Nitartha Digital Library
Tibetan
 
no previousno next

(༡)ཉམས་ལེན་དངོས་གྲུབ་ལག་བཅངས་ཞེས་བྱ་བ་བཞུགས་སོ། །དགེ་བར་རྒྱུར་གཅིག །

(༢)ན་མོ་གུ་རུ་དྷ་ཀི་ནི་ཡ། དེ་ཡང་དབང་བསྐུར་བྱིན་བརླབས་རྒྱ་མཚོ་མངོན་ལ་ཐོབ་ནས། དོན་འཁྲིད་ཡིད་བཞིན་ནོར་བུ་ཉམས་འཁྲིད་དུ་སྐྱངས་ཏེ། དེའི་བདོན་ཉམས་སུ་ལེན་པར་བྱེད་པ་ལ། སྤྱི་དོན་བཞི་བ་ཉམས་ལེན་དངོས་གྲུབ་ལག་བཅངས་ཞེས་པ་འདི་སྟོན་པར་བྱེད་དོ། །དེ་ལ་གཉིས་ཏེ། ཉམས་སུ་བླང་བའི་གནས་བསྟན་པ་དང་། ཉམས་སུ་བླང་རྒྱུའི་ཆོས་བསྟན་པ་གཉིས་སུ་ཡོད་པ་ལས། དང་པོ་ཉམས་སུ་ལེན་པའི་གནས་སྟོན་པར་བྱེད་དོ། །དེ་ཡང་ང་ན་རེ། ཉམས་ལེན་དངོས་གྲུབ་ལག་བཅངས་ལ། །ཉམས་སུ་བླང་བའི་གནས་བདག་ནི། །པྲ་ངན་པྲ་བཟང་གནས་བདག་དང་། །ཕུག་སྟོང་ལྷང་སྟོང་པ་དང་། །འཕུང་ཤུལ་འཕུང་འགོང་གནས་པའི་ས། །ས་གཉན་ཆུ་གཉན་བདུད་མཆོད་།།།དང་། །ལྟས་ངན་མ་ངེས་ཚོལ་བ་དང་། །མཛེ་ནད་རོ་དང་ན་རིམས་པ། །ཚོང་འདུས་འཚོང་འཁང་འདུས་པའི་ས། །རི་ཁྲོད་གངས་ཁྲོད་ལུང་སྟོང་དུ། །དངོས་གྲུབ་ཐམས་ཅད་ལག་ཆངས་ཡིན། །ཅེས་གསུངས་པའི། དེ་ཡང་དང་པོ་དོན་ཉམས་སུ་ལེན་པར་བྱེད་པ་ལ། ས་དང་གནས་ཤིན་དུ་གལ་ཆེ་སྟེ། དེ་ཡང་ནང་གི་སྐྱོན་ཡོན་ཏན་ཐམས་ཅད་ཕྱིའི་ས་གནད་

(༣)དག་ལས་བྱུང་། ཅེས་བཤད་པའི། དེ་ཡང་ཉམས་ལེན་པའི་གནས་སུ། སྤྱི་དུ་གར་ཡང་བཏུབ། ཁྱད་པར་དུ་མཚན་ཉིད་ས་བཀྲ་བཟང་པོའི་ས། ཕུ་སྐྱོབ་པ་འདྲ་བའི་གནས། ས་ཕྱོགས་འབྲངས་ཤིང་ཁྱེངས་པའི་གནས་སུ་བདོན་ཉམས་སུ་བླང་ངོ་། །ཡང་ན་ཕུ་གང་དཀར་གྱི་རྩེ་ལ་བཟུག་པ། གཡོན་དར་དཀར་གྱི་ཡོལ་བ་འདྲ་བ། གཡས་རི་ཟས་ལེན་འབྲངས་པ་འདྲ་བ། ས་ཕྱོགས་སྣུམས་ཤིང་བཀྲག་དང་ལྡན་པ། ཉམས་དགའ་ཤིང་སྡོད་སྙིང་འདོད་པ། མདོན་ན་ས་བཀྲ་བཟང་ཞིང་ཡིད་དུ་འོང་བ། དེའི་ནང་ནས་ཀྱང་རང་གི་མལ་སར་ནད་ཐེམས་པ། ས་བཀྲ་བཟང་པོའི་མལ་སར། དོན་ཉམས་སུ་ལེན་པ་ཡིན་ནོ། །ངས་ཀྱང་དངོས་པོའོ། །སོ་ལྷ་རྩེའི་མདུན་དེ་ན། གནས་པ་བཀྲ་བཟང་ཞིང་ཡིད་དུ་འོང་བ་གཅིག་དུ་གཅོད་ཉམས་སུ་བླངས་པའི། སློངས་མི་ཡོང་བར་བར་ཆད་ཚར་ཚད་མང་དུ་བྱུང་། ཁྱད་པར་མ་གཅིག་རང་དང་ཞལ་འཇལ། དེའི་མཚན་འོད་

(༤)གསལ་དུ་སོང་ངོ་། །ང་ལ་དེ་ནས་མར་ས་བཀྲ་བཟང་པོར་སྤྱོད་བྱས་ན། བཟབ་པར་འདུག་སྙམས་པ་བྱུང་ཞིང་། ཁྱད་པར་རྒྱུད་ལ་སྙམས་རྟོགས་མེད་པའི་གང་ཟག་ལས་དང་པོ་པ་ཀུན། ཐོག་མར་གནས་པ་བཀྲ་བཟང་པོར་དོན་ཉམས་སུ་བླངས་ན་བཟབ་བར་འདུག་གོ །ཡང་ན་དོན་ཉམས་སུ་ལེན་པ་ལ། ས་བཀྲ་ངན་པ་རྣམས་སུ་ཡང་སྡོད་པ་ཡིན་སྟེ། དེ་ཡང་ཕུ་རལ་བ་འདྲ་པ། མདོ་ཧར་པ་འདྲའ་བ། ངོས་དྲད་པའམ། སྙིང་སྟོན་པ་འདྲའི་གནས་སུ་དོན་ཉམས་སུ་བླང་ངོ་། ཡང་ན་ཕུ་སྡིབ་པ་འདྲ་བ་ལ། མདོ་ཉིལ་པ་འདྲ་བ། ལོགས་ཐེན་པ་འདྲ་བ། ས་ངུ་།།།བའམ། མྱ་ངན་བྱེད་པ་འདྲའི་གནས་སུ་ཉམས་སུ་བླང་ངོ་། །ངས་ཀྱང་དང་པོ་ཡང་ལའི་མ་གིར། ས་བཀྲ་ངན་པ་དོད་སྙིང་ཡེ་མི་འདོད་པ་གཅིག་ཏུ། བཅོད་ཉམས་སུ་བླངས་པའི། ཉི་མ་ཟི་རེ་འགྲོ་བ་ལ། ཁྱི་ནག་པོ་ཆེན་པོ་གཅིག་ངའི་ཐོག་དུ་འཛིང་དུ་བྱུང་། དེར་ངས་མིག་ཕོར་ཞིན་དུ་ཁོའི་སྟེང་དུ་ལྕེར་བུ་བྱས་ནས། དྲན་མེད་ཀྱི་ངང་ནས་ཉལ་པའི། ཅི་ཞིག་ལྟ་རུ་སོང་པ་དང་། ཁོས་འཛིང་མི་ནུས་པར་ཡལ་སོང་། དེ་ནས་མར་ང་རྐྱེན་ལ་སྲེ་ཚབས་ཆེར་སོང་འདུག །དེས་ན་ས་བཀྲ་ངན་པར་ཉལ་བའི། བྱ་མི་དགོས་པར་སློངས་གང་དགོས་པ་ཡོང་པར་འདུག་པའི། ས་བཀྲ་ངན་པར་བཅོད་བྱས་ན་ཟབ་བར་འདུག །མཉམས་པ་འབྱུང་ཞིང་ཁྱད་པར་རྒྱུད་ལ་ཉམས་རྟོགས་ཡོད་པ་ཀུན། སློངས་དང་སྲེར་ཡོད་

(༥)ཡས། ཟབ་བར་འཁུམས་སོ། །ཕུག་གམ་ལྷང་སྟོང་པར་ཅེས་པ་དེ་ཡང་། ས་ཕུག་སྟོང་པར་སུས་ཀྱང་མ་ཟུང་བ། ཟུང་ཡང་མ་ཟིན་པར་ཤོར་པ། དེ་བཞིན་དུ་བྲག་ཕུག་སྟོང་པ་དང་ཁང་པ་སྟོང་པ་དང་། ལྷང་སྟོང་པ་དང་། གེགས་ཤིང་མཆོད་པ་དང་བྲལ་ལོགས་བདེག །རྒྱལ་པོས་དག་བྱས་པའི་གནས་ཡིན་པའི། དེ་རྣམས་སུ་དོན་ཉམས་སུ་བླང་ངོ་། །ངས་ཀྱང་དང་པོ་དབུ་འབུག་གི་གནས། ཁང་རོ་སྟོང་པ་དེར་བཅོད་བྱས་པས། སྔོན་ལ་ཤིན་ཏུ་འཇིགས་ཤིང་ཡ་ང་བ་བྱུང་། དེ་ནས་བུད་མེད་གཅིག་གི་འོ་དོད་འབོད་ཀྱིན་འདུག་པས། ང་རང་གི་གཉེན་ཤི་བ་ཐམས་ཅད་དམག་ལ་བྱུང་ངོ་། །དེར་ངས་གྲོ་ཤས་མང་དུ་བྱས་པའི། ཅི་ཞིག་ལྟར་གནས་ཀྱི་མགོང་པོ་ཆེན་པོ་གཅིག་འདུག་པ་དེས། ཁོ་རང་གི་རང་གཟུགས་སྟན་ནས། དད་ཅིང་དགུས་པས་ཚུལ་དུ་བྱས། ཆོད་ཚད་ཚར་ཚད་མང་དུ་བྱུང་ངོ་། །ཡང་ངས་བྲག་རྩ་མ་གིར། གསང་སྔགས་སྙིགས་མའི་གནས་ཡིན་ཟེར་བ་གཅིག་ན། མཆོག་ཁང་ལྷང་སྟོང་པ་གཅིག་འདུག་པར་ནུབ་གཅིག་སྤྱོད་བྱས་པས། ཁང་པ་རྩོགས་པ་འོད་ཁོར་བ། སྒོ་ནས་འབོད་པ་ལོགས་ཆོ་འཕྲུལ་དུ་མ་གཅིག་བྱུང་། དེའི་དུས་སུ་ངས་དྲན་བྱེད་།།།ཁོ་ནའི་སྟེང་དུ་བཞག་པས། རྗེས་སུ་བློ་བདེ་ཞིང་ཉམས་དགའ་བ་གཅིག་དང་། ཆོད་ཚད་ཚར་ཚད་མང་བདུ་བྱུང་ངོ་། །ང་དེ་ནས་མར་ཕུ་གུ་སྟོང་བ་དང་། ལྷང་སྟོང་པ་ལོགས་པ་ཡང་ དོན་ཉམས་སུ་ལེན་པའི་གནས་སུ་དགའ་བར་འདུག་སྙམས་པ་བྱུང་ངོ་། །ཕུང་ཤུལ་ཕུང་གོང་གནས་པའི་ས། །ཅེས་པ་ནི། དེ་ཡང་མི་ཕུང་བའི་ཤུལ་ཁང་པར་

