་པ་ལྔ་མཐུན་དངོས་སུ་དབུལ་ལོ། དེ་ཡང་། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་མཆོད་རྫས་འདི། །བླ་མ་མཁའ་འགྲོའི་མཆོག་ལ་དབུལ། །ཨོཾ་ན་མོ་སརྦ་ཏ་ཐཱ་གཱ་ཏ་གུ་རུ་དེ་ཝ་ཌཱ་ཀི་ནི་ཡ་མ་ཧཱ་ཀ་ལཱ་ཨརྒཾ་པྲ་ཏི་རྩ་ཡེ་སྭཱ་ཧཱ། ཅེས་དབུལ་ལོ། །དེ་བཞིན་དུ་སྦྱར་ལ། ཞབས་སིལ་ལ། བཛྲ་པེཏཾ། མེ་ཏོག་ལ་བཛྲ་པུཥྤེ། བདུག་སྤོས་ལ། བཛྲ་དྷུཥྤེ། སྣང་བསལ་ལ། བཛྲ་ཨ་ལོ་ཀེ། དྲི་མཆོག་ལ། བཛྲ་གྷནྡྷེ། ཞལ་ཟས་ལ་བཛྲ་ནི་པི་ཏི། རོལ་མོ་ལ། བཛྲ་ཤནྟ། ན་ཟ་ལ། བཛྲ་པརྴེ། ཅེས་པའི་ཕུལ། དེ་ནས་ནང་མཆོད་བདུད་རྩིའི་མཆོད་པ་ཡང་དབུལ། དེ་བཞིན་དུ་གནས་ལུགས་ཁོ་ན་ཉིད་ཀྱིས་ངང་དུ་བཞོག་ལ་མཆོད་དོ། །མདོར་ན་ཕྱིང་གསང་གསུམ་གྱི་མཆོད་པ་འབུལ་ལོ། །དེ་ནས་གཏོར་མར་སྦྱངས་པའི་དང་པོ།

(༨)ཡི་དམ་ལ་འབུལ། གཏོར་མར་ཆེ་བ་དེ་མཁའ་འགྲོ་སྡེ་ལྔ་ལ་འབུལ། གསུམ་པ་ཆོས་སྐྱོང་ལ་འབུལ། བཞི་བ་མཁའ་འགྲོ་སྤྱི་ལ། ལྔ་བ་བཞི་དག་དང་རིགས་དྲུག་ལ། རྩ་སྔགས་ལ་ཨ་ཀ་རོ་བརྟགས་ལ་དབུལ་ལུགས་སྤྱི་དང་མཐུན་ནོ། །བསྟོད་པའི་རྒྱང་སྟོད་ལ། གཏོར་མར་རྒྱས་པར་འབུལ་བ་ནི། གཏོར་མར་ཆེ་བ་དེ་བསོ་ཞིང་། བླ་མ་རྒྱུད་པའི་གསོལ་འདེབས་བྱེད་ཅིང་། བླ་མའི་མཚན་དེ་མདོན་རྩ་ན། གཏོར་མར་དེ་བསོ་ཕུད་རེ་འབུལ། དེ་བཞིན་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །དམིགས་པ་དེར་མཆོག་པ་ཐམས་ཅད་ཀྱི་བདག་འཛིན་བློས་ཐོངས་པར་དབུལ་ལོ། །གཉན་པའི་རི་ཁྲོད་ཟིན་པ༴ སྐྱེད་བྱེད་ཆིག་ཆོད་སྒྲོལ་བར༴ གོས་མེད་རྒྱུད་ལ་སྐྱེ་བར༴ བདུད་མཆོག་རང་སར་མཆོད་པའི་ཐབས་ལ༴ སྤྱི་བདེན་ཞི་བ་ནི། ཐབས་ཤེས་ནམ་མཁའ་སྒོ་འབྱེད་སྟན་སྟེ། དེར་མཆོག་པ་ཐམས་ཅད་ཀྱི། བླ་མ་ལ་མཎྜལ་ཕུལ་ལ། རང་ལུས་གནད་བཅས་ལ། བླ་མ་ཡུམ་ཆེན་མོ་མ་གཅིག་རྣམས་ལ་དད་དགུས་སྐྱེད་བྱེད། དགའ་སྤྲོ་དང་བཅས་པའི་ཆོས་ཉན་ནོ། །དེ་ནས་བླ་མའི་འདི་ལྟར་བརྗོད་དེ། འོ་ན་སེམས་ཅན་ཐམས་ཅད་ཀྱི་བདོན་དུ་སངས་རྒྱས་མྱུར་དུ་ཐོབ་པར་བྱ། དེའི་ཕྱེད་དུ་མ་གཅིག་མཁའ་འགྲོའི་རྗེས་སྣང་བཞུ་སྙམས་དུ་སེམས་སྐྱེད་དོ། །དེ་ཡང་འདིར་བདུད་སྤྱོད་ཟབ་མོ་དོན་གྱི་ཉིང་ཁུ་སྟོན་པར་བྱེད་པ་འདི་ལ། བླ་མ་བརྒྱུད་པ་མུ་ཏིག་གི་འཕྲེང་བ་དང་འདྲ་བའི། བརྒྱུད་པ་བཟང་ལ་ངན་གྱི་བར་དུ་མ་ཆོད་པ་འདི་རྣམས་སོ། །ཞེས་དགོང་དུ་བརྗོད་པ་དང་འདྲ་བ་བརྗོད་ལ། ད་བརྒྱུད་པ་དེ་དང་ལྡན་