(༦)ཤི་བའམ། རབས་ཆད་པའམ། གནས་བཟང་ས་ཆ་དེར་ཤི་བའམ། གསད་པའམ། ལྕེབ་པའམ། ཆུ་དང་བྲག་ལ་ཤི་བའམ། ལྕེབ་ལོགས་པའི་ས་ཆ་དེ་ཕུང་ཤུལ་ཡིན་པའི། དེ་རྣམས་སུ་བདོན་ཉམས་སུ་བླང་ངོ་། །ཡང་འཕུང་འགོང་གནས་པའི་ས། གནས་འཕུང་འགོང་ཅན་ནམ། ཕྱུགས་འཕུང་འགོང་ཅན་ནམ། ཀ་ཅ་འཕུང་འགོང་ཅན་ནམ། གྲོགས་ཕུང་འགོང་ཅན་ནམ། དེ་ལ་སོགས་པ་དག་འཕུང་འགོང་ཡོད་པའི་གནས་ཡིན་པས། དེ་རྣམས་སུ་བཅོད་ཉམས་སུ་བླང་ངོ་། །ངས་ཀྱང་སྡོད་མོ་མི་ཤི་ཞིང་འཕུང་འགོང་ཡོད་པའི་ཕུག་གཅིག་ཡོད་པའི་ནུབ་མོ་གསུམ་སྤྱོད་བྱས་པས། ས་གནས་དང་འདུག་ས་ཆོལ་འགྲོ་བ་ཤེས་པ་དབང་མེད་དུ་འཁྲུལ་ནས། འགྲོ་བ་ལོགས་པའི་སློངས་དཔག་དུ་མེད་པ་གཅིག་བྱུང་། དེ་ནས་བཞག་འགའ་ཤིག་ནས་ཆོད་ཚད་ཚར་ཚད་མང་དུ་བྱུང་ངོ་། །ང་དེ་ནས་མར་ལ་དོན་ཉམས་སུ་ལེན་པ་ལ་མི་ཤི་བའམ། འཕུང་འགོང་ཡོད་པའི་གནས་ཀུན། དོན་ཉམས་སུ་ལེན་པའི་གནས་སུ་དགའ་བར་འདུག་སྙམས་པ་བྱུང་ངོ་། །ས་གཉན་ཆུ་གཉན་།།།དང་། །ཅེས་པ་ནི། དེ་ཡང་ཤིན་ཏུ་གཉན་པ་བདུད་དང་འགོང་འགོང་ལོགས་གནས་པའི་ས། དེ་ཡང་བྲག་གསུམ་ལ་བརྩན་གནས། ལུང་གསུམ་ལ་གསངས་གནས། བྲག་གསུམ་ལ་ཐེ་བྲང་གནས། རི་རྩེ་ལ་བདུད་གནས། ཤིང་རྩེ་ལ་གཉན་གནས། དགོང་གསུམ་ལ་བཙན་འགྲིམས། རི་གསུམ་ལ་བདུད་འགྲིམས། མདོ་གསུམ་ལ་འགོང་འགོང་། ལམ་སྲང་ལ་དྲི་ཕོ་དྲི་མོ། །དབྱེན་ས་རུ་ཞི་བདག་འགྲིམས་མོ། །ཆུ་མིག་ཅེས་པ་ནི། རྒྱ་མཚོ་ཆེན་པོའི་འགྲམས། ཆུ་མིག་གི་

(༧)མགོ་བོ།།། རྫིང་བུའི་འགྲམས། ཙང་པོའི་འཁོར། ཆུ་བྲན་གྱི་སྦ། ཆུ་ཚན་གྱི་ཚོད། འཁྱག་འབུར་གྱི་ལྷད་སྟེ། མདོར་ན་ཆུ་ལ་ཀླུ་དང་། སྨན་དང་ཡུལ་ལྷ་ལོགས་པ་གནས་པའི། དེ་རྣམས་སུ་དོན་ཉམས་སུ་བླང་། བདུད་།།།ཅེས་པ་ནི། རྒྱ་གར་ན་ཕར། རོ་གསར་རྙིང་བམ་གསུམ་འཛོམས་པ་ལ་གཟེར། མདོར་ན་མི་རོ་འགའ་རེ། ས་གཅིག་དུ་སྐྱལ་བ་དེ་ལ་ཟེར་སྟེ། དེ་ན་བཤད་འགོང་དྲི་ཟ་དང་། ཤ་ཟ་དང་སྲིན་མོ་དང་མ་མོ་ལོགས་པ་གནས་པའི། དེ་རྣམས་སུ་དོན་ཉམས་སུ་བླང་ངོ་། །ངས་ཀྱང་འདྲེ་རུགས་ཀྱི་ཕུ་མ་ཀི་ན། འདྲེ་རེ་དོར་མགོན་བྱ་བ་གནས་པའི་ས་ཆ་གཉན་པོ་གཅིག་འདུག་པར་བཅོད་བྱས་ནས། ས་དེ་ནས་བྲག་ཕུག་གཅིག་འདུག་པའི། རེས་ནམ་མཁའ་ལ་ཕུར་འགྲོ་བ། རེས་ངའི་ཐོག་དུ་ཉིལ་ཡོང་པའི། ལོགས་པའི་ཆོ་འཕྲུལ་དུ་མ་གཅིག་སྟོན་དུ་བྱུང་ངོ་། །དེར་ངའི་ཁོ་ལ་བྱམས་སྙིང་རྗེ་སྒོམ་པའི། ཁོ་ང་ལ་དད་ནས། རྨི་ཐབས་སུ་འཇལ་དུ་བྱུང་། དེར་ངས་ཁྱོད་དེ་ཙམ་པའི་ཆོ་འཕྲུལ་སྟོན་པ་ཅི་ཡིན་བྱས་པས། ཁོ་ན་རེ་ས་གང་གཉན་ས་ལ་བཅོད་མཛད་ནས། ཆོ་འཕྲུལ་ལོག་དང་ཞེས་ཟེར་ཀྱིན་འདུག །ཡང་ངས་སྤྱིར་དུ་།།།གཉན་པོ་མང་པོ་ལ་ཅོད་བྱས་པས། སློངས་ཚར་ཚད། ཆོད་ཚད་བྱུང་བ་མང་དུ་ཡོད། ཁྱད་པར་འདྲེ་རྒྱུགས་མར་ཐོན་པ་དེ་མི་རོ་བསྡུང་པའི་བསྟན་པ་གཅིག་ཡོད་པ་དེ་སྟེག་ནས། ངའི་ཐོག་དུ་འཇོག་དུ་བྱུང་བའི། ངས་སྟོང་པ་ཉིད་ཀྱི་ངང་དུ་བཞག་པས། ཁོ་ན་རེ། དེར་མི་དེ་གར་སོང་ཟེར་ཞིང་། སྟན་པ་དེ་ཀར་ཞག་

(༨)སོང་། རྗེས་སུ་ཆོད་ཚད་ཚར་ཚད་བྱུང་ནས། བུད་མེད་གཅིག་ལ་ཁར་ཙང་གི་སྟན་པ་འདེགས་པའི་མི་དེ་སུ་ཡིན་བྱས་ནས་བྲིས་པས། དེ་ན་རེ། འདི་རོ་སྐྱལ་ཚད་ཀྱི་བཤེད་འགོང་ལགས་སོ་ཟེར་སྐད། ང་ལ་དེ་ནས་མར་བཅོད་བྱེད་པའི་དུས་སུ་དུར་ཁྲོད་།།།དང་ས་གཉན་ནོ། །ཆུ་སྨིག་།།།གཉན་ནོ་ཀུན་དགའ་བར་འདུག་བསྙམས་པ་བྱུང་ངོ་། །ལྟས་ཅན་མ་ཉེས་ཆོས་པ་དང་། །ཅེས་པ་ནི། དེ་ཡང་ལྟས་ཅན་ཅེས་པ་ནི། །བསྐྲིས་རྫས་རྒྱད་འདྲ་བའི་ས་ནས་འདུག་ན། །དེ་རྣམས་སུ་ཉམས་སུ་ལེན་པ་ཡིན་སྟེ། །དེ་ཡང་ས་ཕྱོགས་གདུགས་འདྲ་ན་རྟོག་ལ་མལ་བཅའ་འོ། །དེ་ཉིད་དུ་ཉ་འདྲ་བའི་མགོ།།། གདུང་འདྲ་བའི་ཁ། པདྨ་འདྲའི་དཀྱིལ། བུམ་པ་འདྲ་བའི་ལྟོ་བ། དཔལ་བེའུ་འདྲའི་དཀྱིལ། རྒྱལ་མཚན་འདྲའི་རྩེ་མོ། འཁོར་ལོ་འདྲ་བའི་བཤོག་པ། ལ་སོགས་པར་དོན་ཉམས་སུ་བླང་ངོ་། །མ་ངེས་པའི་ས་ནི། ས་ཕྱོགས་དེ་ཅན་ཟན་འདྲ་ན། སྡེར་མོ་དང་ཁ་ཟླུམས་ལ་ཉལ་ལོ། །དེ་བཞིན་དུ་གཡག་དང་སྡིག་པ་འདྲའི་རྭ་རྩེ་དང་། ར་ཕག་བྱ་འདྲ་བའི་སྡེར་མོ་དང་། ཆུ་རྩེ་རྟ་དང་བྲེའུ་དང་བོང་བུ་འདྲ་བའི་ཀྱེད་པ། སྦྲུལ་དང་སྦལ་བ་དང་ལྗོང་མོ་འདྲའི་མགོ།།། མི་འདྲའི་བསུས་པ། སྙིང་ཁ་ནགས་དང་བྲག་དང་ཀོ་མོག་ལ་སོགས་པ་ཡོད་པའི་ས་ཆར། འཐུག་ལ་མང་བ་ཡོད་ན། དེའི་ས་དེར་གཅིག་ལ་མལ་བཅའ་འོ། །ས་དེར་ཐུག་པོ་མེད་ན་ནགས་མགོའམ་བྲག་གུའམ། ཀོ་མོག་ལ་སོགས་