(༩)པའི་ཆོས། སྤྱིའི་མིང་ལ་དགོས་སུ་རྟགས་པ། མ་གཅིག་བདུད་ཀྱི་སྤྱོད་འདི་ལས་ཀྱང་། རང་གཅིག་གི་ཉམས་སུ་བླངས་ཅིང་། དོན་མངོན་དུ་བྱས་ལ། ཤིན་དུ་ཟབ་པའི་ཡང་ཟབ་བ། ཟབ་མོ་དོན་གྱི་ཉིང་ཁུ་ཅེས་པའི་ཆོས་འདི་སྟོན་དེ། དེ་ཡང་ཉམས་སུ་ལེན་མཁན་གྱི་གང་ཟག་གི་མཚན་ཉིད་དང་། ཉམས་སུ་བླང་རྒྱུའི་ཆོས་ཀྱི་མཚན་ཉིད་ག་ཉམས་སུ་ཡོད་པ་ལས། དང་པོ་གང་ཟག་གི་མཚན་ཉིད་དགོང་དུ་སོང་། གཉིས་པ་ཉམས་སུ་བླང་རྒྱུའི་ཆོས་ལ་སྤྱི་བདོན་བརྒྱད་དུ་ཡོད་པ་ལས། རྒྱུད་གཏམ་མུ་ཏིག་འཕྲེང་བ་སོང་ཚར། ད་གཉིས་པ་དབང་བསྐུར་བྱིན་བརླབས་རྒྱ་མཚོའི་ཆོས་འདི་སྟོན་པར་བྱེད་དོ། །འདི་ཤིན་དུ་གལ་ཆེ་སྟེ། དོན་གྱི་འཁྲིད་ལས་སོགས་པ་ཆོས་གཟན་ཐམས་ཅད་ཀྱི་བཞི་མ་ཡིན་པས་སོ། །འདིའི་བྱིན་བརླབས་ཀྱི་བཀའ་ཁོ་ན་ཡིན་པ་འདི་ལ་འཇུག་པར་བྱའོ། །དེ་ཡང་འུས་ད་རེས་ཐོབ་པ་བཀའ་བའི་དལ་འབྱོར་གྱི་མི་ལུས་ནི་ཐོབ། འཇལ་བར་དཀའ་བའི་དམ་པའི་ཆོས་དགུ་དང་ནི་འཇལ། སྐྱོང་བར་དཀའ་བའི་བླ་མ་སངས་རྒྱས་འདྲ་བའི་སྐྱོང་བའི་བདུས་འདིར། ཕྱེད་རྟགས་བདོན་དུ་གཉེར་ལ་མཐར་བ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་དགོས། དེ་ཡང་ཐོབ་པར་བྱེད་པ་ལ། འུ་སེམས་ཅན་མ་རིག་པའི་ས་ནས། རིག་པ་ཡེ་ཤེས་སངས་རྒྱས་ཀྱི་ས་གཅིག་ཐོབ་བར་བྱེད་པ་ལ། ཚང་ལ་མ་ནོར་བའི་ལམ་གཅིག་འཇུག་དགོས། དེ་རྗི་འདྲ་གཅིག་ཡོད་མཉམས་ན། ཐབས་དང་ཤེས་རབ་བཟུང་དུ་ཆུད་པའི་ཆོས་གཅིག་

(༡༠)ལ་ཟེར་སྟེ། དེ་ཡང་གངས་རིས་སྟན་པའི་མདོ་ལས། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་གཉིས་སྟེ། ཐབས་དང་ཤེས་རབ་བོ། །ཞེས་གསུངས་སོ། །དེ་གཉིས་གང་རུང་གཅིག་མ་འཚང་ན་ཡང་སངས་མ་རྒྱས་དེ། གྲག་ཤུལ་ཅན་གྱི་བཞུས་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱི་འཆིང་ལ། ཤེས་རབ་དང་བྲལ་བའི་ཐབས་ཀྱི་འཆིང་ངོ་། །ཞེས་གསུངས་པའི་དེས་ན་ཐབས་ཟུང་དུ་ཆུད་པ་གལ་ཆེའོ། །དེ་ལ་ཆོས་འདི་ཐབས་ཀྱི་དབང་དུ་བྱས་ན། སྐྱབས་འགྲོ་དང་སེམས་བསྐྱེད་སྟོན་པའོ། །ཤེས་རབ་ཀྱི་དབང་དུ་བྱས་ན་མཚན་མ་མེད་པ་ལ་ངོ་སྤྲོད་པ་གཉིས་སུ་ཡོད་པ་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་སྟོན་ཏེ། དེ་ཡང་མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སོང་སྟེ། སངས་རྒྱས་འབྲས་བུ་བྱས་སྙམས་ཀུན་མཁྱེན་ཡིད་བྱེད་ན། ཤིན་དུ་གལ་ཆེའོ། །དེ་ཡང་སྐྱབས་འགྲོའི་གོ་བདོན་རང་ཅི་ཡིན་སྙམས་ན། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་སྐྱབས་གནས་གཅིག་རྩལ་དགོས་དེ། དེ་སུས་ནུས་ན་རང་འཁོར་བའི་སྡུག་བསྔལ་ལས་ཐར་ནས། གཟན་སྐྱོབ་པའི་ནུས་པ་དང་ལྡན་དགོས་ལ། དེ་སུ་ལ་ཡོད་ན་སངས་རྒྱས་དཀོན་མཆོག་གསུམ་ལ་ཡོད། རྩང་ཁ་རག་སྒོམ་ཆུང་ན་རེ། །བློ་ལྟོས་བཅོལ་ན་མི་སླུ་བ། །དཀོན་མཆོག་གསུམ་ལས་མི་དོག་པས། །དུས་རྒྱུན་དུ་སྐྱབས་སུ་སོང་གཅིག་ཨང་། །ཅེས་གསུངས་པའི། མདོར་ན་འཇིག་རྟེན་པའི་ལྷ་ཚངས་