(༩)པ་ཡོད་པའི་སར་དོན་ཉམས་སུ་སླང་ངོ་། །ངས་ཀྱང་དང་པོ་ས་གནད་དེ་ངོས་བཟུང་། དོན་ཉམས་སུ་སླངས་པའི། ཡོན་ཏན་བྱུང་ལུགས་དང་ཤར་ལུགས་ཀུན་མང་དུ་ཡོད་དེ། འདིར་མ་བྲིས་སོ། །མཛེ་གནས་རོ་དང་ནད་རིམས་ས། །ཅེས་པ་ནི། དེ་ཡང་མཛེ་གནས་འཇིགས་སུ་རུང་པའི་གནས། མཛེ་བོའི་རྩའམ་ཤུལ་ལམ། ཤིའི་རོ་ལ་སོགས་པ་དོན་ཉམས་སུ་སླངས་སོ། །ཡང་ནད་མགོ་བག་ཅན་ནག་པོ་རྒྱུག་འགྱེལ་ལམ་སྟོད་གཟེར་རམ། དམར་ཤོལ་ལོགས་པ་ནད་དྲག་པོ་མགོ་ནད་ཅན་ཡོད་པའི་སར། དོན་ཉམས་སུ་བླང་ངོ་། །ངས་ཀྱང་ནད་ཡམ་དང་། རྒྱུ་རིམས་དང་སྟོད་འཚངས་ལོགས་པ་ནད་གང་བྱུང་ཐམས་ཅད་ཀྱི་སྟེངས་སུ་བདག་འཛིན་བློས་བཏང་། རིག་པ་དབྱིངས་ཐོག་དུ་བཞག་ནས། བཅོད་ཀ་བྱས་སྟེ། དེ་ཡང་ལྷ་རྗེ་ལ་མ་སྟན། བྱིན་བརླབས་མ་བཞུས། སྨན་མ་ཟོས། རིམས་འགྲོ་མ་བྱས། དེ་ཡང་དང་པོ་ནད་ལ་མ་འཛེམས། བར་དུ་ནད་བྱུང་བ་དང་། དེ་ཐོག་དུ་རོ་སྙོམས། ཐ་མ་དྲག་པ་དང་། ང་རྒྱལ་དང་ཁོང་ཡུས་མ་བྱས་པར་ཉམས་སུ་བླངས་སོ། །མདོར་ན་ང་ལ་དེ་བཅོད་བྱེད་པའི་ཡུལ། རང་ལ་ནད་པས་དགའ་བ་མི་འདུག་སྙམས་པ་བྱུང་། ཡང་ངས་རོ་ས་ལ་སྦས་པ་གཅིག་གི་སྟེངས་སུ་ཅོད་བྱས་པས། འོག་གི་ས་ཐམས་ཅད་ཡར་ལ་བུན་ནུ་ནུ་ཡོང་པ། ང་མ་གནོན་པར་ཡར་ཐེག་དང་། ཅེས་པ་ལོགས་པ་འཇིགས་པ་ཡ་ང་བ། བག་ཚ་བ་ཤིན་དུ་མི་ཟོད་པའི་སློངས་དུ་མ་གཅིག་བྱུང་ངོ་། །དེ་ན་བཅོད་བྱེད་པའི་གནས་སུ་རོ་ཡང་

(༡༠)ཟིལ་ཆེ་བའི་ལམ་དུ་སླ་ཀ་འདུག་པའི་དགའ་བར་འཁུམས་སོ། །ཆོས་འདུས་ཚོང་ཁང་འདུ་པའི་གནས་དེ་དག་དང་། ཤིན་དུ་གཉན་པའི་གནས་དེ་རྣམས་སུ་དོན་ཉམས་སུ་སླང་ངོ་། །ངས་ཀྱང་དང་པོ་ཆོས་སྡིངས་ཀྱི་བླ་ཡེ་ཐུང་དེར་ནུབ་གཅིག་ཅོད་བྱས་པས། །དགེ་སྦྱོར་ཕེལ་པ་ལ་སོགས་པ་དུ་མ་གཅིག་བྱུང་པས། གནས་གཅིག་དུ་བྱས་པས་རང་ལ་དེ་པས་དགེ་སྦྱོར་ཕེལ་པ་མ་བྱུང་ངོ་། །དེ་དོན་ཚོང་དུས་ཆེན་པོ་དང་། མི་མང་པོ་མཆོག་པ་ལས་དེ་དག་དོན་ཉམས་སུ་ལེན་པའི་གནས་བཟང་པོར་ངེས་སོ། །རི་ཁྲོད་གངས་ཕྲོད་ལུང་སྟོང་དུ་ཅེས་པ་ནི། དེ་ཡང་། དབྱེན་ནས་དམ་པ་གནས་ཆེན་གྱི་རི་ཁྲོད་དམ། གནས་བཟང་བྲག་རིའམ་གཡའ་རིའམ། རྫ་རིའམ། གངས་ཕྲོད་དམ། མི་ཁྱིས་དབྱེན་པའི་ལུང་པ་སྟོང་པ་ཐམས་ཅད་དུ་ཉམས་སུ་བླང་ངོ་། །དེ་ལྟར་ངས་ཀྱང་དང་པོ་མི་ཁྱིས་དབྱེན་པའི་ས། ལུང་སྟོང་དང་རི་ཁྲོད་དང་། གངས་ཁྲོད་ལོགས་པ་ཀུན་དུ་དོན་ཉམས་སུ་སླངས་པས། ལྷ་དང་མཁའ་འགྲོ་འདུ་བ། ཞི་དག་དང་ལྷ་འདྲེ་མང་པོ་དང་། ཀླེང་སླངས་བྱ་རུ་ཡོད་པ། ཉིན་མཚན་དགེ་སྦྱོར་གྱི་འདས་པའི་ལུགས་མང་དུ་བྱུང་ངོ་། །དེས་ན་རི་ཁྲོད་དང་གངས་ཁྲོད་དང་། ལུང་སྟོང་ལ་སོགས་པའི་གནས་འདི་རྣམས་བཅོད་ཉམས་སུ་ལེན་པའི་གནས་སུ་དགའ་བ་ཡིན། དེ་ལྟ་བུའི་གནས་རྣམས་སུ་བདོན་ཉམས་སུ་བླངས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལག་ཆངས་སུ་ཡོད་པའོ། །དེས་ན། གནས་ཀྱི་མཚན་ཉིད་ལ་སོགས་པ་རྩམ་ཞིང་དམ་པ་གལ་ཆེའོ། །དེ་རྣམས་ཀྱི་དོན་ཉམས་སུ་བླངས་པའི་གནས་ཀྱི་མཚན་ཉིད་རྟག་པ་དེ་སོང་ཚར་རོ། །སྤྱི་དོན་གཉིས་ལ་ཉམས་སུ་བླང་རྒྱུའི་ཆོས་སྟོན་པར་བྱེད་པ་འདི་ལ། དོན་གཉིས་

(༡༡)ཐོག་མར་མ་བློངས་པར་ཉམས་སུ་སླང་པའི་གདམ་ངག་དང་། སློངས་ནས་ཉམས་སུ་བླང་པའི་བྱ་བ་གཉིས་སུ་ཡོད་པ་ལས། དང་པོ་མ་སློངས་པར་ཉམས་སུ་བླང་བའི་གདམ་ངག་སྟོན། དེ་ལ་ཐོག་མར་གཉན་ཁྲོད་དུ་ཕེབས་པ་དང་། མ་སློངས་སམ་སློངས་ཀྱང་རུང་སྟེ། ཉམས་ལེན་གྱི་ཆོས་འདི་རྣམས་མ་ཆག་པར་བརྒྱུན་དུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ལ། དང་པོ་ས་འཛིན་གྱི་ཆོས་གསུམ་གྱིས་ས་བཟུང་། བར་དུ་ཉམས་ལེན་གྱི་ཆོས་གསུམ་གྱིས་རྒྱུན་སྐྱངས། མཐར་སྤྲོས་མེད་ཀྱི་ཆོས་གསུམ་གྱིས་མཐའ་བཟུང་པ་བྱས་པ་དང་གསུམ་ཡོད་པ་ལས། དང་པོ་སྟོན་ནོ། །དེ་ཡང་ང་ན་རེ། ཉམས་ལེན་དངོས་གྲུབ་ལག་ཆངས་ལ། །སྔོན་དུ་བྱས་པའི་ཆོས་རྣམས་ནི། །མཚན་བྲལ་རིག་ངར་ལྷན་བཅས་ཀྱི། །བསམ་པ་བཟང་པོས་གནས་དེར་འགྲོ། །ཁྱད་པར་ཐབས་མཁས་ལག་ལེན་གྱི། །རྟེན་འབྲེལ་བཟང་པོས་ས་དེ་བཟུང་། །ཕྱི་ནང་གསང་གསུམ་རབ་ལྡན་པའི། །བྱང་སེམས་སྟན་པའི་ས་དེར་སྡད། །དེ་ལྟར་ཉམས་སུ་བླངས་པའི་ན། །དངོས་གྲུབ་ཐམས་ཅད་ལག་ཅངས་ཡིན། །ཅེས་གསུངས་པའི། དེ་ཡང་རྟེན་གྱི་གདམ་ངག་།།།ཅོད་ཉམས་སུ་ལེན་པའི་སྐབས་ལ་བབས་པ་དང་། རི་འཁྲོད་ཀྱི་གནས་དེར་འགྲོ་བའི་བདུས་སུ། ངའམ་བདག་དུ་བཟུང་ཞིང་ལྟ་བ་དང་། ཡང་ན་སྒོམ་བཟང་པོ་དང་། བལྟ་བ་བཟང་པོར་བཟུང་ཞིང་། བལྟའི་མཚན་མ་བཟུང་འཛིན་མཐའ་དང་བྲལ་བའི་ངང་ནས། རིག་པ་སྟིང་ཉིད་ཀྱི་ངར་དང་ལྡན་པས། འཛིན་མེད་ཀྱི་ཤེས་པ་ངར་དང་བཅས་སྟེ། བསམ་པ་བཟང་པོས་གནས་དེར་འགྲོ་བ་ཡིན། དེ་ཡང་ལོ་

(༡༢)འདོད་དང་ཁྱེ་འདོད་དང་གྲགས་འདོད་ཀྱི་དེར་མི་འགྲོ། དེ་ལྟ་བུའི་ཕྱིན་ན། ཐར་གྲགས་པ་ངན་པ་ཡོད། བཟང་མགོ་སྟུང་གི་གླེང་། བཅོད་གནད་དུ་མི་འགྲོ། ན་ཚ་དྲག་པོ་ཆོད་རྒྱུད་མེད་པ་ལམ་དུ་མི་སློངས་པ་རྣམས་ཡོང་། བླ་མ་དང་གྲོགས་ཕྱེད་ལ་ཁྱད་བསོད་མ་དགུས་པ་དང་། མ་དད་པའི་ཕྱི་ནན་དཀོན་མཆོག་གི་བཀའ་ཆད་ཡོང་། མཁའ་འགྲོའི་བར་ཆད་ཡོང་། ཆོས་ལམ་དུ་མི་འགྲོ་ལས་སུ་འགྲོ། ཅི་བྱས་ཐམས་ཅད་ཕྱིན་ཅི་ལོག་དུ་འགྲོ། གནས་བཟང་ལྷ་འདྲེ་ལ་ཁྱད་བསོད་ཀྱི་རྣམས་པ་དང་། བཏུལ་འདོད་ཀྱི་བློ་དང་། བྲན་དུ་བཀོལ་འདོད་ཀྱི་བསམ་པ་དང་། ལྷ་འདྲེ་ལ་ཞེ་སྡང་དང་། སྡུག་སེམས་ཀྱི་བཅོད་ལ་ཕྱིན་ན། རང་ལྷ་འདྲེའི་དབང་དུ་འགྲོ་ཞིང་། ལྷ་འདྲེའི་བར་ཆད་ཙུབ་སློངས་དྲག་པོའི་སྲོག་གི་བར་ཆད་བྱེད། མི་འདོད་ཀྱི་བསོད་ཆུང་སྐྱེས་སྟེ། ཆོས་དང་བྲལ། མདོར་ན་རང་རྒྱུད་ལ་རྐྱེན་དཔག་མེད་འབྱུང་བས། དེས་ན་བསམ་པ་ཚེ་འདི་བློ་ཡིས་བཏང་། འཁོར་བ་ལ་གཞོན་པ་ཟློག །བླ་མ་དང་ཆོས་དང་གྲོགས་ཕྱེད་ལ་བསམ་པ་དད་མོས་ཀྱི་ཀུན་ནས་བླང་། ལྷ་འདྲེ་ལ་བྱམས་པ་དང་། སྙིང་རྗེ་སྐྱེད། འདི་ལྟར་གྱི་སྣང་སྲིད་ཐམས་ཅད་རྨི་ལམ་འམ་སྒྱུ་མའི་བློ་ཡིས་ཟིན་པར་བྱས་ལ་འགྲོའོ། །ངས་ཀྱང་དོད་མོ་འོབས་ཀྱི་ལུང་པ་དེར། བཅོད་ལ་ཡོངས་པས། ལྷ་དང་བླ་མ་ལ་ལོག་ལྟ་རང་ནི་མེད་སྟེ། ང་རང་གི་ཁྱེངས་པའི་ང་རྒྱལ་གྱི་ད་རང་སུ་ལའང་ཞུ་མི་དགོས་ང་རང་ཙམ་ཡིན། སྡུག་པ་ལྷ་འདྲེ་འདི་ཚོ་ཡང་ལག་ཐིལ་གྱི་ཤིག་དང་འདྲ་སྙམས་ཞིང་། དབེན་པ་གཅིག་གི་ངང་ནས་ཐོན་ཡོངས་

(༡༣)པའི། རི་ཁར་སླེབ་ནས་བཞག་གསུམ་སོང་བ་དང་། རོས་སྟོད་གཡོན་པ་ནས་ཆུ་ཟེར་།།།ཐུན་སྟེ་གཅིག་བྱུང་། དེར་དེའི་སྟེང་དུ་སྒོམས་པའི། དམིགས་པ་ཁ་འཁྱལ་ནས་སྒོམ་དུ་ཡེ་མ་བཏུབ། དེར་ངས་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་ཆི་མ་བུན་པ་གཅིག་བྱས་ནས་ཉམ་སྡད་པའི། གཉིད་དུ་བག་ཙམ་འགྲོ་བ་དང་། ཡེ་ཤེས་གསང་བའི་མཁའ་འགྲོ་མ་དེ་སྦྱོན་ནས། ཁྱོད་ལ་འཁྱེངས་པའི་ང་རྒྱལ་དེ་རྩམ་པ་འདུག་པ་ལ། ད་བླ་མ་དཀོན་མཆོག་ལ་གསོལ་པ་བཏབ་ནས་ཅི་དོན། དོན་ལ་ལྷ་དང་འདྲེ་ལ་ཉེ་རིང་མེད་པ་ལ། འདྲེ་ལ་ཁྱད་བསོད་ཀྱི་བློ་དེ་ཙམ་ཅིའི་བདོན། ཐོབ་པའི་མི་གཅིག་འདུག་སྟེ། ད་ལན་རི་མ་བྱེད་པར་ལོག་ལ་རྒྱུག །རང་བསམ་པ་བཟང་པོས་རི་ལ་ཤོག །ཅེས་གསུངས་ནས་ཡལ་སོང་། དེས་གཉིད་ཕས་སད་པ་དང་། བདག་བློ་འདར་ཁྱུག་པོ་འདུག །དེ་ནས་གསོལ་འདེབས་ཡུན་རིང་པ་བྱས་ཏེ། ནང་པར་ལོག་ནས་འོངས་པའི། ནན་དུ་སྟེལ་པ་དང་། ན་བ་ཡང་དྲག་པོ། དེ་ནས་ནང་པར་ཀ་ཡང་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། དད་དགུས་བསྐྱེད། སེམས་ཅན་ལ་བྱམས་དང་སྙིང་རྗེ་བསྐྱེད་ཅིང་སྒོམ་མོ། །འདྲེ་ལ་ཕན་བྱེད་ཀྱི་སྣང་བ་བློ་ཡིས་སྣང་བ་རྨི་ལམ་དང་སྒྱུ་མར་བལྟས་ཏེ། འཛིན་མེད་ཀྱི་ཤེས་པ་སྟོང་ཉིད་ཀྱི་ངར་དང་བཅས་འོངས་པའི། འོབས་ཀྱི་ལུང་བ་དེར་ཚོད་ཚད་ཚར་ཚད་མང་དུ་བྱུང་ངོ་། །ཁྱད་པར་དགེ་སྦྱོར་ཕེལ་པོ་བྱུང་ངོ་། །དེས་ན་དངོས་གྲུབ་ལག་ཆངས་སུ་འདོད་ན་བསམ་པ་བཟང་པོས་སྤྱོད་ལ་འགྲོ་བ་

(༡༤)འདི་གལ་ཆེའོ། །གཉིས་པ་དེ་བཟུང་ཅེས་པ་ནི། དེ་ཡང་ཅོད་པ་དེར་སྟེལ་པ་དང་། སྟེལ་སྟེལ་ལ་ཐབས་མཁས་པའི་ལག་ལེན་འདི་ལྟར་དུ་བྱེད་དགོས་སོ། །དེ་ལ་གནས་དེར་སླེབ་ནས་གཟན་ཅི་ཡང་མི་བྱེད་པར། རང་ཉིད་ཡུམ་ཆེན་གྱི་ངང་དུ་ཡུན་རིང་པ་གཅིག་བཞག །དེ་ནས་དེའི་ངང་དང་མ་བྲལ་བར་ལངས་ཏེ། ས་དེར་ཐོ་དཀར་པོ་གཅིག་བཙུགས། དེ་ནས་ཡས་ཐ་མས་ཐའི་ས་དང་། རྡེའུ་འགའ་བཟུང་བླངས་ལ་གདན་ཀྱི་འོག་དུ་རྟིང་། ཐོ་ལོས་ན་ཆུ་ཡོད་ན་ཧུབ་གསུམ་ཙམ་འཐུང་། ཐོ་ལས་ཀྱི་བྲག་དང་ཤིང་ལ་སོགས་པ་ཀུན་ལག་པའི་བཟུང་། དེ་རྣམས་ཐམས་ཅད་གང་བྱེད་དང་། དབྱེར་མེད་ཟུང་འཇུག་གི་།།།ངང་ལ་བཞག་ལ་བྱའོ། །དེ་ནས་ལངས་སམ་མ་ལངས་ཀྱང་རུང་སྟེ། དང་པོ་ནམ་མཁའ་བར་སྣང་ལ་རིག་པ་བཏད་ལ། ལྟ་ཞིང་འཛིན་མེད་ཀྱི་ཤེས་པ་སྟོང་ཉིད་ཀྱི་ངར་དང་ལྡན་པ། ཕཊ་དྲག་པོ་འགའ་ཞིག་བརྗོད། དེ་འཛིན་དུ་ས་དང་གནས་ལ་རིག་པ་བཏད་ལ་བལྟས་ཞིང་། དེ་ནས་རང་དང་ཞི་བདག་ལ། རྟེན་འབྲེལ་དེ་དག་ལ་བརྟེན་ནས་ས་དེ་ཟིན་པ་དང་། ས་དེར་གཉེན་པ་དང་གྲགས་པ་ཆེན་པོ་ཡོང་པ་དང་། ས་དེར་ཉམས་ཕེལ་ཤིང་རྟོགས་པ་སྐྱེད་པ་དང་། མདོར་ན་ས་དེར་མཆོག་དང་ཐུན་མོང་གི་སི་ཏི་།།།མ་ལུས་པར་ལག་ཆངས་སུ་འབྱུང་བའི་རྟེན་འབྲེལ་ཟབ་མོ་ཡིན་ནོ། །ངས་ཀྱང་དོད་མོ་འདིའི་རྟེན་འབྲེལ་མི་ཤེས་པ་གཅིག་ཡོད་པའི། ཇོ་བོ་ཚལ་འཁྱུའི་སྐྱེད་དེར་

(༡༥)བཅོད་བྱས་པས། གཉིད་ཉམས་འོག་དུ་ཚུད་པ་གཅིག་ལ། ཡེ་ཤེས་བསད་།།།པའི་མཁའ་འགྲོ་དེ་བྱོན་ནས། དགོང་དུ་སྟན་པའི་རྟེན་འབྲེལ་དེ་རྣམས་མཛད་ཅིང་འདུག །དེར་ངས་དེ་ལྟར་དུ་མཛད་པ་ཙུག་ལགས་བྱས་པའི། དེ་ན་རེ། གཉན་ཁྲོད་ཀྱི་ས་འཛིན་པའི་རྟེན་འབྲེལ་མི་བྱེད་པར། བཅོད་བྱེད་པ་ཅི་བདོན་ཡིན་ཅེས་གསུངས། དེ་ནས་མར་ང་རང་གིས་ཀྱང་ཉམས་སུ་བླངས་པ་ཡིན། འདི་སྔར་སུ་ལ་ཡང་སྟན་པ་མེད་ཅིང་། བྱིན་བརླབས་ཀྱི་བཀའ་སོ་མ་ཡིན་ནོ། །དེས་ན་བཅོད་པའི་དུས་སུ། ས་འཛིན་གྱི་ཆོས་འདི་རྣམས་བྱས་ཏེ། ས་བཟུང་པའི་སི་ཏི་ལག་ཅངས་སུ་འབྱུང་པ་ཡིན་ནོ། །གསུམ་པ་ཕྱིང་གསང་གསུམ་རབ་ལྡན་པའི། བྱང་ཆུབ་སེམས་ཀྱི་ས་དེར་དད། །ཅེས་པ་ནི། དེ་ཡང་སྤྱིར་ཉན་ཐོས་དང་གསང་སྔགས་ལ་སོགས་པའི་ཆོས་གང་དང་གང་ལ་རང་འཇུག་པ་དང་། ཕྱི་ནང་གསང་གསུམ་གྱི་བྱང་ཆུབ་ཀྱི་སེམས་གསུམ་དང་ལྡན་དགོས། ཁྱད་པར་གཉན་ཁྲོད་ཉམས་སུ་ལེན་ཞིང་།།།ཅོད་བྱེད་པའི་གང་ཟག་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་དགོས་ཤིང་ས་དེར་སྡོད་པའི་བདུས་སུ། བྱང་ཆུབ་ཀྱི་སེམས་བསྟན་པོས་སྡོད་དགོས། དེ་ལ་ཕྱི་ཀུནྡྷ་བྱང་ཆུབ་ཀྱི་སེམས། ནང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། གསང་པ་དོན་དམ་བྱང་ཆུབ་ཀྱི་སེམས། དེ་གསུམ་སྟན་པའི་ངང་ནས་ས་དེར་སྡོད་དགོས་སོ། །དེ་ཡང་ཀུནྡྷ་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཡིན་སྟེ། ཐིག་ལེ་ཉམས་པའི་ལས་མངལ་དུ་རྩལ་པ་དང་། ཤང་པར་རྩོལ་པ་དང་། རླ་ལ་རྩོལ་བ་དང་། བསུས་པ་ལ་རྩོལ་བ་དང་། ལག་པ་ལ་རྩོལ་བ་ལ་སོགས་པའི་ཐིག་ལེ་ཉམས་པའི་ལས་ཐམས་ཅད་སྤང་། ཐིག་ལེ་འཕེལ་བའི་རྒྱུ།