(༡༡)པ་དང་ཁྱབ་འཇུག་དང་། འོད་དེ་གུང་རྒྱལ་དང་ཐང་ལྷ་ཡམ་ཤུད་ལོགས་པའི་ལྷ་འདྲེ་རྣམས་ཀྱིས་སྐྱབས་གར་བཏུབ། དེས་ན་སྐྱབས་སུ་སླུ་བ་མེད་པ་དཀོན་མཆོག་གསུམ་ལ། འུ་རང་ལྟོས་པ་སྐྱུར་ལ། དེ་ཡང་ཚིག་བརྗོད་པ་ཙམ་གྱི་མི་ཕན། བདག་སོགས་མཁའ་མཉམས་སེམས་ཅན་ཐམས་ཅད། དུས་འདི་ནས་བཟུང་སྟེ་སངས་མ་རྒྱས་བར་དུ། སྐྱིད་རུང་སྡུག་རུང་ཁྱེད་རང་ཤེས་སྙམས་དུ། བློ་།།།ལངས་ཀྱི་འགྱེལ་བ་གཅིག་དགོས། དེ་ལྟ་བུའི་བསམ་པ་བགྱིས་ལ། རྗེས་ཟློས་གྱིས་གཅིག་ཅེས་བརྗོད་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་པའི། དུས་འདི་ནས་བཟུང་ནས། བྱང་ཆུབ་སྙིང་པོ་ལ་ནམ་འཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་འཆིའོ། །འདོགས་དང་བྲལ་བ་རྣམས་ཀྱི་མཆོག །དོན་དམ་པའི་ཆོས་རྣམས་ལ༴ མཆོག་རྣམས་ཀྱི་མཆོག༴ འཕགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ༴ ཕྱིར་མི་ལྡོག་པ། བླ་མ་ཡིད་དམ་མཁའ་འགྲོ་གསུམ་ལ༴ སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ༴ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ༴ རང་སེམས་བསལ་སྟོང་ཆོས་ཀྱི་སྐུ་ལ༴ ཞེས་ལན་གསུམ་རྗོད་དུ་ཞུག་གོ །དེ་ནས་བདག་གི་ལུས་དགེ་བར་རྒྱུར་གཅིག །ངག་དགེ་བར་རྒྱུར་གཅིག །ཡིད་དགེ༴ བདག་ལ་ཉིན་མེད་པར་བསྲུང་པ་དང་སྐྱབས་པར་མཛད་དུ་གསོལ། འགྲོ་བ་དང་འདུག་པ་མེད་པར་བསྲུང་བ་དང་སྐྱབ་པར་མཛད་དུ་གསོལ། ཅེས་བྱའོ། །དེའི་སྐྱབས་འགྲོ་སོང་བ་ཡིན་སྟེ། དེ་ཡང་ལན་གཅིག་སུས་མི་ཆོག །དུས་ད་ནས་ཟུང་

(༡༢)ཏེ། སངས་རྒྱས་མ་ཐོབ་བར་དུ། དཀོན་མཆོག་གསུམ་ལ་བློ་བཀལ་སྐྱབས་འགྲོ་ལ་བཙོན་པར་བྱ་དགོས་སོ། །ཞེས་བྱའོ། །ད་ནི་སེམས་སྐྱེད་པར་བྱ་དགོས་སྟེ། སྔར་འདས་པའི་སངས་རྒྱས་རྣམས་ཀྱང་སེམས་བསྐྱེད་པ་ལ་རྟེན་ནས་སངས་རྒྱས་པ་ཡིན། འུ་སྐོལ་གྱི་སེམས་མ་སྐྱེད་ན། ཐེག་ཆེན་གྱི་ཁུངས་སུ་མི་ཆུད་པས། ཐེག་ཆེན་སྒྲུབ་པ་ལ་སེམས་བསྐྱེད་དགོས་སོ། །དེ་ལྟར་མདོ་ལས། སེམས་བསྐྱེད་པ་ནི་མ་བྱས་ན། སངས་རྒྱས་འབྱུང་བར་མི་འགྱུར་སྟེ། འདོང་འོད་ཟེར་སྤངས་ནས་ནི། ཉི་མིག་ལྟ་བར་མི་ནུས་བཞིན། །ཅེས་གསུངས་སོ། །དེ་ལ་སེམས་བསྐྱེད་པའི་དོན་ཅི་ཡིན་སྙམས་ན། སེམས་ཅན་གྱི་བདོན་དུ་སངས་རྒྱས་ཐོབ་པར་བྱས་ལ། སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་བྲལ་ནས། རྫོགས་པ་སངས་རྒྱས་ཀྱི་ས་ལ་མགོད་དགོས་སྙམས་པ་གཅིག་ཡིན་ནོ། །འོ་ན་སེམས་ཅན་འདི་རྣམས་ཅིར་མི་ཡོང་མེད་ཀྱི། ཚེ་འཁོར་བ་ཐོག་ཐབ་མེད་ཀྱི་བར་ནས། ཕ་མ་ཡང་ཡང་བྱས་པའི་དྲིན་ཅན་ཤ་དག་ཡིན་ལ། ད་ལྟ་དགྲ་འདྲེ་ལ་སོགས་པ་སྣང་བ་ནི་ལས་དང་སྨོན་ལམ་མ་དག་པའི་ལན་ཡིན་ནོ། །འོ་ན་ཕ་མ་དེ་ཙམ་གཅིག་བྱེད་པ་ཇི་ལྟར་ཡིན་སྙམས་ན། འུ་རང་འཁོར་བ་ཐོག་མེད་ནས་སྡིང་སང་ཡན་དུ་འཁྱམས་པས་ལན་པ་ཡིན་པའི། དེ་ལྟར་ཕ་མ་བྱས་པའི་སེམས་ཅན་འདི་རྣམས། བདེ་བ་འདོད་ཀྱང་བདེ་བ་སྒྲུབ་མ་ཤེས་པས། ཁམས་གསུམ་དུ་འཁོར་ཞིང་། རིགས་དྲུག་དུ་ཁྱམས་པ། སྡུག་བསྔལ་སྣ་ཚོགས་ལ་སྤྱོད་ཅིང་འདུག་པའི་ཕ་མ་འདི་རྣམས་སྙིང་རྗེ་བར་འདུག་ལ། སྙིང་རྗེ་ཡང་དག་ལ་ད་ལྟ་འདི་

(༡༣)རྣམས་སྐྱོབ་པའི་ནུས་པ་མི་འདུག་པའི། ད་དག་གི་ཅི་གནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་ཐོབ་བར་བྱས་ལ། སེམས་ཅན་ཐམས་ཅད་འཁོར་བའི་དུ༔ཁ་ལས་སྒྲལ་བར་བྱ་དགོས་བསམ་ནབ་དང་། དེ་ལྟར་སངས་རྒྱས་པར་བྱེད་པ་ལ། ཐེག་ཆེན་གྱི་ལམ་དུ་འཇུག་པར་བྱེད་དགོས་པས། དེ་ལ་བསམ་པ་འདི་དགོས་སྟེ། བདག་གི་གནོད་བྱེད་ཀྱི་གཙོ་བྱས། ནམ་མཁའི་མཐའ་དང་སྙམས་པའི་སེམས་ཅན་གྱི་བདོན་དུ་རྫོགས་པ་སངས་རྒྱས་ཀྱི་གོ་ཕང་ཐོབ་པར་བྱ། དེའི་ཕྱེད་དུ་བདག་གིས་བྱང་ཆུབ་ཀྱི་མཆོག་དུ་སེམས་བསྐྱེད་པར་བགྱིའོ། །སྙམས་དུ་བགྱིས་ལ། རྗེས་ཟློས་བགྱིས་གཅིག་བྱས་ལ། ལག་དུ་མེ་ཏོག་བཏད་ལ་ཐལ་མོ་སྦྱར་ཏེ་འདི་སྐད་དོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་དག་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། བྱང་ཆུབ་ཀྱི་མཆོག་དུ་སེམས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། སེམས་ཅན་མ་བསྒྲལ་བ་རྣམས་སྒྲལ་བ་དང་། མ་སྒྲོལ་བ་རྣམས་སྒྲོལ་བ་དང་། དབྱུགས་མ་ཕྱིན་པ་རྣམས་དབྱུགས་དབྱུང་བ་དང་། མྱ་ངན་ལ་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །གཟན་ཡང་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ལམ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སླབ་པ་དང་། སྒྲུབ་བ་དང་། ནན་

(༡༤)ཏན་དུ་བྱས་པ་དེ་འཛིན་དུ། བདག་གིས་ཀྱང་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་སྒྲུབ་བགྱིད་དོ། །གནས་བཟང་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བྱང་ཆུབ་ཀྱི་སེམས་སྟོང་ཉིད་ཀྱི་རང་བཞིན་ཅན་སྐྱེད་ཅིང་གནས་པ་དེ་འཛིན་དུ། བདག་གིས་ཀྱང་སེམས་བསྐྱེད་ཅིང་གནས་པར་བགྱིའོ། །དེ་ནས་བླ་མའི། ད་ཁྱོད་བྱང་ཆུབ་སེམས་དཔར་རྒྱུར་པ་ཡིན་ཏེ། དེ་རིང་སངས་རྒྱས་རིགས་སུ་སྐྱེས། སངས་རྒྱས་སྲས་སུ་ད་རྒྱུར་ཏོ། །ཞེས་བྱའོ། །དེ་ལྟར་ཡང་སེམས་བསྐྱེད་སྐད་ཅིག་ཙམ་སེམས་བསྐྱེད་པའི་བསོད་ནམས་ཚད་མེད་པ། མདོ་ལས་གསུངས་ཏེ། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། གལ་ཏེ་དེ་ལ་གཟུགས་ཡོད་ན། ནམ་མཁའི་ཁམས་ནི་ཀུན་།།།སྒང་སྟེ། དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་སོ། །དེ་ཆིན་ཆད་ཀྱང་རང་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་ལ། སེམས་བསྐྱེད་ཀྱི་ཟིན་པ་བྱེད་དགོས་སོ། །དེ་རྣམས་ཀྱིས་སྔོན་འགྲོ་ཐབས་ཀྱི་ཆོས་སོང་བ་ཡིན་ནོ། །ཞེས་བྱའོ། །དེ་ནས་འགྲོ་རྣམས་སྒྲལ་འདོད་བསམ་པ་ཡི། ཞེས་སོགས་སྐྱབས་འགྲོ་ཡན་ལག་བརྒྱད་པ། རྗེས་ཟློས་ལན་གསུམ་བྱེད་དུ་ཅུག་ལ། ད་གཉིས་པ་ང་སྤྲད་ཀྱི་ཤེས་རབ་ཀྱི་ཆོས་ངོ་སྤྲོད་ཀྱི་རིམས་པ་སྟོན་པར་བྱེད་པ་ལ་དོན་གཉིས་ཏེ། མཚན་ཉིད་དངོས་པོ་ལ་ངོ་སྤྲད་པ་དང་། མཚན་ཉིད་དངོས་མེད་ལ་ངོ་སྤྲོད་པ་གཉིས་སུ་ཡོད་པ་ལས། དང་པོ་མཚན་ཉིད་དངོས་པོ་ལ་ངོ་སྤྲོད་སྟོན་པར་བྱས་སྟེ། ངོ་སྤྲོད་པ་འདི་ཡིན་སྟེ། གོ་དོན་རང་ཅི་ཡིན་སྙམས་ན། རང་སེམས་སངས་རྒྱས་སུ་ངོ་སྤྲོད་པ་དེ་ལ་ངོ་སྤྲོད་ཅེས་ཟེར་བ་ཡིན་ཏེ། དེ་ཡིན་ནས་ངོ་སྤྲོད་དམ་མེན་ས་།།།ངོ་སྤྲོད། རང་སེམས་སངས་རྒྱས་ཡིན་ན་ནི་

(༡༥)སྤྲད་ཅི་དགོས། མེན་ན་སྤྲད་པས་ཅི་ཕན་སྙམས་ན། ཡིན་ནས་ངོ་སྤྲོད་པ་ཡིན་སྟེ། མདོ་ལས། སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་དེ་ལྟར་དུ་གནས་སོ། །ཅེས་གསུངས་པའི་དེ་ལྟར་རང་སེམས་སངས་རྒྱས་ཡིན་སྟེ། ངོ་མི་ཤེས་པ་ནི་མ་རིག་པའི་དྲི་མའི་སྒྲིབས་ཡོད་པས། དེའི་སྒྲིབ་པ་ཐ་དག་བསལ་ལ། རང་སེམས་སངས་རྒྱས་སུ་ངོ་སྤྲད་དོ། །དེ་ལྟར་མདོ་ལས་སེམས་རྟོགས་ན་སངས་རྒྱས་ཡིན་པས། སངས་རྒྱས་གཟན་དུ་མི་ཚོལ་བའི་འདུ་ཤེས་སྒོམ་པར་བྱའོ། །ཅེས་གསུངས་པའི་དེ་ན་ཕྱི་རོལ་དུ་སྣང་བའི་དངོས་པོ་ཐམས་ཅད་རང་གི་སེམས་ཡིན་པའི། སེམས་མ་ཡིན་པའི་དངོས་པོ་ལོགས་ན་མེད་དེ། དེ་ན་ཇི་ལྟར་སྣང་བ་འདི་དག་རང་གི་སེམས། སེམས་ཉིད་རྟོགས་ན་སྤྲོས་པའི་མཐའ་དང་བྲལ། །ཅེས་པའི་དོན་ཡིན་ནོ། །རང་སེམས་སྐུ་གསུམ་དུ་ངོ་སྤྲད་པ་ནི། སེམས་རང་རིག་རང་གསལ་དུ་འདུག་པ་དེ་སྤྲུལ་སྐུ་ཡིན། རིག་པའི་རང་བཞིན་སྟོང་ཉིད་དུ་འདུག་པ་དེ་ཆོས་སྐུ་ཡིན། རང་སྟོང་རང་རིག་དུ་འདུག་པ་དེ་ལོངས་སྐུ་ཡིན། དེས་ན་སེམས་རིག་སྟོང་གཉིས་སུ་མེད་པ་དེ་ཉིད་ཀ །མཚོན་ཆ་བདོན་གྱི་སངས་རྒྱས་ཡིན་ནོ། །དེ་ལྟར་ན་རྒྱུད་ལས། གསལ་བ་སྤྲུལ་སྐུ། སྟོང་ ་ཆོས་ཀྱི་སྐུ། ཟུང་འཇུག་།།།ལོངསསྤྱོདརྫོགས ་པའི་སྐུ་ཡིན་ལ། རེ་རེའང་འཁོར་འདས་དབྱེར་མེད་རང་བཞིན་དུ། དཔལ་ལྡན་བླ་མའི་ཞལ་ལས་བླང་པར་བྱ་ཅེས་པའི་བདོན་ནི། སེམས་སངས་རྒྱས་སམ་སྐུ་ཡིན་པའི་དོན་བརྒྱུད་ལས། གཉིས་སུ་མེད་དང་གཉིས་མེད་བདོན། རང་གི་རྒྱལ་པོ་