(༡༦)གཏུམ་མོ་སྒོམ་པ་དང་། ཕྱག་རྒྱ་རྟེན་པ་དང་། ཟས་བཅུད་ཅན་བཟའ་པ་དང་། འོད་གསལ་སྒོམ་པ་དང་། ལ་སོགས་པའི་ཐིག་ལེ་ཕེལ་པའི་ལས་ཐམས་ཅད་བྱ། ཐིག་ལེ་བརྟན་པའི་རྒྱུ་འཁོར་བ་སྡུག་བསྔལ་གྱི་རྒྱུ་ཆགས་སྡང་ལ་བློ་ཟློག་པ་དང་། བླ་མ་ཡི་དམ་ལ་དད་དགུས་སྐྱེད་ཅིང་། བསྐྱེད་རིམས་སྒོམས་པ་ལོགས་པ་དང་། དོན་དམ་པ་སྟོང་པ་ཉིད་ཀྱི་ངང་དུ་བློ་བསྒོམ་པ་དང་། ལུས་འཕྲུལ་འཁོར་།།།དང་ལུས་ནད་ཚ་བ་ལ་སོགས་པའི་ཐིག་ལེ་བསྟན་པའི་ལས་དང་། རྒྱུ་ཐམས་ཅད་བྱའོ། །མདོར་ན་གཉན་འཁྲོད་ཀྱི་ས་དེར། ཀུནྡྷ་བྱང་ཆུབ་ཀྱི་སེམས་མ་ཉམས་པ་སྟན་པ་གལ་ཆེའོ། །དཔེར་དེ་ཉམས་ན་བར་ཆད་ཡོང་། གནས་ལུགས་ཀྱི་དོན་མི་རྟག །སློངས་ཚད་ཚར་ཚད་མི་ཡོང་། རྟོག་པ་ཁྲོ་ཞིང་ས་མི་ཟིན། བློ་སྣ་མང་ཞིང་ཡོན་ཏན་མི་སྐྱེ། བསམ་པའི་དོན་མི་འགྲུབ་པའི་དེས་ན་མ་ཉམས་པ་གལ་ཆེའོ། །ཀུནྡྷ་སྟན་ན་དེ་ལས་ཟློག་པའི་ཡོན་ཏན་ཐམས་ཅད་འབྱུང་ངོ་། །གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། སྤྱིར་སེམས་ཅན་དམ་ལ་བྱངས་སེམས་སྐྱེད་དགོས། ལྷ་འདྲེ་ཐམས་ཅད་ལ་ཡང་སྐྱེད་དགོས། གཉན་ཁྲོད་བདོན་ལ་སྐྱེད་དོ། །དེ་ཡང་བྱམས་སྙིང་རྗེ་མ་སྐྱེད་ན་ན། ཕྱེད་སྐྱེད་ནན་ཏན་ཅི་འོང་པ་ཡང་། བྱམས་སྙིང་རྗེ་ཉམས་པའི་ལས། ཞེ་སྡང་ཁོང་ཁྲོ་བསམ་ངན་དང་། བྱོར་ཙུབ་སྡུང་།།།རྡེག་གཙོག་རྡུང་རྟག །ངག་ཁྱལ་དང་ཚིག་ཙུབ་ལ་སོགས་པ་སྤོང་། བྱམས་སྙིང་རྗེ་ཕེལ་བའི་རྒྱུ། སྡུག་པ་དང་བསྔལ་བ་དང་། མ་རིག་པ་དང་། མ་རྟོགས་པ་ཆོས་མེད་པ་དང་། སྡིག་པ་སྤྱོད་པ། མི་རྟག་པར་འགྱུར་བ་ན་བ་དང་། འཆི་བ་ལ་སོགས་ལ་བསམ་མོ། །

(༡༧)བྱམས་དང་སྙིང་རྗེ་སྟན་པའི་རྒྱུ། སངས་རྒྱས་ཐུགས་རྗེ་ལ་བསམ་མོ། །བྱང་ཆུབ་སེམས་དཔའི་མཛད་བཅོད་ལ་རྟག །སྟོང་ཉིད་ཀྱི་བདོན་ལ་ལྟ། མདོར་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཉམས་པའི་ལས་སྤང་། འཕེལ་པའི་ཐབས་བྱ། བསྟན་པའི་རྒྱུ་ལ་འབད་དོ། །གསུམ་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི། བྱང་སེམས་བསྒོམ་འཁན་གྱི་བདག །སྒོམ་པའི་ཡུལ། སྒོམ་རྒྱུའི་བྱང་སེམས་རང་དང་གསུམ་མོ། །རང་སེམས་ཀྱི་ངོ་བོ་དབྱེར་མེད། ཡུམ་གྱི་ངང་དུ་གནས་ཚད་བཞག་གོ །མདོར་ན་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གསུམ་པོ་དེ་ལ་གནས་ཤིང་བསྟན་པའི་ངང་ནས། གདན་དེའི་ཐོག་ཏུ་ཡུན་རིངས་པ་གཅིག་སྡོད། དེ་ལྟར་བྱང་ཆུབ་ཀྱི་སེམས་གསུམ་བརྒྱུད་ལ་མི་སྟན་ན། ས་དེར་མི་སྡོད་དོ། །དད་ཀྱང་བདོན་མི་གནས་ཤིང་ཡོན་ཏན་མི་སྐྱེ། ལྷ་འདྲེའི་འགྲོ་བདོན་མི་འགྲུབ། རང་གི་ཉམས་རྟོགས་མི་རྟོགས། མཆོག་དང་ཐུང་མོང་མི་འགྲུབ་པས། བྱང་ཆུབ་ཀྱི་སེམས་སུ་གནས་ཤིང་བསྟན་པ་གལ་ཆེའོ། །ངས་ཀྱང་སྡོད་མོ་བྱམས་དང་སྙིང་རྗེ་མེད་པར་ཞེ་སྡང་ང་རྒྱལ་གྱིས་སྤྲས་བཅས་རེ་བྱས་ཤིང་ཉལ་སྡད་པའི། ས་དེར་ཕུག་པ་རེ་ཡན་མིག་ཚུགས་ལྷ་འདྲེ་དང་། རྫུན་།།།གྱི་ཆོད་ཚད་ཚར་ཚད་སྟོངས། མདོར་ན་རང་མེད་པའི་སྟེངས་ལ་ཆོས་རྒྱད་ཁྱེང་དྲེགས་ཆེ་རུ་འགྲོ་ཡིན་འདུག །ངས་སྐྱོན་འདི་རྗེས་སུ་ཟིན་ནས། བཅོད་དེར་སྡོད་པའི་བདུས་ན། ཡུན་རིང་པོ་རེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་མ་ཉམས་པའི་ཐབས་བྱས། འཕེལ་བའི་རྒྱུ་ལ་འབད། བརྟན་པའི་གནད་ནས་བཟུང་སྟེ། ས་དེར་ཅོད་

(༡༨)བྱས་པའི། ཡོན་ཏན་གང་འདོད་པ་བཞིན་ཐོགས་པ་མེད་པར་འབྱུང་ཞིང་འདུག་གོ །དེས་ན་ཡང་གདམ་ངག་གི་བཀའ་སོ་མ་ཡིན་པས། བཅོད་པ་དེར་སྡོད་པའི་བདུས་སུ་བྱང་ཆུབ་ཀྱི་སེམས་ལ་གནད་དུ་།།།སྡད་པའི། སིཏི་ལག་ཆངས་སུ་འབྱུང་ངོ་། །དེའི་སྤྱི་དོན་དང་པོ་ས་འཛིན་གྱི་ཆོས་གསུམ་གྱི་གཉན་ཁྲོད་ཀྱི་ས་བཟུང་པ་བྱ་བ་དེ་སོང་ཚར་རོ། །དོན་གསུམ་གཉིས་པ་བར་དུ་ཉམས་ལེན་གྱི་ཆོས་གསུམ་སྐྱང་པ་བྱ་བ་དེ་སྟོན་པར་བྱེད་དོ། །དེ་ལ་དང་པོ་ས་འཛིན་གྱི་ཆོས་གསུམ་གྱི་ས་ཟུངས་ནས། དེ་ནས་ཉམས་ལེན་གྱི་ཆོས་གསུམ་གྱི་རྒྱུན་རྐྱང་པ་ནི། སྐྱབས་སུ་འགྲོ་བ་སེམས་སྐྱེད་པ། གསོལ་བ་བཏབ་པ་གསུམ་ཡིན་སྟེ། ཉམས་ལེན་སི་ཏི་ལག་ཆངས་ལས། རྒྱུན་དུ་བྱ་བ་རྣམས་ནི། བདུད་ཀུན་སློང་།།།མ་སློངས། གསུམ་ལ་སྐྱབས་འགྲོ་ཡང་བདག་བྱས། འགྲོ་།།།གྲུབ་གྲུབ་།།།མ་གྲུབ་།།། སྨོན་འཇུག་སེམས་བསྐྱེད་ལེགས་པར་བཏང་། བྱིན་བརླབས་ཞུགས་།།།མ་ཞུགས།།། རྗེ་ལ་རྡང་པའི་གསོལ་བ་འདེབས། དེ་ལྟར་ཉམས་སུ་སླངས་པ་ན། སིཏི་ཐམས་ཅད་ལག་ཆངས་ཡིན། ཅེས་གསུངས་པའི། དགེ་བྱོར་།།།འཇུག་པའི་བདུས་སུ། ཐོག་མར་བདུད་ཀུན་སློངས་།།།མ་སློངས།།། རང་ཅག་ལ་རེ་ས་ལྟོས་ས། དཀོན་མཆོག་རིན་པོ་ཆེ་རྣམས་པ་གསུམ་ལས་མེད་པའི། སྐྱབས་སུ་འགྲོ་བ་དེ། དེ་ལ་ཕྱི་ནང་གསང་གསུམ་གྱི་དཀོན་མཆོག་ལ། ཕྱིང་གསང་གསུམ་གྱི་སྐྱབས་འགྲོ་བྱེད་པ་ཡིན་སྟེ། དེ་ཡང་ཕྱི་ལྟར་དུ། སངས་རྒྱས་རྡོ་རྗེ་མ་ཐུབ་བ་ཆེན་པོ་ལ་སོགས་པ་ཀུན།