(༡༦)རང་གཙོའོ། །ཅེས་པ་དང་། རྗེ་ཡང་མགོན་པའི། སྣང་ཚད་རིག་པའི་རང་སྣང་ཡིན། །དྲན་ཚད་གནས་ལུགས་རང་ངོ་ཡིན། །རང་རིག་རྟོགས་ན་སངས་རྒྱས་ཡིན། །ཅེས་པ་དང་། མ་གཅིག་ན་རེ། རང་ཡེ་ཤེས་ཡིན་པ་ལ། སེམས་ཉིད་སྤངས་པའི་ཕ་རོལ་ན། །ཡེ་ཤེས་འཚོལ་བ་སྙིང་རེ་རྗེ། །རྩལ་བའི་མ་རྙེད་ཉོན་རེ་མོངས། །ཅེས་གསུངས་སོ། །དེས་ན་དངོས་པོ་མཚན་འཛིན་ཐམས་ཅད་རང་སེམས་རིག་པའི་ངོ་བོ་ཡིན་ནོ། །ད་གཉིས་པ་མཚན་ཉིད་དེ་ལ་ངོ་སྤྲོད་པ་ནི། འོ་ན་ཁྱེད་རང་གི་སེམས་གང་དུ་ཡང་མ་ཕྲོ་མ་ཡན་པར། གནས་ལུགས་ཇི་ལྟར་འདུག་པའི་ངང་དུ་བཞོག་ལ། བློ་བློ་ལ་ཅི་ཡང་མ་བསམ། ཡིད་ལ་ཅི་ཡང་མན་ནོ། རྟོག་པ་གང་ཡང་མ་སྤྲོ། རིག་པ་ཅིར་ཡང་མ་རྟོག །ཤེས་པ་གང་ཡང་མ་རྟོག། སྒོམས་པར། རང་སེམས་གཏད་མེད་དུ་ལྷོད་ཀྱི་སློད་ལ་བཞོག །དེ་ཡང་སེམས་རྒྱུ་མེད་པར་ཧད་དེ། གནོས་རྒྱུ་མེད་པར་ཤིག་གེ། །སྤྲོ་རྒྱུ་མེད་པར་ལྷན་ནེ། རྟོག་རྒྱུ་མེད་པར་སིང་ངེ་། སྒོམ་རྒྱུ་མེད་པར་རྗེན་ནེ། བདེ་བའི་ངང་དུ་བཞག་ལ་ཡུན་རིངས་སུ་སྡོད། དེ་ལྟར་བཞག་པའི་སེམས་ལ་ཁོག་དང་དབྱིབས་སུ་མ་སྒྲུབ། གཟུགས་དང་དངོས་པོར་མ་གྲུབ། རྒྱ་དང་མཚན་མར་མ་སྒྲུབ། གསལ་ངོས་མེད་པའི་ཤེས་པ་བསལ་ལ་མ་འགགས་པ། །།ཡོད་མེད་།སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། བརྟད་མེད་ཀྱི་ཤེས་པ་ཡུལ་མེད་དུ་རྗེན་ནེ་བ་དེ་ལ། སྟོང་ཉིད་ཞེས་ཀྱང་ཟེར། ཆོས་སྐུ་ཞེས་ཀྱང་ཟེར། འོད་གསལ་ཞེས་ཀྱང་

(༡༧)ཟེར་བ་ཡིན་ནོ། །དེ་ལ་སངས་རྒྱས་བཟང་པོས་བཅོས་སུ་།།། འཁོར་བ་ངན་པ་སྐུར་དུ་མེད་དེ། ཡེ་གདོད་མ་ནས་རང་ཆས་སུ་ལྷུན་གྱིས་གྲུབ་པའི། ཡུམ་ཆེན་ཤེར་ཕྱིན་གྱི་ངོ་བོ་རང་ཡིན་ནོ། །འདི་ཡི་རང་བཞིན་མངོན་དུ་བྱས་པ་ལ་སངས་རྒྱས་ཞེས་ཟེར་བ་ཡིན་ནོ། །དེ་ལྟར་ན་མ་གཅིག་གི་ཞལ་ནས། གང་ཡང་ཡིད་ལ་མ་བྱས་ན། །གོལ་བ་ལྷུང་པ་ཅི་ཡིས་ལྷུང་། །བསམ་མེད་ཀྱི་སྒོམ་པ་མ་ནོར་ན། །ཆོས་སྐུའི་བྱང་ཆུབ་ཐེ་ཚོམས་མེད། །སྒོམ་མེད་ཀྱི་ངང་ནས་འདི་ཀ་མངལ་།།། །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་པ་དང་། སྲས་བརྒྱལ་བུ་དོན་གྲུབ་ན་རེ། བྱས་པས་ཕུང་། སྒོམ་པའི་གོལ། བསམ་པའི་རླག །སྐུར་ལ་བཞོག །རློད་ལ་ཞོག །ཧད་པོར་བཞོག །སངས་རྒྱས་ཐོབ་བྱང་ཆུབ་འགྲུབ། །ཅེས་གསུངས་སོ། །དེས་མཚན་བཅས་དངོས་པོར་ངོ་སྤྲད་པ་དང་། མཚན་མེད་སྟོང་བར་ངོ་སྤྲད་པ་བྱ་བ་ལགས་སོ། །ད་དབྱིངས་རིག་སྲེ་བ་ལ། སྤྱིར་ཆོས་དེ་ལྟར་དུ་བཤད་པ་དང་། བདུད་ངོས་འཛིན་པ་གལ་ཆེ་ཞིང་། དེ་ལྟར་ངོ་སྤྲད་པའི་བདུད་གང་ཡིན་སྙམས་ན། མ་རིག་པ་གཟུང་འཛིན་གྱི་རང་ངོ་འདི་བདུད་དུ་འདུག །དེ་ཡང་ང་མེད་པ་ང་རུ་བཟུང་། བདག་མེད་ལ་བདག་དུ་བཟུང་། ད་རེས་དག་ལ་ལྟོས་ཏེ་གཟན་བྱུང་ཏེ། བདག་གཞན་གྱི་ཕྱི་ལ། ཆགས་སྡང་རྨོངས་གསུམ་གི་ལས་བསགས། ལས་ཀྱི་རྣམ་པར་སྨིན་པ་མྱོང་བས། འཁོར་བ་ཐོག་ཐ་མེད་པར་འཁྱམས་

(༡༨)འདུག་པའི། ད་རེས་ནི་བདུད་འདི་ཅིས་ཀྱང་དགོས་པར་འདུག །དེ་ལས་བདག་གཞན་དུ་འཛིན་འཛིན་པ་གཉིས་སུ་དབྱེར་མེད་ཀྱི་ངང་ལ་བློ་རྒྱ་སྐྱེད། །ཅེས་གསུངས་སོ། །དེ་ལྟར་ཡུམ་གྱི་ངང་ལ་དཔོན་སློབ་ཐམས་ཅད་ཀྱི་བཞག་ཅིང་། དུས་ཐམས་ཅད་དུ་ཞེན་ཆགས་མེད་པར་ཡུམ་གྱི་དོན་དང་མ་བྲལ་བར་བྱའོ། །དེ་ནས་སྤྱི་བདོན་ལྔ་བ་སྒོ་གསུམ་མཁའ་འགྲོའི་རྗེས་སྣང་བྱིན། །ཅེས་པ་ནི། དེ་ཡང་ནམ་མཁའ་སྒོ་འབྱེད་ཟིན་པ་དང་། ལུས་ངག་ཡིད་གསུམ་ལ་མཁའ་འགྲོའི་རྗེས་སྣང་སྦྱིན་པ་ལ་དོན་ལྔ་སྟེ། ལུས་ལ་བརྒྱན་དང་ཕྱག་རྒྱའི་རྗེས་སྣང་། སེམས་ལ་སྟོང་ཉིད་ཆོས་སྐུའི་རྗེས་སྣང་། ངག་ལ་གསུང་སྐད་ཕཊ་ཀྱི་རྗེས་གནང་། ཕྱག་དུ་ཌཱ་མ་རུ་དང་མི་རྐང་གླིང་བུའི་རྗེས་སྣང་སྦྱིན་པ་དང་ལྔ་ཡོད་པ་ལས། དངཔོ་བླ་མས་ཕྱག་དུ་རྒྱན་དྲུག་བསྣམས་སྟེ། འདི་ནི་མཁའ་འགྲོའི་ཐམས་ཅད་ཀྱི། །ཕ་རོལ་ཕྱིན་དྲུག་མཚོན་པའི་བརྒྱན། །བརྒྱན་འདི་ཐོབ་ལ་བདུད་རྣམས་ཆོད། །བརྒྱན་དྲུག་རུས་པའི་དབང་བསྐུར་སྦྱིན། །ཨོཾ་མ་ཧཱ་བུདྡྷ་ཌ་ཀི་ནི་ཨ་བྷི་ཥིཉྩ་ཨོཾ། །ཅེས་བརྗོད་ལ་དགོན་པའམ་སྤྱི་བོར་བཞག་གོ །གཉིས་པ་སྟོང་ཉིད་ཆོས་སྐུའི་རྗེས་སྣང་ནི། དཔོན་སློབ་གཉིས་ཀ་སེམས་གནས་ལུགས་ཀྱི་ངང་དུ་བཞག་ལ། འདི་ནི་མཁའ་འགྲོའི་ཐམས་ཅད་ཀྱི། །དོམ་དམ་སྟོང་ཉིད་རྟོགས་པའི་དོན། །དོན་འདི་སྒོམ་ཞིང་བདུད་རྣམས་ཆོད། །དོན་དམ་སྟོང་ཉིད༴ །ཨོཾ་མ་ཧཱ་ཀརྨ་ཌཱ་ཀི་ནི་ཨ་