(༡༩)ཡིན། ཆོས་ནི་ཐེག་པ་ཆེན་པོའམ། ཆུང་པ་ལ་སོགས་པ་དམ་པའི་ཆོས་རྣམས་ཡིན། དགེ་འདུན་ནི་བྱང་ཆུབ་སེམས་དཔའ་འམ། འཕགས་པ་ཉན་ཐོས་།།།སོ་སོ་སྐྱེས་པོའི་དགེ་འདུན་རྣམས་ཡིན་ནོ། །ཡང་ནང་ལྟར་དུ་སངས་རྒྱས་གཟན་ན་མེད་དེ། མཚན་ལྡན་གྱི་བླ་མ། ཆོས་གཟན་ན་མེད་དེ་ཉམས་སུ་སླང་རྒྱུ་ཡི་དམ་གྱི་ལྷ་ཡིན། དགེ་འདུན་ནི་དཔའ་འོ་དང་མཁའ་འགྲོ་མ་ཡིན། གསང་པ་ལྟར་དུ་སངས་རྒྱས་ཟུར་ན་མེད་དེ། རང་སེམས་སྟོང་པ་ཡིན་ནོ། །ཆོས་ཟུར་ན་མེད་དེ། རང་སེམས་རིག་པ་ཡིན། དགེ་འདུན་ཟུར་ན་མེད་དེ། རང་སེམས་སྣང་བ་ཡིན་ནོ། །དེ་ལྟར་ཕྱིང་བསང་གསུམ་གྱི་དཀོན་མཆོག་ཀུན་ཤེས་པར་བྱས་སྟེ། དེ་རྣམས་ལ་དད་པ་དང་དགུས་པ་སྐྱེད་ནས། རང་དང་གཉན་ཁྲོད་ཀྱི་།།།གཙོ་བྱས། སེམས་ཅན་དམ་གྱི་ལུས་ངག་ཡིད་གསུམ་ཙེ་གཅིག་ཏུ་བྱས་ལ། མཐོར་སྟོང་ངམ་དམར་སྟོང་སྐྱིད་རུང་སྡུག་རུང་དཀོན་མཆོག་རང་མཁྱེན་ནོ་མཉམ་པའི་ངང་ནས། ངག་ཏུ་བདག་སོང་ཞི་དག་སེམས་ཅན་ཀུན། སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ། ཅེས་པ་དུས་ཚིགས་མ་བཟུང་བའི་སྐྱབས་འགྲོ་དེ། རྒྱའམ་སྟོང་ལོགས་པ་ནུས་ཚད་བྱའོ། །དེ་ལ་ཡོན་ཏན་ཆེན་པོ་ཡོད། ངས་ཀྱང་དང་པོ་བླ་མ་འགིག་ན་རེ། བཅོད་ཀྱི་དུས་སུ་སྐྱབས་འགྲོ་མི་བྱེད་པ་ཡིན་ཟེར། དེ་ཇི་ལྟར་ཡིན་བྱས་པའི་སྐྱབས་འགྲོ་བྱས་ན་དཀོན་མཆོག་གི་བྱིན་བརླབས་སྐྱབས་ནས་སློངས་ཡོང་མི་ནུས་ཟེར་ནས། ངས་ཀྱང་གྲོང་ཕོན་གྱི་བྲག་ཕུག་དེར། སྐྱབས་འགྲོ་མ་བྱས་པར་སྡད་པའི་སློང་ཅི་ཡང་

(༢༠)ཡོང་དུ་མ་ཉན། དེར་ནུབ་གཅིག་བླ་མ་དཀོན་མཆོག་ལ་དད་དགུས་སྐྱེད་ནས་སྐྱབས་འགྲོ་བྱས་པའི། དེའི་ཕྱི་ནུབ་སློངས་ལ་དཔག་དུ་མེད་པ་གཅིག་བྱུང་ཞིང་། དེ་རྣམས་རན་སར་ཆོད་ནས་སོང་། དེ་ནས་ངའི་ཙ་རུ་བུད་མེད་གཅིག་བྱུང་བ་ལ་སྐྱབས་འགྲོ་མ་བྱས་ཙ་ན་དངོས་སློངས་མི་ཡོང་། བྱས་པ་དང་དེ་ཙམ་སློངས་ཡོང་པ་ཅི་ཡིན་བྱས་པའི། དེ་ན་རེ། ཆོས་ནུས་པ་དང་། དགེ་སྦྱོར་ནུས་པ་དང་། སྐྱབས་འགྲོ་ནུས་པ་དེ་ལ་བདུད་ཀྱི་མ་ཟོད་པར་སློངས་ཡོང་པ་ཡིན་མོད། སྐྱབས་འགྲོ་མ་ནུས་པའི་གང་ཟག་ལ། བདུད་ཀྱི་མ་ཟོད་པའི་གནས་དགར་ཡོང་། ཅེས་གསུངས། དེ་ནས་དཀོན་མཆོག་ལ་རང་གང་འདོད་པའི་གསོལ་བ་བཏབ་པས་གྲུབ་པ་རྟགས་ཅན་ཡིན་ནོ། །ངས་ནི་དེ་ནས་མར་མ་སློངས་ཙ་ན་ཡང་སྐྱབས་འགྲོ་ཀ་བྱས། མཆོད་ཙ་ན་ཡང་སྐྱབས་འགྲོ་ཀ་བྱས་སོ། །ཡོན་ཏན་ཐམས་ཅད་འདོད་པ་བཞིན་བྱུང་ངོ་། །དེ་ན་གཉན་ཁྲོད་འགྲིམས་པའི་གང་ཟག་ཀུན། དཀོན་མཆོག་ལ་ཅི་ཤེས་ཀྱི་ངང་ནས། ལྟོས་པ་སྐྱུར་སྟེ་སྐྱབས་འགྲོ་ནུས་ན། སིཏི་ཐམས་ཅད་ལག་ཆངས་སུ་སོང་པའི་སྐྱབས་འགྲོ་བྱེད་པ་གལ་ཆེའོ། །དེའི་རྗེས་སུ་སེམས་སུ་སྐྱེད་བཏང་དགོས་ཏེ། དེ་ཡང་དོན་ཀུན་།།།མ་གྲུབ་།།། སྨོན་འཇུག་སེམས་སྐྱེང་ཡང་ཡང་སྟང་། ཅེས་པས། དཀོན་མཆོག་ལ་བློ་ལེགས་པར་བསྐལ་པའི་ངང་ནས། གཉན་འཁྲོད་ཀྱི་གདོན་གྱི་ཙོ་བྱས་པའི་སེམས་ཅན་དམ་

(༢༡)ཀྱི་སངས་རྒྱས་མྱུར་དུ་ཐོནབ་པར་བྱ། དེའི་ཕྱེད་དུ་བདག་གི་ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་སྐལ་ཞིང་། དགེ་བའི་ལས་ཀུན་སྒྲུབ་པར་བྱའོ། །སྙམས་པའི་ངང་ནས་སེམས་ཅན་བློ་ཡུལ་དུ་གཞག་ནས། བསམ་པ་རྩེ་གཅིག་པས་ངག་ཏུ། གཉན་པའི་ཞི་དག་འདི་ཡི་གཙོ་བྱས་སེམས་ཅན་བདེ་བ་དང་བདེ་བའི་རྒྱུ་ཐ་དག་དང་ལྡན་པར་བྱ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐ་དག་དང་བྲལ་བར་བྱ། བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱའོ། །དེའི་ཕྱེད་དུ་བདག་གིས་ལུས་ངག་ཡིད་གསུམ་དགེ་བའི་ལས་མཐག་ལས་སྐོལ་པར་གྱིའོ། །དགེ་བའི་ལས་ཐ་དག་ལས་སྒྲུབ་པར་བགྱིའོ། །ཞེས་བ་བློ་དང་ངེས་པའི་ལན་མང་དུ་བྱས་ཞེས། བསམ་པ་རྩེ་གཅིག་པས་བྱའོ། དེ་ལ་ཕན་ཡོན་ཆེན་པོ་ཡོད་དོ། །ངས་ཀྱང་སྡོད་མོ་གཉན་ཕྲོད་ཏུ་ཕྱིན་ནས། སེམས་བསྐྱེད་ཙམ་མ་ཏང་པར་དེ་ནས་སློངས་གཅིག་བྱུང་ན་ཡོང་ཏེ། ཅི་འདྲ་བ་ཡོང་ངམ་སྙམས་ཞིང་ཉལ་སྡད་པའི་རྟིང་ནས་བྱས་ཚད་དོན་ལུས་ངག་ཡིད་གསུམ་གྱིས་དགེ་སྦྱོར་བྱས་ཚད་དོན་མེད་ཏུ་སོང་འདུག །ཁྱད་པར་བཞི་དག་དེ་ལ་ངས་ཕན་བརྟགས་པར། སྡུག་པ་ཁོ་ལ་རྡུག་བཙུབ་དེ་དངོས་སློང་གིན་བཞག་གཅིག་དུག །དེ་ན་ཆོས་འདི་རང་རྒྱུད་རེ་མ་སྦྱོན་ཙ་ན། བཤད་པ་ཚིག་བྲིས་ཡི་གེ་གོ་བ་ཁ་སྟམ་དུ་སོང་ནས། དེའི་རྒྱུད་ལ་ཕན་པར་མི་ཡོང་པར་བརྡའ། ངས་པ་འོས་རིགས་སུ་བཅོད་གཅིག་བྱས་ནས། དེ་ནས་མར་སེམས་བསྐྱེད་ཀྱི་གནས་འདིར་བྱུང་ན། དེ་མན་ཆད་ལུས་ངག་ཡིད་གསུམ་གྱི་མཛད་ཅོད་ཐམས་ཅད་གང་བྱེད་ཐམས་ཅད་སེམས་ཅན་

(༢༢)དོན་ཏུ་དམིགས་ཞིང་བྱས་པའི། རི་ལ་ཕྱིན་པའི་མཛད་བཅོད་གང་བྱས་ཐམས་ཅད་ལྷ་འདྲེའི་འགྲོ་བདོན་དུ་འགྲོ་བ་གཅིག་བྱུང་ངོ་། །དེ་ནས་གཉན་ཕྲོད་འགྲིམས་པའི་གང་ཟག་ཀུན། ལྷ་འདྲེའི་བཙོད་བྱས་སེམས་ཅན་གྱི་དོན་དུ་དགེའི་ལས་ལ་ཞུག་ནས། ཡོན་ཏན་འགྲོ་།།།དོན་བགྱིས། སིཏི་ཐམས་ཅད་ལག་ཆངས་སུ་ཡོད་དོ། །དེས་ན་སེམས་བསྐྱེད་པ་འདི་གལ་ཆེའོ། །དེ་ལྟར་སེམས་བསྐྱེད་པ་སོང་པ་དང་། བླ་མ་ལ་གསོལ་པ་འདེབས་པ་གལ་ཆེན་པོ་གསོལ་བ་འདེབས་དགོས་སོ། །དེ་ཡང་བཞི་དག་འདི་ཡི་གཙོ་བྱས་སེམས་ཅན་དམ་ལ། བླ་མའི་བྱིན་རླབས་འཇུག་པར་བྱས་ལ། ཅིས་ཀྱང་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་ཕང་ཐོབ་པར་བྱ། དེའི་ཕྱེད་དུ་བདག་གིས་བླ་མ་ལ་གསོལ་བ་བཏབ་སྙམས་པ་བྱས་ལ། དེ་ནས་ངོ་བོ་བླ་མ་ལ་རྣམས་པ་ཇོ་མོར་སྐྱེད་བྱེད། མདུན་ནམ་།།།དུ་སྤྱན་དྲངས་ལ་དེ་ལ་མོས་ཐུས་སྡུམ་པ་གཅིག་བྱས་པས། བླ་མ་རྒྱུད་པ་དང་བཅས་པ་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ལོགས་པ་ཐམས་ཅད་སྤྱན་དྲངས་སྟེ། བླ་མ་ལ་སྟིམས་ཏེ། བླ་མ་སྐུ་དཀྲག་དང་ཟི་འདངས་སུ་ལྡན་པ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་མངའ་དག །ཡོན་ཏན་ཐམས་ཅད་ཀྱི་མངའ་བཏེར་མཛོད་གཏའ་ཕྲིན་ལས་ཐམས་ཅད་ཀྱི་འབྱུང་གནས། སྣང་སྲིད་ཐམས་ཅད་དབང་དུ་འདུས་ཅིང་། བདུད་མཆོག་ཐམས་ཅད་ཟིལ་གྱི་གནོན་པ། མཐོང་ཐོས་དྲན་རེག་འབྲེལ་མཚད་དོན་དང་ལྡན་པའི་བླ་མར་སྒོམ་ལ། དེ་ལ་ཕྱག་འཚལ་ཡན་ལག་བདུན་པ་མཎྜལ་ལ་སོགས་པ་སྡུས་པ་གཅིག་ཕུལ་ལ། ཅི་ཤེས་སུ་བློ་བཀལ་

(༢༣)ལྟོས་པ་སྐྱུར་སྟེ། ཆ་གཅིག་གི་བརྒྱུད་འདེབས་བྱམས།  དགོངས་སྐྱོད་མའམ། སྤྱན་འདྲེན་ལ་སོགས་ next hit་གསོལ་འདེབས་སྤྲག་ལ་འཇུར་པར་བྱའོ། །དེ་ཡང་རང་རེ་གསོལ་བ་འདེབས་པ་ཞིན་དུ་ཞི་དག་གིས་གཙོ་བྱས་སེམས་ཅན་དམ་འདེབས་པར་བསམ་ལ། ངག་དུ། གཉན་ས་རི་ཁྲོད་འགྲིམས་པར་བྱིན་གྱིས་རློབས། དེ་འཛིན་དུ་བདག་འཛིན་བློ་ཡི་ཐོང་སར་བྱིན་གྱིས་བརློབས། བདུད་མཆོག་རང་སར་ཆོད༴ དགོས་མེད་རྒྱུད་ལ་སྐྱེ༴ ལྷ་འདྲེ་དབང་དུ་འདུས༴ ལྷ་འདྲེའི་འགྲོ་།།།ནུས་པར། ཅེས་པ་ལ་སོགས་པ་གསོལ་བ་བཏབ་པའི། བླ་མའི་ཞལ་ནས། ཁྱོད་ཀྱི་མཆོག་མཆོད་པ་དེ་ལེགས་ཏེ། འདོད་པའི་དོན་ཐམས་ཅད་འགྲུབ་བར་བྱས་ཡོད་དོ། །ཨང་ཅེས་གསུང་པར་བསམ་ལ། བླ་མ་རང་ལ་དབྱེར་མེད་དུ་སྟིམས་མོ། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐམས་ཅད་རྒྱུད་ལ་བཞུགས་པར་བསམ་མོ། །འདི་ལ་ཡོན་ཏན་ཆེན་པོ་ཡོད་དེ། ངས་ཀྱང་གཉན་ཁྲོད་དུ་གསོལ་བ་མགོ་གས་པ་ལྟ་བུ། བླ་མ་ལ་དད་དགུས་ཕུན་སུམ་ཚོགས་པའི་ངང་ནས་བཏབ་པས། རང་འདོད་པའི་བྱིན་བརླབས་མང་པོ་རྒྱུད་ལ་ཞུགས་སོ། །དེས་ན་གཉན་ཁྲོད་འགྲིམས་པའི་གང་ཟག་ཀུན། བླ་མ་ལ་མུས་ཐོས་།།།གཅིག་རང་ཡོད་ན། བཅོད་ལ་དེ་བས་བཟབ་པ་མེད་དོ། །མོས་ཐུས་།།།དང་གསོལ་འདེབས་ལ་ཅོད་ཀྱི་དངོས་གཞི་རང་བགྱིས་གཅིག །དེའི་སྒོ་ནས་ཉམས་ལེན་གྱི་ཆོས་གསུམ་གྱི་རྒྱུན་རྐྱང་པ་ཅེས་པ་དེ་སོང་ཚར་རོ། །དོན་གསུམ་པ་མཐར་སྤྲོས་མེད་ཀྱི་ཆོས་གསུམ་གྱི་མཐའ་ཟུང་ནས་སྟོན། དེ་ལ་དང་པོ་ས་འཛིན་གྱི་ཆོས་གསུམ་གྱིས་ས་

(༢༤)བཟུང་། བར་དུ་ཉམས་ལེན་གྱི་ཆོས་གསུམ་གྱིས་རྒྱུན་སྐྱང་ཏེ། དེ་ནས་མཐར་སྤྲོས་མེད་ཀྱི་ཆོས་གསུམ་ཉམས་སུ་ལེན་པ་ལ། གཉན་ཁྲོད་དེར་སྤྲོས་བྱས་ཀྱི་བཅོད་པ་བྱས། སྤྲོས་མེད་ཀྱི་སྤྱོད་པ་བྱ་བ། ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པ་བྱ་བ། ཅེས་པ་གསུམ་དུ་ཡོད་པ་ཡིན་ཏེ། དེ་ཡང་ང་ན་རེ། ཉམས་ལེན་སིཏི་ལག་ཆངས་ལས། །མཐར་སྤྲོས་བྱེད་སྤྲོས་པའི་ཆོས་གསུམ་ནི། །སྤྲོས་བྱས་དམ་ཆོས་བྱེད་རྩ་ན། །མི་མཐུན་རྐྱེན་རྣམས་བླང་བྱའི་ཕྱིར། །རང་རིག་འཇིགས་པའི་ལྷ་རུ་སྤྲོས། །རང་སྣང་སྐྲག་པའི་འདྲེ་རུ་སྤྲོས། །རིག་པའི་སྣང་བ་ཟིལ་གྱིས་གནན། །སྤྲོས་བྱས་ཆོས་སུ་འདོད་པ་ཡིན། །སྤྲོས་མེད་དམ་ཆོས་བྱེད་ཙ་ན། །འདྲེ་བདུད་ཐུགས་རྗེའི་བཟུང་བྱའི་ཕྱིར། །རང་རིག་བྱམས་དང་སྙིང་རྗེ་སྒོམ། །རང་སྣང་འདྲེ་བདུད་མ་རུ་སྒོམ། །ཚིམས་ཞིང་འགུ་བྱའི་སྦྱིན་སྟོང་བྱ། །སྤྲོས་མེད་ཆོས་སུ་འདོད་པ་ཡིན། །ཤིན་ཏུ་སྤྲོས་མེད་བྱེད་ཙ་ན། །འཁོར་གསུམ་དམིགས་མེད་སྒོམ་པའི་ཕྱིར། །སྟོང་འཁན་བཏང་རྒྱུ་བཏང་པ་གསུམ། །འཛིན་མེད་ཞེན་མེད་སྤྲོས་མེད་པར། །དམིགས་མེད་ཡུམ་གྱི་ངང་དུ་བཞག །དེ་ཉིད་ཉམས་སུ་བླངས་པ་ན། །སིཏི་ཐམས་ཅད་ལག་ཆངས་ཡིན། །ཅེས་གསུངས་པའི། རང་གི་སྟན་གཡོ་སྟན་པར་བྱ་བའི་ཕྱིར། སྤྲོས་བྱས་ཀྱི་སྤྲོས་པའི་འདྲེ་བདུད་དབང་མེད་དུ་བླང་སྟེ། དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པ་དགོང་དུ་བསྟན་པ་ཤིན་དུ་ཚར་

(༢༥)བྱའོ། །སྤྱིར་རང་དགོང་དུ་ཉམས་ལེན་དངོས་གྲུབ་ལག་ཆངས་སུ་སྟན་པ་ཞིན། རབ་དྲན་མེད་འབྲིང་དེ་ལ་བཏད་པ་སོགས་ཐ་མ་ཙད་བཅད་པ། བྱ་བ་གསུམ་པོ་དེ། བགེགས་སེལ་བོགས་འདོན་ལ་སོགས་པ་དེ་ཐམས་ཅད་ཤིན་ཏུ་ཟབ་མོ་ཡོད་ཀྱི། འདི་ཡང་དེར་བཞག་དུ་མི་བཏུབ་ཅིང་། ཉམས་སུ་བླང་དུ་ཡེ་མ་ཉན་པ་ཀུན་བྱུང་ན་བགེགས་བསེལ་གྱི་གདམ་པ། གནད་ཀྱི་ལྡེ་མིག །ཉམས་སུ་བླངས་པའི་ཚད་མ་འདིས་སེལ་བར་བྱེད་པ་ལགས་སོ། །དེའི་བགེགས་སེལ་གནད་ཀྱི་ལྡེ་མིག་ཅེས་པ་དེ་རྫོགས་ཚར་རོ། །བཀྲ་ཤིས། དགེའོ། །

(༢༡)ཀྱི་སངས་རྒྱས་མྱུར་དུ་ཐོབ་བར་བྱ། དེའི་ཕྱེད་དུ་བདག་གི་ལུས་ངག་ཡིག་གསུམ་དགེ་བའི་ལས་ལ་སྐལ་ཞིང་། དགེ་བའི་ལས་ཀུན་སྒྲུབ་བར་བྱའོ། །སྙམས་པའི་ངང་ནས་སེམས་ཅན་བློ་ཡུན་དུ་གཞག་ནས། བསམ་པ་ཙམ་གཅིག་པས་ངག་དུ། གཉན་པའི་ཞི་དག་འདི་ཡི་གཙོ་བྱས་སེམས་ཅན་དམ་བདེ་བ་དང་བདེ་བའི་རྒྱུ་ཐ་དག་དང་ལྡན་པར་བྱ། སྡུག་བསྔལ་དང་སྔག་བསྔལ་ཀྱི་རྒྱུ་ཐ་དག་དང་བྲལ་བར་བྱ། བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་ཀྱང་། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་བྱའོ། དེའི་ཕྱེད་དུ་བདག་གིས་ལུས་ངག་ཡིད་གསུམ་དགེ་བའི་ལས་མཐག་ལས་སྐོས་པར་གྱིའོ། དགེ་བའི་ལས་ཐ་དག་ལས་སྒྲུབ་པར་བགྱིའོ། ཞེས་བ་བློ་དང་ངེས་པའི་ལན་མང་དུ་བྱས་ཞེས། བསམ་པ་རྩེ་གཅིག་བས་བྱའོ། དེ་ལ་ཕན་གནོད་ཆེན་པོ་ཡོད་དོ། །ངས་ཀྱང་སྡོད་མོ་གཉན་དུ་ཕྱིན་པ། སེམས་སྐྱེད་ཙམ་མ་ཏང་པར་དེ་ནས་སློངས་གཅིག་བྱུང་ན་ཡོང་ཏེ། ཅི་འདྲ་བ་ཡོང་ངམ་སྙམས་ཞིང་ཉལ་སྡད་པའི་རྟིང་ནས་བྱས་ཚ་ན་ལུས་ངག་ཡིད་གསུམ་གྱིས་དགེ་སྦྱོར་བྱས་ཚད་དོན་མེད་དུ་སོང་འདུག །ཁྱད་པར་བཞི་དག་དེ་ལ་ངས་ཕན་བརྟགས་པར། སྡུག་པ་ཁོ་ལ་རྡུག་བཙུབ་རེ་དངོས་སློང་གིན་བཞག་འདུག །དེ་ན་ཆོས་འདི་རང་རྒྱུད་རེ་མ་སྦྱོན་ཙ་ན། བཤད་པ་ཚིག་བྲིས་ཡིག་གེ་གོ་བ་ཁ་སྟམ་དུ་སོང་ནས། དེའི་རྒྱུད་ལ་ཕན་པར་མི་ཡོང་བར་བརྡའ། ངས་པ་འོས་རིངས་སུ་བཅོད་གཅིག་བྱས་ནས། དེ་ནས་མར་སེམས་སྐྱེད་ཀྱི་གནས་འདིར་བྱུང་ན། དེ་མན་ཆད་ལུས་ངག་ཡིད་གསུམ་གྱི་མཛད་ཅོད་ཐམས་ཅད་གང་བྱེད་ཐམས་ཅད་སེམས་ཅན་