(༡༩)བྷི་ཥིཉྩ་ཨཱ༔ །ཅེས་བརྗོད་ལ། ཐམས་ཅད་ཀྱི་འཇིག་རྟེན་།།།ཕྱག་རྒྱ་སྤྱི་བོར་བཞག་ཅིང་། གནས་ལུགས་ཀྱི་ངང་ལ་ཨེན་ཙམ་བཞག་གོ །གསུམ་པ་དྲག་པོ་ཕཊ་ཀྱི་རྗེས་གནང་ནི། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །བཟུང་འཛིན་འཕྲི་བ་བཅོད་པའི་སྐད། །སྐད་འདི་འདོན་ཅིང་བདུད་རྣམས་ཆོད། །གསུང་སྐད་ཕཊ་ཀྱི༴ །ཨོཾ་མ་ཧཱ་བཛྲ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཧཱུྃ། །ཅེས་བརྗོད་ལ་ཐམས་ཅད་ཀྱི་འཛིན་མེད་ཀྱི་ངང་ནས་ཕཊ་དྲག་དུ་བརྗོད་དོ། །ཞི་བ་བླ་མའི་ཌཱ་མ་རུ་ཁྲོལ་ཞིང་། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །དཔའ་བོ་ཌཱ་ཀི་སྡུད་པའི་གྲ། །སྒྲ་འདི་སྒྲོག་ཅིང་བདུད་རྣམས་ཆོད། །ཌ་མ་རུ་སྒྲའི་དབང་བསྐུར་རོ། །ཨོཾ་མ་ཧཱ་རཏྣ་ཌཱ་ཀི་ནི་ཨ་བྷི་ཥིཉྩ་ཏྲཾ། །ཅེས་པའི་ལག་དུ་སྟོད་པའམ། སྤྱི་བོར་བཀྲོལ་ལོ། །ལྔ་བ་མི་རྐང་འབུད་ཅིང་། འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །སྣང་བ་བདེ་ཆེན་རྒྱུད་པའི་སྐད། །སྐད་འདི་རྒྱུར་ཅིང་བདུད་རྣམས་ཆོད། །མི་རྐང་གླིང་བུའི་དབང་བསྐུར་རོ། །ཨོཾ་མ་ཧཱ་པདྨ་ཌཱ་ཀི་ནི་ཨ་བྷི་ཥཉྩ་ཧྲི། །ཅེས་བརྗོད་ལ། འབུད་དུ་ཅུག་པའམ། སྤྱི་བོར་བཞག་གོ །འདི་རྣམས་སྐབས་དང་ལྡན་ན། བུད་མེད་ཁྱིམས་པའི་སྐྱོན་གྱི་མ་དགོས་པ་ལྔ་ཡིས་བྱེད་པ་ཡིན་ནོ། །དེས་མཁའ་འགྲོ་རྣམས་ཀྱི་རྗེས་གནང་སོང་བ་ཡིན་ནོ། །དེ་ནས་སྤྱི་བདོན་དྲུག་པ་ལ། ཡེ་ཤེས་མཁའ་འགྲོའི་གཏོར་དབང་བསྐུར་བ་ཅེས་པ་ནི། དེ་ཡང་བླ་མ་ལ་མཎྜལ་ཕུལ་ལ། སློབ་མ་རྣམས་མ་གཅིག་བྱོ་མོར་སྒོམ་དུ་བཅུག་པའི། སྤྱི་བོ་ནས་འོད་འཕྲོས་

(༢༠)པས། ཆ་གཅིག་ལ་འཁོར་མཁའ་འགྲོ་སྡེ་ལྔའི་བསྐོར་བ་དཔག་དུ་མེད་པ་སྤྱན་དྲངས་པ། སློབ་མའི་ལུས་ངག་ཡིད་གསུམ་ལ། རྡོ་ཚན་ལ་ཁ་བ་བབས་པ་ཞིན་དུ་ཐིམས་པར་བསམ་ལ། ཌཱ་མ་རུ་དང་མི་རྐང་ལས་སོགས་པའི་རོལ་མོ་སྒྲ་སྒྲོག་ཅིང་། བླ་མའི་ངག་དུ། ཨོཾ་མ་ཧཱ་ཌ་ཀི་ནི་ཨ་པེ་ཤ་ཡ་ཨཱ་ཨཱ། དེ་བཞིན་དུ། བཛྲ་ཌཱ་ཀི༴ རཏྣ་ཌཱ་ཀི་ནི༴ པདྨ་ཌ་ཀི༴ ཀརྨ༴ བུདྡྷ་ཌ་ཀི་ནི་ཨ་པེ་ཤ་ཡ་ཨཱ་ཨཱ། །ཅེས་པའི་དྲག་དུ་བརྗོད་ཅིང་། མེ་ཏོག་གཏོར་ལ། ཨོཾ་ཙི་།།།ཏ་བཛྲ་ཧཱུཾ། །ཅེས་པ་དང་། སྙིང་གར་བཟུང་ལ། གནས་གསུམ་མཁའ་འགྲོ་སྡེ་ལྔའི་མཆོག །ཁྱེད་ཀྱི་སྙིང་ལ་ཡང་དག་ཞུགས། །རྟག་དུ་བྱིན་གྱིས་བརློབས་པར་བྱེད། །ཚུལ་འདི་གཞན་ལ་མ་མྲ་གཅིག །གལ་ཏེ་ཁྱེད་ཀྱི་སྨྲ་བ་ན། །དེ་མ་ཐག་དུ་ཉམས་པར་བྱེད། །ཅེས་རྡོ་རྗེ་སྤྱི་བོར་བཞག་གོ །དེ་ནས་མེ་ཏོག་དོར་ཞིང་། བླ་མའི་རྗེས་ཟློས་བྱེད་ཅིང་། མ་གཅིག་མཁའ་འགྲོའི་མཆོག་བཅས་ལ། །ཡེ་ཤེས་མེ་ཏོག་འདི་དོར་བའི། །ཡེ་ཤེས་མཁའ་འགྲོས་རྗེས་བཟུང་སྟེ། །བདུད་མཆོག་དབྱིངས་སུ་སྒྲོལ་པར་ཤོག །ཨོཾ་པྲ་ཏིཙྪ་བཛྲ་ཧོ། །ཅེས་པའི། མཎྜལ་གྱི་ཚོམས་བུ་ལ་དོར་རོ། དེ་ནས་བླ་མའི་དཀྱིལ་འཁོར་བསྟན་དེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྟོས་གཅིག་ལྟོས་ཞིག་འདི་ལ་ལྟོས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་ཡེ་ཤེས་མཁའ་འགྲོས་རིགས། ཨོཾ་པ་ཤ་ཧྲི། མགོན་པོ་ལ་མེ་ཏོག་བཞག་གོ །དེ་ནས་གཏོར་དབང་བསྐུར་བ་ནི། གཏོར་མ་ཆེ་བ་དེ་ལ་བསངས་སྦྱངས་ལོགས་པ་བྱས་ལ། སྐད་ཅིག་གི་མ་གཅིག་ལ་འཁོར་