(༢༢)དོན་དུ་དམྱི་ཞིང་བྱས་པའི། རི་ལ་ཕྱིན་པའི་མཛད་བཅོད་གང་བྱས་ཐམས་ཅད་ལྷ་འདྲེའི་འགྲོ་དོན་དུ་འགྲོ་བ་གཅིག་བྱུང་ངོ་། དེ་ནས་གཉན་ཕྲོད་འགྲིམས་པའི་གང་ཟག་ཀུན། ལྷ་འདྲེའི་བཙོད་བྱས་སེམས་ཅན་གྱི་དོན་དུ་དགེ་བའི་ལས་ལ་ཞུགས་ནས། ཡོན་ཏན་ནམ་འགྲོ་དགོན་བགྱིས། སིཏི་ཐམས་ཅད་ལག་ཆངས་སུ་ཡོད་དོ། དེས་ན་སེམས་སྐྱེད་པ་འདི་གལ་ཆེའོ། དེ་ལྟར་སེམས་སྐྱེད་པ་སོང་བ་དང་། བླ་མ་ལ་གསོལ་བ་འདེབས་པ་གལ་ཆེའོ་བསོལ་བ་འདེབས་བགོས་སོ། །དེ་ཡང་བཞི་དག་འདི་ཡི་གཙོ་བྱས་སེམས་ཅན་དམ་ལ། བླ་མའི་བྱིན་རླབས་འཇུག་པར་བྱས་ལ། ཅིས་ཀྱང་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་ཕང་ཐོབ་པར་བྱ། དེའི་ཕྱེད་དུ་བདག་གིས་བླ་མ་ལ་གསོལ་བ་བཏབ་སྙམས་པ་བྱས་ལ། དེ་ནས་ངོ་བོ་བླ་མ་ལ་རྣམས་པ་ཇོ་མོར་སྐྱེད་དེ། མདུན་ནམ་།།།དུ་སྤྱན་དྲངས་ལ་དེ་ལ་མོས་གུས་སྡུམ་བ་གཅིག་བྱས་པས། བླ་མ་རྒྱུད་པ་དང་བཅས་པ་དང་། ཡི་དམ་དཔའ་བོ་མཁའ་འགྲོ་ལ་སོགས་པ་ཐམས་ཅད་སྤྱན་དྲངས་པ་སྟེ། བླ་མ་སྟིམས་ཏེ། བླ་མ་སྐུ་དཀྲག་དང་ཟི་འདངས་སུ་ལྡན་པ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་མངའ་དག །ཡོན་ཏན་ཐམས་ཅས་ཀྱི་བེར་མཛོད་།།།འཕྲིས་ཐམས་ཅད་ཀྱི་འབྱུང་གནས། སྣང་སྲིད་ཐམས་ཅད་དབང་དུ་འདུས་ཅིང་། བདུད་ཕྱོགས་ཐམས་ཅད་ཟིལ་གྱི་གནོན་པ། མཐོང་ཐོས་དྲན་རེག་འབྲེལ་མཚད་དོན་དང་ལྡན་པའི་བླ་མར་སྒོམ་ལ། དེ་ལ་ཕྱག་འཚལ་ཡན་ལག་བདུན་པ་མཎྜལ་ལ་སོགས་པ་སྡུས་པ་གཅིག་ཕུལ་ལ། ཅི་ཤེས་སུ་བློ་བཀལ་

(༢༣)ལྟོས་པ་སྐྱུ་སྟེ། མ་གཅིག་གི་བརྒྱུད་འདེབས་བྱམས། previous hit དགོངས་སྐྱོད་མ་འམ། སྤྱན་འདྲེན་ལ་སོགས་ ་བསོལ་འདེབས་སྤྲག་ལ་འཇུར་པར་བྱའོ། དེ་ཡང་རང་རེ་བསོལ་བ་འདེབས་པ་ཞིན་དུ་ཞི་དག་གིས་གཙོ་བྱས་སེམས་ཅན་དམ་འདེབས་པར་བསམ་ལ། ངག་དུ། གཉན་པ་རི་ཁྲོད་འགྲིམས་པར་བྱིན་གྱིས་རློབས། དེ་བཞིན་དུ་བདག་འཛིན་བློ་ཡི་ཐོངས་པར་བྱིན་གྱིས་རློབས། བདུད་ཚོགས་རང་སར་ཆོད་པར༴ དགོས་མེད་རྒྱུད་ལ་སྐྱེ༴ ལྷ་འདྲེ་དབང་དུ་འདུས་པར༴ ལྷ་འདྲེའི་འགྲོ་མགོན་ནུས་པར། ཅེས་པ་ལེགས་པ་གསོལ་བ་བཏབ་པའི། བལ་མའི་ཞལ་ནས། ཁྱོད་ཀྱི་འཚོགས་མཆོད་པ་དེ་ལེགས་ཏེ། འདོད་པའི་དོན་ཐམས་ཅད་འགྲུབ་པར་བྱས་ཡོད་དོ། ཨང་ཅེས་བསུང་བར་བསམ་ལ། བླ་མ་རང་ལ་དབྱེར་མེད་དུ་སྟིམས་མོ། སྐུ་གསུང་ཀྱི་བྱིན་རླབས་ཐམས་ཅད་རྒྱུད་ལ་བཞུགས་བསམ་མོ། །འདི་ལ་ཡིན་ཏན་ཆེན་པོ་ཡོད་དེ། ངས་ཀྱང་གཉན་ཁྲོད་དུ་བསོལ་བ་མོག་གས་པ་ལྟ་བུ། བླ་མ་ལ་དད་དགུས་ཕུན་སུམ་ཚོགས་པའི་ངང་ནས་བཏབ་པས། རང་འདོད་པའི་བྱིན་རླབས་མང་པོ་རྒྱུད་ལ་ཞུགས་སོ། །དེས་ན་གཉན་ཁྲོད་འགྲིམས་པའི་གང་ཟག་ཀུན། བླ་མ་མོས་གུབ་གཅིག་རང་ཡོད་ན། བཅོད་ལ་དེ་བས་བབ་པ་མེད་དོ། མོས་གུས་དང་བསོལ་འདེབས་ལ་ཅོད་ཀྱི་།།།རང་བགྱིས་གཅིག །དེའི་སྒོ་ནས་ཉམས་ལེན་ཀྱི་ཆོས་གསུམ་གྱི་རྒྱུན་རྐྱང་པ་ཅེས་པ་དེ་སོང་ཚར་རོ། དོན་གསུམ་པ་མཐར་སྤྲོས་མེད་ཀྱི་ཆོས་གསུམ་ཀྱི་མཐའ་ཟུང་ནས་སྟོན། དེ་ལ་དང་པོ་ས་འཛིན་ཀྱི་ཆོས་གསུམ་གྱིས་ས་

(༢༤)བཟུང་། བར་དུ་ཉམས་ལེན་ཀྱི་ཆོས་གསུམ་ཀྱིས་རྒྱུན་སྐྱང་ཏེ། དེ་ནས་མཐར་སྤྲོས་མེད་ཀྱི་ཆོས་གསུམ་ཉམས་སུ་ལེན་པ་ལ། གཉན་ཁྲོད་དེར་སྤྲོས་བྱས་ཀྱི་བཅོད་པ་བྱས་སྤྲོས་མེད་ཀྱི་སྤྱོད་པ་བྱ་བ། ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པ་བྱ་བ། ཅེས་པ་གསུམ་དུ་ཡོད་པ་ཡིན་ཏེ། དེ་ཡང་ང་ན་རེ། ཉམས་ལེན་སིདི་ལག་ཆངས་ལས། མཐར་སྤྲོས་བྱེད་སྤྲོས་པའི་ཆོས་གསུམ་ནི། སྤྲོས་བྱས་དམ་ཆོས་བྱེད་ཙ་ན། མི་མཐུན་རྐྱེན་རྣམས་བླང་བྱའི་ཕྱིར། རང་རིག་འཇིགས་པའི་ལྷ་རུ་སྤྲོས། རང་སྣང་སྐྲག་བའི་འདྲེ་རུ་སྤྲོས། རིག་པའི་སྣང་བ་ཟིལ་གྱིས་གནན། སྤྲོས་བྱས་ཆོས་སུ་འདོད་པ་ཡིན། སྤྲོས་མེད་དམ་ཆོས་བྱེད་ཙ་ན། འདྲེ་བདུད་།ཐུགས་རྗེའི་བཟུང་བྱའི་ཕྱིར། རང་རིག་བྱམས་དང་སྙིང་རྗེ་སྒོམ། རང་སྣང་འདྲེ་བདུད་མ་རུ་སྒོམ། ཚིམས་ཞིང་འགུ་བྱའི་སྦྱིན་སྟོང་བྱ། སྤྲོས་མེད་ཤོས་སུ་འདོད་པ་ཡིན། ཤིན་ཏུ་སྤྲོས་མེད་བྱེད་ཙ་ན། འཁོར་གསུམ་དམྱི་མེད་སྒོམ་པའི་ཕྱིར། སྟོང་འཁན་བཏང་རྒྱུ་བཏང་བ་གསུམ། འཛིན་མེད་ཞེན་གནད་སྤྲོས་མེད་པར། དམྱི་མེད་ཡུམ་ཀྱི་ངང་དུ་བཞག །དེ་ཉིད་ཉམས་སུ་བླངས་པ་ན། སིཏི་ཐམས་ཅས་ལག་ཆངས་ཡིན། ཅེས་གསུངས་པའི། རང་གི་སྟན་གཡོ་སྟན་པར་བྱ་བའི་ཕྱིར། སྤྲོས་བྱས་ཀྱི་སྤྲོས་པའི་འདྲེ་བདུད་དབང་མེད་དུ་བླང་སྟེ། དེ་ལ་སྐྱབས་འགྲོ་སེམས་སྐྱེད་ལེགས་པ་དགོང་དུ་བསྟན་པ་ཤིན་དུ་ཚར་

(༢༥)བྱའོ། སྤྱིར་རང་དགོང་དུ་ཉམས་ལེན་དངོས་གྲུབ་ལག་ཆངས་སུ་སྟན་པ་ཞིན། རབ་དྲན་མེད་འབྲིང་དེ་ལ་བཏད་པ་སོགས་ཐ་མ་ཙད་བཅད་པ།བྱ་བ་གསུམ་པོ་དེ། བགེགས་སེལ་བོགས་འདོན་ལ་སོགས་པ་དེ་ཐམས་ཅད་ཤིན་ཏུ་ཟབ་མོ་ཡོད་པ་གྱི། འདི་ཡང་དེར་བཞག་དུ་མི་བཏུབ་ཅིང་། ཉམས་སུ་བླང་དུ་ཡེ་མ་ཉན་པ་ཀུན་བྱུང་ན་བགེགས་བསེལ་ཀྱི་གདམ་པ། གནད་ཀྱི་ལྡེ་མིག །ཉམས་སུ་བླངས་པའི་ཚད་མ་འདིས་སེལ་བར་བྱེད་པ་ལགས་སོ། །དེའི་བགེགས་སེལ་གནད་ཀྱི་ལྡེ་མིག་ཅེས་པ་དེ་རྫོགས་ཚར་རོ། །བཀྲ་ཤིས། དགེའོ། །


no previousno next