(༢༡)མཁའ་འགྲོ་སྡེ་ལྔའི་བསྐོར་བ་སྐྱེད་བྱེད། དེ་ནས་རྡོ་རྗེ་སྡུ་བའི་ཕྱག་རྒྱ་བྱེད་ཅིང་། ཨོཾ་མ་ཧཱ་ཌ་ཀི་ནི་ས་མ་ཡ་སྟོམ། དེ་བཞིན་དུ། བཛྲ་ཌ་ཀི༴ རཏྣ་ཌ་ཀི༴ པདྨ་ཌ་ཀི༴ ཀརྨ་ཌ་ཀི༴ བུདྡྷ་ཌ་ཀི་ནི་ས་མ་ཡ་སྟོམ། ཡེ་ཤེས་ཚོམས་བུ་ལ་གནས་པའི་རྣམས། གཏོར་མ་ལ་སྟིམ་ལ། གཏོར་མ་དེ་མ་གཅིག་མཁའ་འགྲོའི་མཆོག་དངོས་སུ་ལྟས་ཏེ། མ་གཅིག་དབང་བཞུ་བའི་དོན་དུ་མཎྜལ་ཕུལ། དབང་ཞུ་པའི་གསོལ་འདེབས་དགོངས་སྐྱོད་མ་རྣམས་དཔོན་སློབ་ཐམས་ཅད་ཀྱི་བྱའོ། །དེ་ནས་བླ་མའི་སློབ་མའི་སྤྱི་བོར་གཏོར་མ་བཟུང་ལ། དཔོན་སློབ་གཉིས་ཀས་མ་གཅིག་མཁའ་འགྲོ་སྡེ་ལྔ་དང་བཅས་པར་སྒོམ་ལ། སློབ་མའི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསམ་ལ། མ་གཅིག་སྤྱན་འདྲེན་གྱི་གསོལ་འདེབས་བརྗོད་ཅིང་། ཌ་མ་རུ་དང་མི་རྐང་ལོགས་པ་རོལ་མོའི་སྒྲ་དང་བཅས་པས་དབང་བསྐུར་རོ། །དེ་ནས་ཚར་བ་དང་། སློབ་མ་ལ་མ་གཅིག་མཁའ་འགྲོའི་མཆོག་དང་བཅས་པ་ཐམས་ཅད་ཐིམས་ནས། རང་མ་གཅིག་དངོས་ཡིན་སྙམས་པའི་ང་རྒྱལ་དང་ལྡན་པས་ལྡང་ངོ་། །དེ་ནས་གཏོར་མ་དེ་ལ་སློབ་མ་རང་གིས་གངས་ལོངས་རེ་བཅད་ལ་གསོལ་ལོ། །དེ་ཡང་ཟན་ནས་ལོངས་ན་རྒྱས་པའི་ལས་འགྲུབ། མར་ནས་ལོངས་ན་ཞི་བའི་ལས་འགྲུབ། ཤ་ནས་ལོངས་ན་དྲག་པོའི་ལས་འགྲུབ། བུ་རམ་ནས་ལོངས་ན་དབང་གི་ལས་འགྲུབ། ཐམས་ཅད་ནས་ལོངས་ན་ཕྲིན་ལས་ཐམས་ཅད་འགྲུབ། ཅེས་བླ་མའི་ལུང་སྟན་ནོ། །དེའི་དབང་བསྐུར་ཡོངས་སུ་རྫོགས་པའི་ས་སོང་བ་ཡིན་ནོ། །དེ་ནས་རྗེས་ཀྱི་ཆོས་ལ།

(༢༢)གཏང་རག་གི་མཎྜལ་ཕུལ་ལ། དམ་ཚིག་བསྲུང་བའི་ཆོས་ཉན་པ་ནི། མ་གཅིག་ན་རེ། དབང་བསྐུར་བྱིན་བརླབས་རྒྱ་མཚོ་ལ། །རྗེས་ནས་བྱ་བའི་ཆོས་རྣམས་ནི། །རང་ལུས་ལྷ་ལ་མཆོག་འཁོར་འཕུལ། །མཁའ་འགྲོ་དམ་ཚིག་ཚུལ་ཞིན་བསྲུངས། །སྔོ་བ་སྨོན་ལམ་རྒྱ་ཆེན་བཏབ། །དབང་བསྐུར་བྱིན་བརླབས་རྒྱ་མཚོ་ཡི། །རྗེས་ཆོས་ཡིན་པའི་འདི་ལྟར་མཛོད། །ཅེས་གསུངས་སོ། །དེ་རྣམས་ཚར་བ་དང་། མཆོག་ཀྱི་འཁོར་ལ་ཚུལ་དང་མཐུན་པར་རོལ་ལ། ཐར་ལྷག་མ་ལས་སོགས་པ་ཡང་བྱའོ། །དེ་ནས་བསྔོ་བ་དང་སྨོན་ལམ་རྒྱ་ཆེན་བཏབ། ཁྱད་པར་མཁའ་འགྲོའི་དམ་ཚིག་བསྲུངས། མཆོག་དང་གཏོར་མ་འབྱོར་ཚད་བྱ། བུད་མེད་ཀུན་ལ་བྱམས་པ་བྱ། རང་རེའི་ཀུན་དུ་མི་ཉམས་སྤེལ། རང་རྒྱུད་ཆོས་ལ་གནས་པར་བྱ། སྟོང་ཉིད་ཆོས་ལ་དད་དགུས་བྱ། ཐིག་ལེ་རཀྟའི་བཅུན་ལེན་བྱ། ཡི་དམ་ལྷ་གཉེན་རྒྱུན་དུ་གྲང་། མཁའ་འགྲོ་གཉེས་པའི་གཏོར་མ་ཅེས་པ་དམ་ཚིག་གི་ཆོས་རྣམས་ལ་གནས་པར་བྱའོ། །བདུད་གཅོད་ཟབ་མོ་བདོན་གྱི་ཉིང་ཁུ་ལས། སྤྱི་བོ་དོན་གཉིས་པ་དབང་བསྐུར་བྱིན་བརླབས་རྒྱ་མཚོ་ཞེས། ཞེས་བྱ་བ་འདི་ཡོངས་སུ་རྫོགས་སོ། །བཀྲ་ཤིས། ཨིྀྠ།

(༢༣)བསོད་ནམས་དཔལ་བཟང་མུས་ཆེན་ཞི་དགོན་པ། །ཀུན་དགའ་དཔལ་བཟང་ཁྱབ་བདག་བཀའ་འགྱུར་བ། །ངག་དབང་ལེགས་གྲུབ་ཤེས་རབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་རློབས། །དམིགས་མེད་བྱམས་རྩེའི་ཐུགས་རྗེའི་ཆུ་གཏེར་ལས། །བདག་སོགས་སྐོམས་ཀྱིས་གདུངས་བ་གསེལ་མཛད་པའི། །དཀའ་དྲིན་སྙམས་མེད་དཀོན་མཆོག་བཀྲ་ཤིས་ལ། །གསོལ་བ་འདེབས་སོ་བདག་བརྒྱུད་བྱིན་གྱིས་བརློབས།།


no previousno next